ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 47 ཡོད།

མེད་པ་བཞི།

རྣལ་འབྱོར་བསྒོམ་པའི་ལམ་ལས་བྱུང་བའི་མེད་པ་བཞི་ལ་གོ་བ་ཡིན།རྣལ་འབྱོར་བསྒོམ་པའི་ལམ་ལས་བྱུང་བ་སྟེ། 1.སྔ་ནས་མེད་པ། 2.ཞིག་ནས་མེད་པ། 3.གཅིག་ལ་གཅིག་མེད་པ། 4.གཏན་མེད་པའོ༎འབྱུང་ཁུངས། 《བསྟན་འགྱུར་དབུ་མ་ཀི་པ》ཤ40བ5ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20211014

ཚད་མེད་པ་བཞི

《མྱང་འདས་ཁ་པ》 དང《ཀློང་རྡོལ་གསུང་འབུམ》 《དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང》བཅས་ལས་བྱུང་བའི་ཚད་མེད་པ་བཞི་ལ་གོ་བ་ཡིན།འདི་ལ་ཁག་གསུམ་ཡོད། 1.བྱམས་པ་ཚད་མེད། 2.སྙིང་རྗེ་ཚད་མེད། 3.དགའ་བ་ཚད་མེད། 4.བཏང་སྙོམས་ཚད་མེད་པའོ༎ དེ་ཡང་ཚད་མེད་པ་བཞི་ནི་འཇིག་རྟེན་པ་དག་བུ་ཚ་དང་། གཉེན་འཁོར་ཉི་ཚེ་ལྟ་བུ

20211015

ནད་མེད་པ་བཞི

འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས་བྱུང་བའི་ནད་མེད་པ་བཞི་ལ་གོ་བ་ཡིན།འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས་བྱུང་བ་སྟེ། 1.འབྱུང་བ་ཆེན་པོ་རྣམས་ཀྱི་ཁམས་སྙོམས་པ་ཉིད་ནད་མེད་པ་ཡིན། 2.ཡང་དག་པའི་ལྟ་བར་སེམས་དྲང་པོ་ཉིད་ནད་མེད་པ་ཡིན། 3.དེ་བཞིན་གཤེགས་པའི་བསྟན་པ་ལ་དད་པ་རྙེད་ཅིང་ཕུན་སུམ་ཚོགས་པའི་བདེ་བ

20210820

གཟུགས་མེད་པ་བཞི

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་གཟུགས་མེད་པ་བཞི་ལ་གོ་བ་ཡིན།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། 1.ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི་འདུ་ཤེས་གསུམ་དང་བྲལ་བ་སྟེ། (1)སྔོན་པོ་ལ་སོགས་པ་གཟུགས་ཀྱི་འདུ་ཤེས། (2)རྩིག་པ་མཁར་ལ་སོགས་པ་སྒྲིབ་པའི་འདུ་ཤེས། (3)ཕོ་བྲང་སྐྱེད་མོས་ཚལ་རི་མཚོ

20211107

དོན་མེད་པ་བཞི

འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་རྒྱལ་པོ་གཏུམ་པོ་རབ་སྣང་ལ་གསོས་པའི་ལན་བཏབ་པ་ལས་བྱུང་བའི་དོན་མེད་པ་བཞི་ལ་གོ་བ་ཡིན།འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་རྒྱལ་པོ་གཏུམ་པོ་རབ་སྣང་ལ་གསོས་པའི་ལན་བཏབ་པ་ལས། 1.ཉིན་པར་མར་མེ་བུས་པ་དོན་མེད་དོ༎ 2.རྒྱ་མཚོར་ཆར་པ་བབ་པ་དོན་མེད་དོ༎ 3.འགྲངས་ལ་སྟོན་མོ་སྦྱིན་པ་དོན་མེད་དོ

20210823

བཟློག་པ་མེད་པ་བཞི

འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བའི་བཟློག་པ་མེད་པ་བཞི་ལ་གོ་བ་ཡིན།འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་རྒྱལ་པོ་གཏུམ་པོ་རབ་སྣང་ལ་གསོས་པས་ལན་བཏབ་པ་སྟེ། 1.རི་མོ་མཁན་ནི་ཚོན་གཏོང་མི་ཤེས་པ། 2.འཁྲུལ་འཁོར་མཁན་ནི་འབྱོར་ཀ་མི་ཤེས་པ། 3.གྱད་ཀྱི་བུ་དོར་ཐབས་མི་ཤེས་པ། 4.གསད་བྱར་གསད་པར་རྟག་ཏུ་བཟློག་པ་མེད་པའོ༎འབྱུང་ཁུངས

20211107

བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནད་མེད་པ་བཞི

འཕགས་པ་བཞི་པ་སྒྲུབ་པའི་མདོ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནད་མེད་པ་བཞི་ལ་གོ་བ་ཡིན།འཕགས་པ་བཞི་པ་སྒྲུབ་པའི་མདོ་ལས་བྱུང་བ་སྟེ། 1.ཁམས་མ་ཉམས་པས་ནད་མེད་པ། 2.ཉོན་མོངས་པའི་གདུང་བ་མེད་པས་ནད་མེད་པ། 3.སེམས་ཅན་ཐམས་ཅད་ལ་བདེ་བར་མཉམ་པར་བཞག་པས་ནད་མེད་པ། 4.ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པས་ནད་མེད་པའོ༎འབྱུང་ཁུངས

20210916

བསྲུང་བ་མེད་པ་བཞི

《བོད་རྒྱ་ཤན་སྦྱར་གྱི་ཤེས་བྱའི་རྣམ་གྲངས་ཀུན་བཏུས་ཚིག་མཛོད》དང《དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང》གཉིས་ལས་བྱུང་བའི་བསྲུང་བ་མེད་པ་བཞི་ལ་གོ་བ་ཡིན།དེ་བཞིན་གཤེགས་པའི་སྐུའི་འཕྲིན་ལས་ཀྱི་སྤྱོད་པ་ཡོངས་དག་པ་སྟེ་དེ་བཞིན་གཤེགས་པ་ལ་སྐུའི་འཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་མ་དག་པ་མེད་པའོ། །དེ་བཞིན་གཤེགས་པའི་གསུང་གི་འཕྲིན་ལས

20180710

བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་བཞི

དཀོན་བརྩེགས་འཕགས་པ་འོད་སྲུང་གི་ལེའུ་ཞེས་བྱ་བའི་མདོ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་བཞི་ལ་གོ་བ་ཡིན།དཀོན་བརྩེགས་འཕགས་པ་འོད་སྲུང་གི་ལེའུ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། 1.ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྦྱིན་པ། 2.ཚུལ་ཁྲིམས་འཆལ་པ་རྣམས་ལ་ཆེར་སྙིང་རྗེ་བ། 3.སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་སྟོན་པ

20211216

ཐམས་ཅད་མཁྱེན་པའི་སེམས་ཀྱི་སྒྲིབ་པ་མེད་པ་བཞི

འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས་བྱུང་བའི་ཐམས་ཅད་མཁྱེན་པའི་སེམས་ཀྱི་སྒྲིབ་པ་མེད་པ་བཞི་ལ་གོ་བ་ཡིན།འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས་བྱུང་བ་སྟེ། 1.དམ་པའི་ཆོས་ཡོངས་སུ་འཛིན་པ། 2.བླ་མ་རྣམས་ལ་གུས་པ། 3.བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ་ལྟར་ཕངས་པར་སེམས་པ། 4.བདུད་ཀྱི་ལས་ཁོང་དུ་ཆུད་པའོ

20210720