གྲུ་གསུམ་རྩེ་གྱེན་བསྟན་གྱི་རྩ་ཐིག་ཀོས་ཀོའི་མཚམ་བར་གཡས་གཡོན་གཉིས་ནས་བཏབ་པས། ཤངས་དང་ཞལ་གྱི་གནས་ས་ཤེས་པ་ཡིན་ནོ། ། ཐུབ་དབང་གི་དབུ་རིས། (2) མ་རྒྱུད་ལྷ་མོ་རྣམས་ཀྱི་ཞལ་ཐིག་འདེབས་ཚུལ། མ་རྒྱུད་ལྷ་མོ་རྣམས་ཀྱི་ཞལ་ཐིག་ནི། ཐོག་མར་ཚངས་ཐིག་དང་མགོ་ཐིག་བཏབ། དེ་ནས་ཚངས་ཐིག་གི་གཡས་གཡོན་གཉིས་སུ་འགྲམ་ཞེང་སོར་ལྔ་དང་སྙན་ཞེང་སོར་དོ
20151222
སྒྲོལ་མའི་སྐུའི་ཆེ་ཆུང་ལྟར་ཚངས་ཐིག་དང་འཕྲེད་ཐིག་བཏབ་སྟེ། སྐུའི་རྒྱས་བསྡུས་ལྟར་ཞལ་ཐིག་འདེབས་དགོས།སྒྲོལ་མའི་དབུ་ཐིག སྒྲོལ་མའི་དབུ་རྒྱན་བསྡུས་པ། སྒྲོལ་མའི་དབུ་རྒྱན་རྒྱས་པ། ཚངས་འཕྲེད་དཀྱུས་གསུམ་དང་ཞལ་ཐིག་གི་དཔེ་རིས། སྒྲོལ་མའི་ཐིག་རྩ།མིང་། སྒྲོལ་མའི་ཞལ་ཐིག ཁོངས་གཏོགས། རི་མོ
20190724
ཁྲོ་བོའི་རིགས་དང་དྲག་པོའི་ཞལ་ཐིག་ཕལ་མོ་ཆེ་ལ་ཕྱག་ན་རྡོ་རྗེ་ཡི་ཞལ་ཐིག་འདེབས་དགོས་ཤིང་། སྐུའི་ཆེ་ཆུང་ལྟར་ཚངས་ཐིག་དང་འཕྲེད་ཐིག དཀྱུས་ཐིག་བཏབ་སྟེ་སོར་ཚད་ལྟར་འབྲི་དགོས་པའོ༎ཁྲོ་བོའི་རིགས་དང་དྲག་པོའི་ཞལ་ཐིག་ཕལ་མོ་ཆེ་ལ་ཕྱག་ན་རྡོ་རྗེ་ཡི་ཞལ་ཐིག་འདེབས་དགོས་ཤིང་། སྐུའི་ཆེ་ཆུང་ལྟར་ཚངས་ཐིག་དང་འཕྲེད་ཐིག དཀྱུས་ཐིག་བཏབ་སྟེ་སོར་ཚད
20190724
སྐྲ་དཔངས་སོར་བཞི། སྐྲ་མཚམས་ནས་སྨིན་མཚམས་བར་སོར་བཞི། སྨིན་མཚམས་ནས་སྤྱན་གྱི་མས་ཐིག་བར་སོར་དོ། སྤྱན་ནས་ཤངས་ཐིག་བར་སོར་དོ། ཞལ་གདངས་མཆེ་གཙིགས་ལ་རྟེན་ཤངས་ཐིག་ནས་ཞལ་ཐིག་བར་སོར་བཞི། དེ་ནས་ཀོས་ཀོ་བར་སོར་བཞི་སྟེ་བསྡོམས་པས་འཕྲེད་ཐིག་བརྒྱད་དོ།། ཞལ་ཐིག་དང་ཚངས་ཐིག་འཕྲད་ས་ནས་གཡས་གཡོན་དུ་སོར་དོ་རེ་གཞལ་ཏེ། སྐྲ་མཚམས་དང་ཚངས་ཐིག་འཕྲད་ས
20190701
དེ་ནས་ཞབས་མཐིལ་དང་ཕྱག་མགོ་ལ་ཞལ་གང་རེ། ཟླ་གདན་ཞལ་གང་དང་དེའི་ཞེང་ཚད་ལ་ཞལ་དྲུག པདྨའི་ཁ་རྒྱུན་ལ་སོར་གསུམ་དང་པད་འདབས་ཞལ་གང་། དབུ་ཀོར་ནི་སྐྲ་མཚམས་ནས་ཞལ་དོ་དང་རྒྱབ་ཡོལ་ལ་ཐུགས་ཀ་ནས་ཞལ་གསུམ་དང་སོར་བཅུ། ནང་ཡོལ་ཐུགས་ཀ་ནས་སོར་བཞིའི་འོག་ཏུ་ཞལ་གསུམ་གྱི་མཚམས་ནས་སྐོར་དགོས།མིང་། སྟོན་པའི་ཞལ་ཐིག་བརྩི་ཚུལ། ཁོངས་གཏོགས། རི་མོ
20190724
རྒྱལ་ཡུམ་སྒྲོལ་མའི་ཞལ་ཐིག་ཇི་འདྲ་ཡིན་པ་དམ་པ་གོང་མའི་ཐིག་གཞུང་ལས་ཉིང་བཅུད་བསྡུས་པའི་རྩ་ཚིག་ཞིབ་པར་བཀོད་ཡོད།རྒྱལ་ཡུམ་སྒྲོལ་མ་མོ་རྒྱུད་དང་། ། དམ་པ་གོང་མའི་ཐིག་གཞུང་ལས། ། ཉིང་བཅུད་གོས་ལྷའི་ཞལ་ཐིག་ལྟར། ། གོ་བདེའི་ཚུལ་དུ་བཤད་པར་བྱ། ། མོ་རྒྱུད་ཞལ་གང་སོར་བཅུ་ཟེར། ། ཞལ་ཁྱིམ་གྱེན་ལ་སོར་བཅུ་གཉིས། ། དང་པོ་ཚངས་ཐིག་འཕྲེད་ཐིག་བཏབ
20190724
མ་རྒྱུད་ལྷ་མོ་རྣམས་ཀྱི་ཞལ་ཐིག་ནི། ཐོག་མར་ཚངས་ཐིག་དང་འགོ་ཐིག་བཏབ། དེ་ནས་ཚངས་པའི་གཡས་གཡོན་གཉིས་སུ་འགྲམ་ཞེང་སོར་ལྔ་དང་སྙན་ཞེང་སོར་དོ། བསྡོམས་པས་སོར་བཅུ་བཞི་སྟེ་གྱེན་ཐིག་ལྔའོ།། དེ་ནས་སྲིད་དུ་ནོར་འཛིན་པ་ཊ་བརྒྱན་པའི་ཐོར་ཅོག་ལ་སོར་བཅུ། སྐྲ་དཔངས་ལ་སོར་བཞི། སྐྲ་མཚམས་ནས་སྨིན་མཚམས་པར་སོར་བཞི། སྨིན་མཚམས་ནས་སྤྱན་གྱི་ཡས་ཐིག་བར་སོར
20190701
ཁྲོ་བོའི་རིགས་དང་དྲག་པོ་ལ་ཕྱག་ན་རྡོ་རྗེའི་ཞལ་ཐིག་ལྟར་འདེབས་པ་དང་། དེ་ལ་རྩ་ཚིག་ཞིབ་པར་བཀོད་ན་འདི་ལྟར་རོ༎དེ་ཡང་སྔོན་གསུང་གཞུང་ལུགས་ལས། ། གོས་ལྷ་ཆེན་པོའི་ཞལ་ཐིག་བཞིན། ། ཁྲོ་བོའི་རིགས་དང་དྲག་པོ་ལ། ། ཕྱག་ན་རྡོ་རྗེའི་ཞལ་ཐིག་འདེབས། ། དང་པོ་ཚངས་ཐིག་འཕྲེད་ཐིག་བཏབ། ། ཚངས་འཕྲེད་སྟེང་ནས་དཀྱུས་ཐིག་ནི། ། ཐུགས་ཀའི་སྟེང་ནས་གཡས་ཕྱོགས་སུ
20190724
། འགྲམ་པའི་ཐིག་དང་ཤངས་ཐིག་འཕྲད་ས་བར། ། གཡས་གཡོན་བཏབ་པས་སྤྱན་གྱི་གྲ་ཟུར་རྟོགས། ། སྨིན་མའི་ཐིག་དང་འགྲམ་ཐིག་འཕྲད་ས་ནས། ། གྲུ་གསུམ་རྩེ་གྱེན་བསྟན་པའི་རྩ་ཐིག་གི། ། ཀོས་ཀོའི་མཚམས་བར་གཡས་གཡོན་བཏབ་པས་ན། ། ཤངས་དང་ཞལ་གྱི་གནས་པ་ཤེས་པའོ། །མིང་། སངས་རྒྱས་དང་ལོངས་སྐུ། བྱང་སེམས་རྣམས་ཀྱི་ཞལ་ཐིག ཁོངས་གཏོགས། རི་མོ
20190701
ཟླ་གདན་པདྨར་ཞལ་གང་རེ། ། པདྨའི་ཁ་རྒྱུན་སོར་མོ་གསུམ། ། ན་བཟའ་འབྲི་ལུགས་གསུམ་ཡོད་པས། ། དང་པོ་ན་བཟའ་རྒྱ་གར་ལུགས། ། གཉིས་པ་བོད་ལུགས་ཞེས་སུ་གྲགས། ། རྒྱས་པ་ཆོས་གོས་རྣམ་གསུམ་གསོལ། ། བརྩོན་པ་ཆུ་བོའི་རྒྱུན་བསྟེན་ན། ། མྱུར་དུ་མཁས་པའི་གོ་འཕང་འཐོབ། །མིང་། སྟོན་པའི་ཞལ་ཐིག་འདེབས་ཚུལ་གྱི་རྩ་ཚིག ཁོངས་གཏོགས། རི་མོ
20190724