ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 1,299 ཡོད།

ཚད་མ།

དབྱེ་ཚུལ་གཉིས་པ། ཚད་མ་ལ་སྒྲའི་རྗོད་རིགས་ཀྱི་སྒོ་ནས་དབྱེ་ན་གསུམ་སྟེ། སྣང་བ་རང་ལས་ངེས་ཤིང་བདེན་པ་གཞན་ལས་ངེས་ཀྱི་ཚད་མ། སྤྱི་རང་ལས་ངེས་ཤིང་ཁྱད་པར་གཞན་ལས་ངེས་ཀྱི་ཚད་མ། སྣང་བ་ཉིད་ཀྱང་གཞན་ལས་ངེས་ཀྱི་ཚད་མར་སོང་བ་དང་། ཡང་ན། སྐྱེས་བུའི་ཚད་མ། ངག་ཚད་མ། ཤེས་པ་ཚད་མའོ། ། ཡང་ན། མངོན་སུམ། རྗེས་དཔག ཡིད་ཆེས་ཀྱི་ཚད་མ་སྟེ་གསུམ་མོ

20160422

ཐོག་ཚད་མ

མཐོ་དམན་ཁང་པ་ཐོག་ཚད་གཅིག་ཙམ་ལོངས་པ།རྒྱ་ཡིག 一层楼高 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། མཐོ་དམན་ཁང་པ་ཐོག་ཚད་གཅིག་ཙམ་ལོངས་པ། 一层楼高。高度约及一层楼:སྐུ་འདྲ་ཐོག་ཚད་མ། 一重楼高的佛像。མཆོད་རྟེན་ཐོག་ཚད་མ། 一重楼高的佛塔。

20240311

སྤུས་ཚད་མ་ལག་དཔང་སྒྲུབ།

ཡོངས་ནས་དང་ལེན་བྱུང་ཡོད་པ་རེད། 1994ལོ། ཀྲུང་གོས་གཅིག་མཚུངས་ངང་སྤྱོད་པར་བསྒྲགས་ལ། རྒྱལ་ཁབ་སྤུས་ཚད་ལག་རྩལ་བརྟག་བསྐུལ་ཅུས་ཀྱིས་ཁྲིམས་ལྟར་ཀྲུང་གོའི་སྤུས་ཚད་མ་ལག་ངོས་འཛིན་དཔང་སྒྲུབ་ལས་གཉེར་ལ་གཅིག་སྒྲིལ་དོ་དམ་བྱས་ཡོད།isoཚད་གཞི་ནི་རྒྱལ་སྤྱིའི་ཡོངས་སྤྱོད་ཀྱི་སྤུས་ཚད་དོ་དམ་ཚད་གཞི་ཡིན་ལ། དེའི་སྤུས་ཚད་དཔང་སྒྲུབ་གནས

20240321

ཚད་མ་བཞི།

མངོན་སུམ་ཚད་མ། རྗེས་དཔག་ཚད་མ། ལུང་ཚད་མ། དཔེ་ཉེར་འཇལ་གྱི་ཚད་མ་སྟེ་བཞི།མངོན་སུམ་ཚད་མ། རྗེས་དཔག་ཚད་མ། ལུང་ཚད་མ། དཔེ་ཉེར་འཇལ་གྱི་ཚད་མ་སྟེ་བཞི། (宗)四量:现量、比量、圣教量和譬喻量。

20180704

ཚད་མ་གཉིས།

མངོན་སུམ་ཚད་མ་དང་རྗེས་སུ་དཔག་པའི་ཚད་མ་གཉིས།མངོན་སུམ་ཚད་མ་དང་རྗེས་སུ་དཔག་པའི་ཚད་མ་གཉིས། (宗)二量:现量与比量

20180508

ཚད་མ་རིག་པ།

སོགས་ཚད་མའི་གཞུང་མང་པོ་ཡོད། ཚད་མའི་བསྟན་བཅོས་དེ་དག་བོད་དུ་བསྒྱུར་བ་ནི་ཐོག་མར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་ཀྱི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས《ཚད་མ་རྣམ་འགྲེལ》ཐོག་མར་བསྒྱུར། རྗེས་སུ་དུས་རབས་བཅུ་གཅིག་པའི་མཇུག་ཏུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས《ཚད་མ་སྡེ་བདུན》བོད་སྐད་དུ་བསྒྱུར་ཞིང༌།《ཚད་མ་རྣམ་ངེས

20180118

ཚད་མ་སྡེ་བདུན།

སྔར་རྒྱ་གར་གྱི་སློབ་དཔོན་དཔལ་ལྡན་ཆོས་གྲགས་ཀྱིས་བརྩམས་པའི་རྒྱས་པ《ཚད་མ་རྣམ་འགྲེལ》འབྲིང་བ《ཚད་མ་རྣམ་ངེས》བསྡུས་པ《ཚད་མ་རིགས་ཐིགས》ཏེ་ལུས་ལྟ་བུའི་བསྟན་བཅོས་གསུམ།《གཏན་ཚིགས་ཐིགས་པ》《འབྲེལ་པ་བརྟག་པ》《རྒྱུད་གཞན་སྒྲུབ་པ》《རྩོད་པའི་རིགས་པ》སྟེ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་བཅས་སོ། །སྔར་རྒྱ་གར་གྱི་སློབ་དཔོན

20180118

རང་འཛིན་ཚད་མ

གཟུགས་འཛིན་མིག་ཤེས་དང། སྒྲ་འཛིན་ཉན་ཤེས། དྲི་འཛིན་སྣ་ཤེས། རོ་འཛིན་ལྕེ་ཤེས་རྣམས་དང༌། གཞན་ཡང་ནམ་མཁའ་འཛིན་པའི་ཚད་མ་སོགས་ཀྱང་རང་འཛིན་ཚད་མར་འཇོག་པ་ཡིན། འདུས་བྱས་རྣམས་རང་འཛིན་ཚད་མ་དང་རྫས་གཅིག་དང༌། འདུས་མ་བྱས་རྣམས་རང་འཛིན་ཚད་མ་དང་བདག་ཉིད་གཅིག་ཏུ་ཁས་བླངས་པ་ལས་རྫས་སུ་མ་གྲུབ་པས་རྫས་གཅིག་མ་ཡིན་པ་ཁས་བླངས་པ་ཡིན

20180305

རྒྱ་བརྒྱུད་ཚད་མ

རྒྱ་བརྒྱུད་ཚད་མ་རིག་པའི་འབྱུང་ཁུངས་ནི་གནའ་བོའི་རྒྱ་གར་གྱི་ཚད་མ་རིག་པ་ཉིད་ཡིན། རིག་གཞུང་འདི་རང་རྒྱལ་དུ་དར་ནས་ལོ་ངོ་སྟོང་དང་ཉེ་བ་སོང་ལ། དུས་རབས་བདུན་པར་ལོ་ཆེན་ཧྱན་ཙང་གིས་སློབ་དཔོན་ཕྱོགས་གླང་གི་ཚད་མ་རིགས་སྒོ་དང་དམིགས་པ་བརྟག་པ་དང་། བདེ་བྱེད་བདག་པོའི་ཚད་མ་རིགས་འཇུག་སོགས་རྒྱའི་སྐད་དུ་བསྒྱུར་ནས་ཚད་མའི་འཆད་ཉན་དར་བ་དེར

20180403

ཚད་མ་ཀུན་བཏུས།

མངོན་སུམ་གྱི་ལེའུ་དང་། རང་དོན་ལེའུ་དང་། དེ་ལ་འཕྲོས་པ་སེལ་བ་བརྟག་པ་དང་། གཞན་དོན་ལེའུ་དང་། དེ་ལ་འཕྲོས་པ་དཔེ་བརྟག་པ་དང་། སུན་འབྱིན་བརྟག་པ་བཅས་ཀྱིས་སོ། ། རྒྱ་འགྲེལ། ཚད་མ་མདོའི་རང་འགྲེལ། ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད་སློབ་དཔོན་རྒྱལ་དབང་བློས་མཛད་པ། ཤློ་ཀ་སྟོང་ཕྲག་དགུ་པ་སོགས་ཡོད། བོད་འགྲེལ། ཚད་མ་མདོའི་རྣམ་བཤད་རྒྱལ་ཚབ་ཆོས་རྗེས

20160325