ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 44 ཡོད།

མིག་རིལ་གྲང་ཚལ།

གངས་ཅན་བོད་ཟས་ལས་དམར་ཟས་རིགས་ཤིག་ཡིན།གཡག་གི་མིག་རིལ་བཙོས་མ་རྐང10དང་། སུར་པན། ཕོ་རིལ། ཤ་སྨན། ཚྭ་བཅས་འོས་འཚམ་དགོས། སུར་པན་ཞིབ་ཞིབ་དང་། ཕོ་རིལ། ཚྭ། ཤ་སྨན་བཅས་མཉམ་བསྲེས་བཏང་ནས་སུར་པན་དམར་ལྡུར་སླ་ཙམ་བཟོ་རྒྱུ། དེ་རྗེས་གཡག་གི་མིག་རིལ་བཙོས་མ་ལྷེབ་ལྷེབ་སྲབ་པོའམ་དཀྱིལ་གཤགས་བཏང་སྟེ་སུར་པན་དང་མཉམ་དུ་མཆོད་རྒྱུ

20160115

སྒོ་ང་མིག་རིལ

གངས་ཅན་བོད་ཟས་ལས་དམར་ཟས་རིགས་ཤིག་ཡིན།ལུག་གི་མིག་རིལ་བཙོས་མ་རྐང10དང་། སྒོ་ང10 བྱེ་མ་ཀ་ར་ཁེ5 མར་ཁེ100 ཚྭ་དང་། ཕིང་རྩམ་ཆུ་སྦང་། བཙོང་བཅས་འོས་འཚམ་དགོས། སྒོ་ང་བཙོས་ཏེ་སྒོང་ཤུན་བཤུས་ནས་ཕྱེད་གཤགས་བཏང་ཐོག་སྒོ་ངའི་སེར་རིལ་བཏོན་ནས་དེའི་ནང་ལུག་གི་མིག་རིལ་བླུགས་ཏེ་མོག་ཕྲུའི་ནང་རླངས་བཙོས་རྒྱག་རྒྱུ

20160125

མིག་རིལ་བཙོས་མ།

གངས་ཅན་བོད་ཟས་ལས་དམར་ཟས་རིགས་ཤིག་ཡིན།ལུག་གི་མིག་རིལ10དང་། ཚྭ་དང་། ཀ་ཀོ་ལ། ལྒ་སྨུག གཡེར་མ། བཙོང་བཅས་འོས་འཚམ་དགོས། ལུག་གི་མིག་རིལ་ཐོག་ཚྭ་དང་། ཀ་ཀོ་ལ། ལྒ་སྨུག གཡེར་མ། བཙོང་བཅས་བླུགས་ནས་མཉམ་དུ་བཙོས་རྗེས་སུར་པན་དམར་ལྡུར་མཉམ་དུ་མཆོད་ན་ཤིན་ཏུ་སྤྲོ།རྒྱ་ཡིག་གི་མིང་། 水煮羊眼 རིགས་དབྱེ། དམར་ཟས

20160120

གྲང་ཚལ

རྔོ་སྲེག་སོགས་མ་བྱས་པའི་བཟའ་བྱའི་ཚལ་གྲང་མོ།རྒྱ་ཡིག 凉菜 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། རྔོ་སྲེག་སོགས་མ་བྱས་པའི་བཟའ་བྱའི་ཚལ་གྲང་མོ། 凉菜。未经煎炒而吃的冷菜。

20230214

བྱ་ཤ་གྲང་ཚལ

གངས་ཅན་བོད་ཟས་ལས་དམར་ཟས་རིགས་ཤིག་ཡིན།བྱ་དེའི་བྲང་ཤ་ཁེ150དང་། ཡཱང་བཙོང་ཁེ50 སུར་པན་དམར་ལྡུར། ཚྭ་དང་། ཤ་སྨན་ཅི་ཅིང་བཅས་འོས་འཚམ་དགོས། བྱ་དེའི་བྲང་ཤ་བཙོས་ནས་སིལ་སིལ་གཏུབ་རྒྱུ་དང་། ཚལ་སླང་ནང་སྣུམ་བཙག་བཅད་དེ་ཡཱང་བཙོང་རོབ་ཙམ་བརྔོས་ནས་འདོན་རྒྱུ། དེ་རྗེས་བྱ་ཤ་དང་། ཡཱང་བཙོང་། ཚྭ། ཤ་སྨན་ཅི་ཅིང་། སུར་པན་དམར་ལྡུར་བཅས

20160125

ལ་ལ་གྲང་ཚལ

གངས་ཅན་བོད་ཟས་ལས་དཀར་ཟས་རིགས་ཤིག་ཡིན།ལ་ལ་སོས་པ་ཁེ200དང་། ཚྭ་དང་། སུར་པན། བསོད་ནམས་དཔལ་འཛོམས་བཅས་འོས་འཚམ་དགོས། ལ་ལ་ཏི་ཀ་ལྷེབ་ལྷེབ་གཏུབས་རྗེས་ཚྭ་དང་། སུར་པན། བསོད་ནམས་དཔལ་འཛོམས་བཅས་ཀྱི་སུར་པན་དམར་ལྡུར་བཟོས་ནས་ལ་ལ་དང་མཉམ་དུ་མཆོད་རྒྱུ།རྒྱ་ཡིག་གི་མིང་། 凉拌奶酪 རིགས་དབྱེ། དཀར་ཟས

20160125

ཚལ་རྐང་གྲང་ཚལ

གངས་ཅན་བོད་ཟས་ལས་དཀར་ཟས་རིགས་ཤིག་ཡིན།པོ་ཚལ་ཁེ250དང་། སྣུམ་ཁེ50 ཚྭ་དང་། བཙོང་། ཤ་སྨན་བཅས་འོས་འཚམ་དགོས། པོ་ཚལ་ཁ་ཕྲལ་ཏེ་ལོ་མ་བཀོག་ནས་ཁུ་བ་ཞུ་རྒྱུ། དེ་རྗེས་པོ་ཚལ་ཐོག་ཚྭ་དང་། བཙོང་། ཤ་སྨན། སྣུམ་བཙག་བཅད་པ་བཅས་བླུགས་ནས་མཉམ་བསྲེས་གཏོང་རྒྱུ།རྒྱ་ཡིག་གི་མིང་། 凉拌菠菜 རིགས་དབྱེ། དཀར་ཟས

20160125

ཨོའོ་སུན་གྲང་ཚལ

གངས་ཅན་བོད་ཟས་ལས་དཀར་ཟས་རིགས་ཤིག་ཡིན།ཨོའོ་སུན་ཁེ150དང་། ཚྭ་དང་། བཙོང་། ཤ་སྨན་བཅས་འོས་འཚམ་དགོས། ཨོའོ་སུན་ལྷེབ་ལྷེབ་རིང་ཙམ་གཏུབས་ནས་ཚྭ་ཕྲན་བུ་བླུགས་ཏེ་བསྙལ་རྒྱུ། དེ་རྗེས་ཨོའོ་སུན་ནང་ཚྭ་དང་། བཙོང་། ཤ་སྨན་བཅས་བླུགས་ནས་མཉམ་བསྲེས་གཏོང་རྒྱུ།རྒྱ་ཡིག་གི་མིང་། 凉拌青笋 རིགས་དབྱེ། དཀར་ཟས

20160125

ཧོང་ཀྭ་གྲང་ཚལ

གངས་ཅན་བོད་ཟས་ལས་དཀར་ཟས་རིགས་ཤིག་ཡིན།ཧོང་ཀྭ་ཁེ120དང་། སྣུམ་ཁེ50 ཚྭ་དང་། ལྒ་སྨུག སུར་པན་གང་བུ་ཆུ་སྦང་། གཡེར་མ། ཤ་སྨན། བཙོང་བཅས་འོས་འཚམ་དགོས། ཧོང་ཀྭ་ལྷེབ་ལྷེབ་བམ་སིལ་སིལ་གང་རུང་གཏུབས་ནས་ཚྭ་བརྒྱབ་སྟེ་བསྙལ་རྒྱུ། དེ་རྗེས་ཧོང་ཀྭ་དང་། ལྒ་སྨུག བཙོང་། ཤ་སྨན། གཡེར་མ། སུར་པན་གང་བུ་ཆུ་སྦང་བཅས་ཀྱི་ཐོག་སྣུམ་བཙག་བཅད་པ

20160125

སྨར་ཁམས་མོག་རོ་གྲང་ཚལ

གངས་ཅན་བོད་ཟས་ལས་དཀར་ཟས་རིགས་ཤིག་ཡིན།མོག་རོ་རྒྱ་མ1དང་། བྱེ་མ་ཀ་ར་ཁེ10 ཚྭ་དང་། བཙོང་། སྒོག་པ། ལྒ་སྨུག ཚུའུ། ལྗང་ཡུའུ། སུར་པན། ཤ་སྨན་བཅས་འོས་འཚམ་དགོས། མོག་རོ་ཆུ་བཙོས་རྒྱག་རྒྱུ། དེ་རྗེས་མོག་རོའི་ནང་ཚྭ་དང་། བཙོང་། སྒོག་པ། ལྒ་སྨུག བྱེ་མ་ཀ་ར། སུར་པན། ཤ་སྨན། ཚུའུ། ལྗང་ཡུའུ་བཅས་བླུགས་ནས་མཉམ་བསྲེས་གཏོང་རྒྱུ

20160125