ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 363 ཡོད།

དབལ་གསས་མེ་འབར

འབར་བ་མེ་ཕྲེང་དྲྭ་བའི་རྒྱུད་ཀྱི་མངོན་རྟོགས་ལས་བྱུང་བའི་དབལ་གསས་མེ་འབར་ལ་གོ།འབར་བ་མེ་ཕྲེང་དྲྭ་བའི་རྒྱུད་ཀྱི་མངོན་རྟོགས་ལས། ཤར་དུ་དབལ་གསས་མེ་འབར་ནི། ཞལ་གསུམ་ཕྱག་དྲུག་མི་བཟད་བཞིན། ཕྱག་དྲུག་དང་གཉིས་དབལ་ཕུར་བསྒྲིལ། བར་མས་ལྕགས་ཀྱུ་ཤ་ཟུང་དང་། ཐ་མས་གླང་རེ་ལྕགས་སྒྲོག་བསྣམས། ཟུང་འཇུག་ལྷ་ཟ་ཡུམ་དང་འཁྲིལ། འཛབ་ནི

20230822

ཁྲོ་གསས་མེ་འབར

​འབར་བ་མེ་ཕྲེང་དྲྭ་བའི་རྒྱུད་ཀྱི་མངོན་རྟོགས་ལས་བྱུང་བའི་ཁྲོ་གསས་མེ་འབར་ལ་གོ།འབར་བ་མེ་ཕྲེང་དྲྭ་བའི་རྒྱུད་ཀྱི་མངོན་རྟོགས་ལས། ནུབ་ཏུ་ཁྲོ་གསས་མེ་འབར་ནི། ཞལ་གསུམ་ཕྱག་དྲུག་གཏུམ་པའི་མདོག། ཕྱག་དྲུག་དང་པོའི་ཡ་བདུད་མ་བདུད་གསོལ། བར་མས་ཐུན་ཟོར་ཐོག་རྒོད་འཕེན། ཐ་མས་དབལ་གྱི་ཕུར་པ་འདེབས། ཤེས་རབ་མུ་ཙ་ཡུམ་དང་འཁྲིལ

20230822

སྟག་ལ་སེང་གསས་མེ་འབར

​སྟག་ལའི་བཅུད་དྲིལ་གཏེར་རྫོང་ལས་བྱུང་བའི་སྟག་ལ་སེང་གསས་མེ་འབར་ལ་གོ།སྟག་ལའི་བཅུད་དྲིལ་གཏེར་རྫོང་ལས། སྟག་ལ་སེང་གསས་མེ་འབར། ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར་པོ། ཕྱག་གཡས་གཡུང་དྲུང་འཁོར་ལོ་བསྐོར་བ། གཡོན་པས་ཁ་ཊཾ་སྡིགས་མཛུབ་མཛད་པ། སྐུ་སྟོད་བདུད་ཀྱི་གཡང་གཞི་འཐོད་ཕྲེང་བརྒྱན་པ། སྐུ་སྨད་སྟག་ཤམ་སྦྲུལ་གྱི་སྐེད་རགས་བཅིངས་པ

20230920

སྟག་ལ་ཐོག་གསས་མེ་འབར

​སྟག་ལའི་བཅུད་དྲིལ་གཏེར་རྫོང་ལས་བྱུང་བའི་སྟག་ལ་ཐོག་གསས་མེ་འབར་ལ་གོ།སྟག་ལའི་བཅུད་དྲིལ་གཏེར་རྫོང་ལས། སྟག་ལ་ཐོག་གསས་མེ་འབར་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དཀར་པོ་གཡས་པས་མི་ནུབ་པའི་རྒྱལ་མཚན་བསྣམས་པ། གཡོན་པས་སྡིགས་མཛུབ་ཁ་ཊཾ་འཛིན་པ། སྐུ་སྟོད་ཀྱི་བདུད་ཀྱི་གཡང་གཞི་ཐོད་འཕྲེང་བརྒྱན་པ། འཛབ་ནི། བསྭོ་བསྭོ་ཨ་བྲུཾ་སྲ་བརྟེན་རཾ་བརྟེན

20230921

སྟག་ལ་རྒོད་གསས་མེ་འབར

སྟག་ལའི་བཅུད་དྲིལ་གཏེར་རྫོང་ལས་བྱུང་བའི་སྟག་ལ་རྒོད་གསས་མེ་འབར་ལ་གོ།སྟག་ལའི་བཅུད་དྲིལ་གཏེར་རྫོང་ལས། སྟག་ལ་རྒོད་གསས་མེ་འབར་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་སྔོན་པོ་གཡས་དབལ་ཕུར་འབར་བའི་འཁོར་བོ་བསྐོར་བ། གཡོན་པས་སྡིགས་མཛུབ་ཁ་ཊཾ་འཛིན་པ། སྐུ་སྟོད་བདུད་ཀྱི་གཡང་གཞི་ཐོད་འཕྲེང་བརྒྱན་པ། སྐུ་སྨད་སྟག་ཤམ་སྦྲུལ་གྱི་སྐ་རགས་བཅིངས་པ

20230921

སྟག་ལ་དབལ་གསས་མེ་འབར

​སྟག་ལའི་བཅུད་དྲིལ་གཏེར་རྫོང་ལས་བྱུང་བའི་སྟག་ལ་དབལ་གསས་མེ་འབར་ལ་གོ།སྟག་ལའི་བཅུད་དྲིལ་གཏེར་རྫོང་ལས། སྟག་ལ་དབལ་གསས་མེ་འབར་ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག་པ། གཡས་པས་རྡོ་རྗེ་འབར་བས་འཁོར་ལོ་བསྐོར་བ། གཡོན་པས་ཁ་ཊཾ་སྡིགས་མཛུབ་འཛིན་པ། སྐུ་སྟོད་བདུད་ཀྱི་གཡང་གཞི་ཐོད་འཕྲེང་བརྒྱན་པ། སྐུ་སྨད་སྟག་ཤམ་སྦྲུལ་གྱི་སྐ་རགས་བཅིངས་པ

20230922

སྟག་ལ་འབྲུག་གསས་མེ་འབར

​ སྟག་ལའི་བཅུད་དྲིལ་གཏེར་རྫོང་ལས་བྱུང་བའི་སྟག་ལ་འབྲུག་གསས་མེ་འབར་ལ་གོ།སྟག་ལའི་བཅུད་དྲིལ་གཏེར་རྫོང་ལས། སྟག་འབྲུག་གསས་མེ་འབར་ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་ཁུ། གཡས་པས་གཏུབ་པའི་འཁོར་ལོ་བསྐོར་བ། གཡོན་པས་སྡིགས་མཛུབ་ཁ་ཊཾ་འཛིན་པ། སྐུ་སྟོད་བདུད་ཀྱི་གཡང་གཞི་ཐོད་འཕྲེང་བརྒྱན་པ། སྐུ་སྨད་དཔའ་བོ་སྟག་ཤམ་སྦྲུལ་གྱི་སྐ་རགས་བཅིངས་པ

20230920

སྟག་ལ་ཁྱུང་གསས་མེ་འབར

​སྟག་ལའི་བཅུད་དྲིལ་གཏེར་རྫོང་ལས་བྱུང་བའི་སྟག་ལ་ཁྱུང་གསས་མེ་འབར་ལ་གོ།སྟག་ལའི་བཅུད་དྲིལ་གཏེར་རྫོང་ལས། སྟག་ལ་ཁྱུང་གསས་མེ་འབར་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དམར་པོ་གཡས་རལ་གྲིའི་འཁོར་ལོ་བསྐོར་བ། གཡོན་པས་སྡིགས་མཛུབ་ཁ་ཊཾ་འཛིན་པ། སྐུ་སྟོད་བདུད་ཀྱི་གཡང་གཞི་ཐོད་འཕྲེང་བརྒྱན་པ། སྐུ་སྨད་སྟག་ཤམ་སྦྲུལ་གྱི་སྐ་རགས་བཅིངས་པ

20230921

ཁྲོ་བོ་དབལ་གསས་མེ་འབར

​དབལ་ཕུར་ལས་སྦྱོར་ལས་བྱུང་བའི་ཁྲོ་བོ་དབལ་གསས་མེ་འབར་ལ་གོ།དབལ་ཕུར་ལས་སྦྱོར་ལས། ཁྲོ་བོ་དབལ་གསས་མེ་འབར་དང་༎ ཡུམ་ཆེན་ཁྲོ་མ་འོད་ཕྲོ་མ༎ ཞལ་གསུམ་ཕྱག་དྲུག་ཕུར་ནག་སྐུ༎ཞ དམར་ནག་འཇིགས་འོད་དཔུང་འཕྲོ༎ ཕྱག་དྲུག་སྲིད་པའི་ཕུར་པ་འདྲིལ༎ བརྣག་པའི་ལས་སུ་ཀླུ་བདུད་འདུལ༎ ཡབ་ཡུམ་སྤྲུལ་པའི་ཆོ་འཕྲུལ་དུ༎ མི་མོ་སྲིན་ལུས་བྱི་ལའི་མགོ

20230822

ཁྲོ་བོ་སྟག་ལ་མེ་འབར

​དབལ་ཕུར་ལས་སྦྱོར་ལས་བྱུང་བའི་ཁྲོ་བོ་སྟག་ལ་མེ་འབར་ལ་གོ།དབལ་ཕུར་ལས་སྦྱོར་ལས། ཁྲོ་བོ་སྟག་ལ་མེ་འབར་དང་༎ ཡུམ་ཆེན་ཐུགས་རྗེ་བྱམས་མའི་གཙོ༎ ཞལ་གསུམ་ཕྱག་དྲུག་ཕུར་ནག་སྐུ༎ སེར་སྐྱ་འཇིགས་པའི་འོད་དཔུང་འཕྲོ༎ ཕྱག་དྲུག་སྲིད་པའི་ཕུར་པ་འདྲིལ༎ བརྣལ་པའི་ལས་སུ་ཚང་པ་འདུལ༎ ཡབ་ཡུམ་སྤྲུལ་པའི་ཆོ་འཕྲུལ་དུ༎ མི་མོ་སྲིན་ལུས་འབྲུག་གི་མགོ

20230822