ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 50 ཡོད།

ཝེར་མ།

དགྲ་ལྷའི་ཁྲ་ཚང་འགབ་མ་ནས། ། ནམ་མཁའི་ཝེར་མ་འབྲུག་བཅིབས་གཅིག བར་སྣང་ཝེར་མ་གློག་བཅིབས་གཉིས། ། ས་གཞིའི་ཝེར་མ་གླང་བཅིབས་གསུམ། ། གངས་དཀར་ཝེར་མ་སེང་བཅིབས་བཞི། ། བྲག་དཀར་ཝེར་མ་རྒོད་བཅིབས་ལྔ། ། རྫ་ཁའི་ཝེར་མ་ཤ་བཅིབས་དྲུག སྤང་ཐང་ཝེར་མ་རྐྱང་བཅིབས་བདུན། ། ཐང་ཆེན་ཝེར་མ་འབྲོང་བཅིབས་བརྒྱད། ། ནགས་ཚལ་ཝེར་མ་སྟག་བཅིབས་དགུ། ། ཆུ་བོའི་ཝེར་མ་ཉ་བཅིབས

20181218

ཝེར་མ་གཉེན་གྱི་གཞུང་།

ཆུ་སྲིན་གྱི་ཞལ་ལ་རྒྱ་སྟག་གི་མཆེ་བ་དང་ལྡན་པ། རལ་གྲིའི་རྐང་པ་ལ་ཆུ་གྲིའི་གཤོག་པ་དང་ལྡན་པ། ཁྱུང་ཆེན་གྱི་རྭ་དབལ་ལ་ཡིད་བཞིན་ནོར་བུའི་དབུ་རྒྱན་དང་ལྡན་པ། མཚན་དུ་དབལ་ཆེན་ཝེར་མ་ཉི་ཉ་ཞེས་སུ་གྲགས་པ་དེ་ལས་ཝེར་མེའི་གཞུང་བཞི་རུ་གྲོལ་བ་སྟེ། ཝེར་མ་ལྷ་དང་བསྡེབས་པ་ལས་ལྷའི་ཝེར་མ་བདུད་འདུལ་སྲིད་པ་དང་། ཝེར་མ་གཉན་དང་བསྡེབས་པ་ལས་གཉན་གྱི་ཝེར་མ་

20190125

ཝེར་མ་བཅུ་གསུམ།

གེ་སར་རྒྱལ་པོའི་དགྲ་བླ་ཝེར་མ་བཅུ་གསུམ་སྟེ། རྩལ་ལྡན་ཁྱུང་ཆེན་དར་མ། དགྲ་བླའི་གཡུ་འབྲུག་སྔོན་པོ། འགྱིང་རོགས་གངས་སེང་དཀར་པོ། ངར་རོགས་རྒྱ་རྟག་དམར་པོ། རྒྱུག་གྲོགས་རྐྱང་ཆུང་ཁ་དཀར། ཟ་རོགས་སྤྱང་ཐང་སྔོན་པོ། འཛིན་རོགས་གླག་མོ་ཁྲ་འབར། ངར་རོགས་དོམ་བུ་སྙིང་དཀར། རྣོ་མྱུར་སྐྱ་ཁྲ་ཧོར་བ། རྭ་རྒྱས་ཤ་བ་རྒྱ་ལྡིང་། རྔམས་འཇིགས་དྲེད་མོང་སོག་དཀར

20190108

གཟུ་ཆེན་ཝེར་མའི་ལྷ་དར།

འདོ་བ་གསེར་ཉ་འཁྱུག་ཆེན། ཕྱག་གཡས་ལ་ཕྱག་ཐམ་དང་གཡོན་པས་ཁྲིམས་ཤིང་འཛིན།ཡབ་ལྡོང་གི་ཨ་བུ་ཞལ་དཀར་དང་། ཡུམ་མོན་བཟའ་དམ་ཚིག་བཟང་མོ་ལ། ལྕགས་ཕག་ནམ་ཟླ་གསལ་བའི་དུས། གཟུ་ཆེན་ཝེར་མའི་ལྷ་དར་འཁྲུངས། གྲུབ་ཆེན་ཝི་ན་པ་ཡི་རྣམ་སྤྲུལ་ཡིན། སྐུ་མཁར་ཡག་རི་གསེར་རྫོང་། འདོ་བ་གསེར་ཉ་འཁྱུག་ཆེན། ཕྱག་གཡས་ལ་ཕྱག་ཐམ་དང་གཡོན་པས་ཁྲིམས་ཤིང་འཛིན་པ

20180906

རུག་གུའི་མཚོ་སྙིང་སྟེང་གི་མཁར་ཤུལ།

ད་ལྟའི་བར་དུ་གཅིག་མཐུན་སྒོས་ངོས་འཛིན་ཞིག་མེད་ཕྱིན་རེ་ཞིག་རུག་གུའི་མཚོ་སྙིང་སྟེང་གི་མཁར་ཤུལ་ཟེར་བ་ལས་མིང་འདོགས་མ་ཕོད། འོན་ཀྱང་ཉེ་སྔོན་སྒྲུང་བ་ཁ་ཤས་ཀྱིས་གཟུ་ཆེན་ཝེར་མ་ལྷ་དར་གྱི་མཁར་ཤུལ་དུ་འདོད་ཟེར་བ་ཐོས་སོ༎གནས་ཡུལ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་། རིགས་དབྱེ། གནའ་ཤུལ

20240307

གླིང་གི་དོམ་དཀར།

འདི་ཉིད་ནི་བློ་ལུང་ཤ་བ་སེར་ཡག་གི་རི་རྒྱུད་དུ་ཡོད་ལ། མེས་པོ་དག་གི་ངག་རྒྱུན་དུ། གནས་འདི་ན་སྔོན་གླིང་དཀར་པོའི་དཔའ་རྟུལ་རྣམས་ཀྱིས་ལྷ་བསང་བཏང་ས་ཡིན་པས་དགྲ་བླའི་ཝེར་མ་བཅུ་གསུམ་རྡོ་ཡིས་རང་གྲུབ་ཏུ་ཡོད་པར་བཤད་ན་ཡང་ད་དུང་ལག་སོན་བྱུང་བ་འདི་ཙམ་མོ། །གནས་ཡུལ། མགོ་ལོག་ཁུལ་རྨ་ཆེན་རྫོང་། རིགས་དབྱེ། གླིང་གི་ཤུལ་རྟེན

20240229

གེ་སར་གར་འཆམ།

བོད་ཀྱི་དགོན་སྡེ་དུ་མས་རྫོགས་ཆེན་དགོན་པའི་གེ་སར་གར་འཆམ་ལ་དཔེ་བླངས་ནས་འཆམ་མགོ་བརྩམས། གར་འཆམ་གྱི་ནང་དོན་ལ་གླིང་རྗེ་གེ་སར་རྒྱལ་པོ་དང་གླིང་ལྷའི་སྐོར། དགྲ་ལྷ་ཝེར་མ་བཅུ་གསུམ། དཔའ་རྟུལ་གྲུབ་ཆེན་བརྒྱད་ཅུ། ཕ་ཁུ་དང་མ་སྲུ་སོགས་དང་། དེ་དག་གི་ཞལ་འབག་དང་ཆས་གོས། མཚོན་ཆ་སོགས་ཆ་ཚང་ཞིང་། འཆམ་གྱི་གར་སྟབས་སོགས་ལ་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་པ

20231108

རྨ་ཆེན་ལྷ་ཁང་གངས་ལྗོངས་དར་རྒྱས་གླིང་།

མ་དངུལ་འབོར་ཆེན་བཏང་ནས་སྔར་ལས་ལེགས་ཤིང་མཛེས་པ་ཞིག་བསྐྱར་བཞེངས་བྱས། གནས་འདིར་ཏིང་འཕགས་བསྐལ་གསུམ་གཙོ་བོར་གྱུར་པའི་གསུང་རབ་རྡོ་མཁར་དང་། རྒྱབ་རིར་དགུ་རུ་བླ་མ་ཐུབ་བསྟན་ཚེ་རིང་གིས་བཙུགས་པའི་གོ་མཚོན་ལབ་རྩེ་ཝེར་མ་རང་འཁོར་བཅས་བཞུགས།རྒྱ་ཡིག་གི་མིང་། 阿尼玛卿博物殿 བཞེངས་ལོ། སྤྱི་ལོ1976ལོ

20231205

ཡེ་དབང་མཐུ་ཡི་དགྲ་བླ།

མགོན་སྐྱོབ་དང་གྲོགས་བྱེད་པ་ཞིག་ཡིན་ནོ། །ཡེ་དབང་མཐུ་ཡི་སྒྲ་བླ་ནི་མཁས་པ་དང་ཡ་རབས་ཀྱི་རིགས་ལ་མགོན་སྐྱོབ་དང་ཁ་འཛིན་བྱེད་པའི་དྲ་མ་མཆེད་དགུ་ཡིན་ཞིང་། དེ་ལས་གཞན་པའི་ཝེར་མ་གཉན་གྱི་གཞུང་དུ་འབྱུང་བའི་དབལ་ཆེན་ཝེར་མ་བདུད་འདུལ་སྲིད་པ། གཉན་གྱི་ཝེར་མ་དགྲ་འདུལ་སྲིད་པ། ཁྱུང་གི་ཝེར་མ་ཀླུ་འདུལ་སྲིད་པ། དཔའ་ཝེར་མཆེད་གསུམ། དེ་རྣམས་ལས་གྲོལ

20191126

སྐང་པར།

ཟུར་བཞི་ཁྲོ་ཆུང་ངར་མར་གྲུབ། ། རྩེར་དགྲ་བླ་བྱ་ཁྱུང་ཚང་ཞིག་བཅས། ། དུང་ཁྱུང་དགོང་དུ་འཕར་ཙ་ན། ། དུང་གི་བྱ་བུན་ཉི་ལུ་ལུ། ། དེ་ལ་དུང་གི་དམག་མི་འབུམ། ། ཤར་ཕྱོགས་སྲུང་བའི་ཝེར་མ་ཡིན། ། མཐུན་ཆེན་མཁར་གྱི་ལྷོ་ཕྱོགས་ན། ། དགྲ་བླ་ཞེ་སྡང་མགར་ནག་གིས། ། མུན་པའི་མཁར་ཚང་དགུ་རིམ་བྱས། ། ཝེར་མའི་མགར་ཚང་དེ་ལ་བྱ། ། མཁར་གྱི་ལོགས་རེར་ཁྲོ་བོ་རེ

20191127