ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 222 ཡོད།

ཟུར་ཆག

སྐད་ཡིག་ཟུར་ཆག་པ་སྟེ་ཟུར་ཉམས་པ།རྒྱ་ཡིག 缺省,残缺,形变,音变 དབྱིན་ཡིག to change the way something is pronounced 1.དག་ཡིག་གསར་བསྒྲིགས་ལས། སྐད་དང་ཡི་གེ་ཟུར་ཉམས་པ་སྟེ། ཟ་ཧོར་ནི་ས་ཧོ་ར་ཟུར་ཆག་པ་ལྟ་བུ། 2.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། སྐད

20160617

གླ་ཆུ།

མདོ་སྨད་ཆབ་མདོ་བརྒྱུད་ནས་འབབ་པའི་ཆུ་བོ་ཟླ་ཆུའི་མིང་གི་ཟུར་ཆགརྒྱ་ཡིག 澜沧江 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། མདོ་སྨད་ཆབ་མདོ་བརྒྱུད་ནས་འབབ་པའི་ཆུ་བོ་ཟླ་ཆུའི་མིང་གི་ཟུར་ཆག 澜沧江,拉楚昌都以南地区方言有读ཟླ如གླ者,故呼澜沧江为拉楚。

20240208

ལ་ཆ།

བྱེད་བདུད་རྩིའི་སྒྲོན་མེ་ལས། ལ་ཆ་ནི། རྒྱ་ཚོས་ཀྱི་ཁུ་བ་ཕྱུང་བའི་ཤུལ་ཏེ་ཀེང་ཤུའི་རོའོ། ། ཞེས་དང་། ཐོན་མིའི་དགོངས་རྒྱན་ལས། ལ་ཆ་ནི། རྒྱ་སྐྱེགས་ཀྱི་ཚིགས་མ་སྟེ་ལཱཀྵཱ་ཟུར་ཆག་པའོ། ། ཞེས་གསུངས་པས་སོ། །འབྱུང་ཁུངས། 《འཇམ་མགོན་ཀོང་སྤྲུལ་ཟིན་ཏིག་དང་དེའི་ཉེར་མཁོའི་ཆ་ལག་ཕྱོགས་བསྒྲིགས།(སྨད་ཆ)》 རིགས་དབྱེ། གསོ་བ་རིག་པ

20230829

རྫོང་ནང་སྡེ་བ།

ཙེ་ལུང་བར་འབོད་པའི་ས་དཀར་ཧོས་རིགས་ཡུལ་ཚོའི་ཁོངས་གཏོགས་ཀྱི་གྲོང་སྡེ་ཞིག་ཡིན། ཡུལ་ཚོ་ནས་སྤྱི་ལེ4སར་ཆགས་ཤིང་། རྫོང་ནང་ཞེས་པ་ནི་བོད་སྐད་ཡིན་ལ་རྒྱ་སྐད་དུ་སྒྲ་ཟུར་ཆག ། སྡེ་བ་འདི་སྔོན་ཆད་བོད་བདུན་སྡེ་བཞིའི་ཡ་གྱལ་ཡིན་ཟེར། སྡེ་བ་འདི་རུ་ཆུང་གཉིས་ཀྱིས་གྲུབ་ཡོད་པའི་བོད་རྒྱ་མཉམ་འདུས་སུ་ཡོད་པའི་ཞིང་ལས་གཉེར་བའི་གྲོང་སྡེ་ཞིག་ཡིན

20230428

ཅུར་ནིས།

ལེགས་སྦྱར་སྐད་ཀྱི་སྨན་ཕྱེ་མའི་མིང་སྟེ། འཕྲུལ་གྱི་ལྡེ་མིག་ལས། ཅུར་ནིས་ནི། ལེགས་སྦྱར་སྐད་ཀྱི་ཕྱེ་མའི་སྐད་དོད་དུ་ཙཱུརྞི་ཞེས་བརྗོད་པས་དེ་ཟུར་ཆག་པའོ། ། ཞེས་དང་། ཟླ་བའི་འོད་ཟེར་ལས། ཅུར་ནིས་ཏྲེས་སམ་ཞེས་པ་ནི། ། སྔ་མ་ལེགས་སྦྱར་སྐད་ཡིན་ཞིང་། ། ཕྱི་མ་ཞང་ཞུང་ཡུལ་གྱི་བརྡ། ། གཉིས་ཀ་སྨན་ཕྱེ་མའི་སྐད་དོད་ཡིན། ། ཞེས་གསུངས་པས་སོ

20230926

གན་ཇིར།

གན་ཇི་རའི་བསྡུས་མིང༌།1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། གན་ཇི་རའི་བསྡུས་མིང༌། གཉྫིརའི་ཟུར་ཆག་གཙུག་ལག་ཁང་སོགས་ཀྱི་ཐོག་སྟེང་དུ་འཛུགས་རྒྱུའི་རྒྱན་ཆའི་རིགས་ཤིག

20240115

མེ་ཉག་ཁ་རྒྱུ།

101.41.93.17དང་འཕྲེད་ཐིག36.11.04.68སྟེང་དུ་གནས་ཡོད། མཚོ་འཕགས་སྨི2240ཡོད། མེ་ཉག་ཅེས་པ་ནི་མི་ཉག་གི་སྒྲ་ཟུར་ཆག་པ་ལས་བྱུང་།མེ་ཉག་ཁ་རྒྱའམ་མེ་ཉག་ཡར་ཁ་ནི་རྒྱབ་རི་རིན་ཆེན་སྒང་གི་འདབས་སུ་ཆགས་ཤིང་། གཤོང་ཤན་ཡུལ་ཚོ་ནས་ནུབ་ཏུ་སྤྱི་ལེ20ཙམ་གྱི་མཚམས་སུ་ཡོད་པ་དང་། གོ་ལའི་གཞུང་ཐིག

20230517

གུར་གོང་མ་སྡེ་བ།

གདོང་མགོ་ཞེས་པའི་ས་དབྱིབས་སྦྲུལ་ཞིག་དང་མཚུངས་པ་དེའི་སྦྲུལ་གྱི་རྔ་མའི་སྟེང་ཆགས་ཡོད། གུར་གོང་མ་ནི་བོད་སྐད་ཡིན་ལ། རྒྱ་སྐད་དུ་ཧྲང་གོའར་ཟེར། དེ་ནི་བོད་སྐད་ཀྱི་སྒྲ་ཟུར་ཆག ། སྔོན་མའི་དུས་སུ་སྡེ་འདིའི་སྡོད་ཁང་ནི་གུར་ཡིན་པས་མིང་དེ་ལྟར་དུ་ཐོགས་ཟེར། སྡེ་བ་འདི་རུ་ཆུང་གཉིས་ཀྱིས་གྲུབ། དེར་དུད་ཁྱིམ90དང་། མི་གྲངས300ཡོད་ལ

20230428

སྤང་ཉིས་ལུང་སྡེ་བ།

འདི་ནི་ཤྭ་རྫོང་དགོན་པའི་མདུན་རིའི་ཉིན་ཕྱོགས་ཡིན། སྤང་ཉིས་ལུང་ཞེས་པ་ནི་བོད་སྐད་ཀྱི་མིང་ཡིན་ལ། ད་ལྟའི་སྲིད་འཛིན་གྱི་རྒྱ་སྐད་དུ་པང་ཡེ་ལུང་འབོད། བོད་སྐད་ཀྱི་སྒྲ་ཟུར་ཆག ། གྲོང་རྡལ་ནས་སྤྱི་ལེ10མཚམས་སུ་ཆགས་ཡོད། སྡེ་བ་འདི་ཤྭ་རྫོང་དགོན་པའི་ལྷ་སྡེ་ཡིན་ནོ། ། སྡེ་བ་འདི་རུ་ཆུང་གཉིས་ཀྱིས་གྲུབ་ཡོད་ལ་བོད་རྒྱ་མཉམ་འདུས་ཀྱི་རི་མ་ས་ཁུལ

20230505

རི་རྩ་སྡེ་བ།

ཏན་ཡུལ་ཚོའི་ནུབ་ཕྱོགས་ཀྱི་སྤྱི་ལེ6གི་མཚམས་ཀྱི་རི་རྩེ་ཕྱུག་མོའི་རི་སྐེད་དུ་ཆགས་ཡོད། རི་རྩ་ཞེས་པ་ནི་གནས་འདིའི་རི་རྩེ་ཕྱུག་མོ་ཟེར་བའི་རི་འདབས་སུ་ཡོད་པས་ན་སྒྲ་ཟུར་ཆག་སྟེ་མིང་དེ་ལྟར་ཐོགས།ཚེ་ཏན་ཡུལ་ཚོའི་ནུབ་ཕྱོགས་ཀྱི་སྤྱི་ལེ6གི་མཚམས་ཀྱི་རི་རྩེ་ཕྱུག་མོའི་རི་སྐེད་དུ་ཆགས་ཡོད། རི་རྩ་ཞེས་པ་ནི་གནས་འདིའི་རི་རྩེ་ཕྱུག་མོ་ཟེར་བའི

20230524