ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 148 ཡོད།

མཛེ་ནད།

བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཆུ་སེར་ནག་པོ་དང་གཉན་སྲིན་པརྤ་ཏ་གཉིས་འདོམས་པ་ལ་རྒྱབ་རྟེན་ཀླུས་བྱས་པར་གྲགས་པའི་ལུས་ཀྱི་གནས་ཀུན་མ་རུང་བ་རུལ་མྱག་ལྟར་འགྱུར་བའི་ནད་དེ། ནང་གསེས་སུ་དབྱེ་ན་མཛེ་ནད་རིགས་བཅོ་བརྒྱད་དམ་སུམ་ཅུ་རྩ་དྲུག་མཆིས་སོ། 麻风。恶性黄水与疫虫巴尔巴达相结合,再由毒龙支使所指全身肢节变形,皮肉溃烂

20180403

ནད་ཆེན་གྱི་རིགས།

འགྱིངས་པའི་གཅོང་བཅས་གཅོང་ཆེན་སྡེ་བཞི་ལྟ་བུ་ནད་གཞི་ལྕི་ཞིང་། གཏིང་འདོན་དཀའ་བ་ཅན་གྱི་ནད་རིགས་ལ་གོ་དགོས་ཏེ། རྒྱུད་ཆུང་བདུད་རྩི་སྙིང་པོ་ལས། རླུང་ནད་རྡེ་འུ་མཛེ་ནད་དང་། ། གཅིན་སྙི་དམུ་རྫིང་མཚན་བར་རྡོལ། ། གཞང་འབྲུམ་ཕོ་ནད་ཅེས་བྱ་བརྒྱད། ། ནད་ཆེན་གསོ་བ་དཀའ་བ་ཡིན། ། ཞེས་དང་། གཙང་སྟོད་དར་མ་མགོན་པོའི་ཟིན་ཏིག་ལས

20230627

ཁྱུང་སྟེང་ཏཱ་ཏི་བསྣན་པ།

སྦྱར་ཏེ་དྲི་ཆུས་རིལ་བུ་དྲིལ། །བྱ་ཁྱུང་རྣམ་པ་ལྔ་ཡི་རིལ་བུ་འདི། །སྲོད་དུས་ལྔ་བདུན་དགུ་རྣམས་རིམ་པས་བཏང་། །ཕོ་ལོག་སྲིན་ནད་གཉན་གཟེར་གག་ལྷོག་དང་། །ཁྱད་པར་ཆུ་སེར་མཛེ་ནད་འཇོམས་པའི་མཆོག །དེ་ལ་ཛཱ་ཏི་བསྡེབས་པས་སྙིང་རླུང་སེལ།ཁྱུང་ལྔའི་སྟེང་དུ་སྙིང་རླུང་གི་གཉེན་པོ་ཙཱ་ཏི་ཁྲ་བསྒྱུར་དུ་བསྡེབས་པ་ཅན་ལ་བྱ་སྟེ། རྒྱུད་ལས། གྲང་སེལ་རིལ་བུ

20230703

སེང་ལྡེང་སྨན་མར།

དེའི་སྦྱོར་སྡེ་དངོས་ནི། རྒྱུད་ལས། སེང་ལྡེང་ཀྱི་ལྕེ་འབྲས་བུ་གསུམ་གྱི་མར། ། སྦྲང་རྩི་ཆུ་སེར་སྨན་གསུམ་པི་པི་ལིང་། ། སྦྱར་བ་སེང་ལྡེང་དགུ་ཡི་སྨན་མར་ཏེ། ། མཛེ་ནད་དྲེག་གྲུམ་ལུས་ལ་རྒྱས་པ་སེལ། ། སེང་ལྡེང་གུ་གུལ་ཐལ་ཀ་རྡོ་རྗེ་དང་། ། སོ་མ་ར་ཛ་ཀྱི་ལྕེ་ཨ་གར་ནག ། སྐྱེར་ཤུན་མར་ལ་སྦྲང་སྦྱར་སེང་ལྡེང་བདུན། ། ཆུ་སེར་རྩ་ཚིགས་ལྤགས་ལ་རྒྱས

20230831

དངུལ་ཆུ་ཉེར་ལྔ།

མཁལ་མ་ཞོ་ཤ་འབྲས་སྣ་གསུམ། ། གནྔྷ་བྷ་དྲ་ཤིང་ཀུན་དང་། ། རྒྱ་ཚྭ་རུ་རྟ་བྲག་ཞུན་རྣམས། ། ཀ་ར་སྦྱར་བས་རིལ་བུ་དྲིལ། ། སླེ་ཏྲེས་སེང་ལྡེང་ཁུ་བས་དབུལ། ། ཕན་ཡོན་གཟའ་ནད་མཛེ་ནད་དང་། ། སྐྲན་དང་དམུ་ཆུ་དུག་ནད་དང་། ། གག་ལྷོག་ཆུ་སེར་པགས་ནད་མཛེར། ། ཡ་མ་དྲེག་གྲུམ་རྐང་འབམ་རིགས། ། ཁྱད་པར་མཁལ་གྲུམ་ནད་ལ་མཆོག དྷརྨ་སྭཱ་མིའི་ཁྱད་ཆོས་ཡིན

20231024

མུ་མེན།

དེའི་མིང་གི་རྣམ་གྲངས་དང་ཕན་ཡོན་ནི། ཟླ་བའི་འོད་ཟེར་ལས། རྒྱལ་པོ་འཁྱིལ་བ་རྣམ་གསལ་སྐྱེས། རྒྱལ་པོའི་ཅོད་པན་མུ་མེན་མིང་། ། ཞེས་དང་། རྒྱུད་ལས། མུ་མེན་དུག་དང་ཆུ་སེར་མཛེ་ནད་སེལ། ། ཞེས་དང་། སྨན་མིང་རྒྱ་མཚོ་ལས། མུ་མེན་དུག་དང་སྐྲ་དཀར་འཇོམས། ། ཞེས་གསུངས་སོ། །འབྱུང་ཁུངས། 《འཇམ་མགོན་ཀོང་སྤྲུལ་ཟིན་ཏིག་དང་དེའི་ཉེར་མཁོའི་ཆ་ལག་ཕྱོགས་བསྒྲིགས

20230828

བ་ཆུའི་ཁཎྜ།

དང་པོ་བཙས་པ་ཅན་གྱི་དྲི་ཆུའི་ཁཎྜ་ལ་བྱ།བ་དམར་སེར་བེའུ་དང་པོ་བཙས་པ་ཅན་གྱི་དྲི་ཆུའི་ཁཎྜ་ལ་བྱ་སྟེ། རྒྱུད་ལས། བ་གསར་དམར་སེར་ཆུ་ལ་ཁཎྜ་བྱ། ། སྐྱ་རྦབ་འོར་ནད་དམུ་ཆུ་མཛེ་ནད་དང་། ། དབྱིག་དུག་ཚད་རྙོགས་ཆུ་སེར་མ་ལུས་སྦྱོང་། ཞེས་གསུངས་པས་སོ། །འབྱུང་ཁུངས། 《འཇམ་མགོན་ཀོང་སྤྲུལ་ཟིན་ཏིག་དང་དེའི་ཉེར་མཁོའི་ཆ་ལག་ཕྱོགས་བསྒྲིགས

20230626

མཛེ་སོགས་ལ་ཁྱུང་ལྔ་ཁ་ཚར་ཅན།

མཛེ་ནད་དང་ཀླུ་གཉན་ས་བདག་གི་བསྡོངས་ཟླའི་ནད་ཀྱི་གཉེན་པོ་ཁྱུང་ལྔ་མདོག་བཞིའི་ཕྱག་ལེན་མཐོང་བརྒྱུད་ལྟར་སྦྱར་བའི་སྟེང་དུ་ནད་གཞི་ཚ་ཤས་ཆེ་ན་གི་ཝཾ་དང་། གྲང་ཤས་ཆེ་ན་པི་ལིང་། གདོན་གྱི་གཉེན་པོ་གུ་གུལ་ནག་པོ་བཅས་ཁ་ཚར་བསྣན་པ་ཅན་ལ་བྱའོ། །མཛེ་ནད་དང་ཀླུ་གཉན་ས་བདག་གི་བསྡོངས་ཟླའི་ནད་ཀྱི་གཉེན་པོ་ཁྱུང་ལྔ་མདོག་བཞིའི་ཕྱག་ལེན་མཐོང་བརྒྱུད

20230728

ཁྱུང་སྟེང་ཛཱ་ཏི་བསྣན་པ།

སྦྱར་ཏེ་དྲི་ཆུས་རིལ་བུ་དྲིལ། ། བྱ་ཁྱུང་རྣམ་པ་ལྔ་ཡི་རིལ་བུ་འདི། ། སྲོད་དུས་ལྔ་བདུན་དགུ་རྣམས་རིམ་པས་བཏང་། ། ཕོ་ལོག་སྲིན་ནད་གཉན་གཟེར་གག་ལྷོག་དང་། ། ཁྱད་པར་ཆུ་སེར་མཛེ་ནད་འཇོམས་པའི་མཆོག ། དེ་ལ་ཛཱ་ཏི་བསྡེབས་པས་སྙིང་རླུང་སེལ། ། ཞེས་གསུངས་པས་སོ། །འབྱུང་ཁུངས། 《འཇམ་མགོན་ཀོང་སྤྲུལ་ཟིན་ཏིག་དང་དེའི་ཉེར་མཁོའི་ཆ་ལག་ཕྱོགས་བསྒྲིགས

20231128

ཕ་བོང་གསེར་རྡེའུ།

དགུ་རི་བླ་མ་ཐུབ་བསྟན་ཚེ་རིང་གིས་གསུངས་སོ༎ ཧ་ལུང་ཆུ་མདོག་དཀར་པོ་ཡིན་པ་དེའི་ནང་དུ་གངས་རི་ནས་ཡོང་པའི་སིནྡྷུ་ར་དང་སེང་གེ་དཀར་མོའི་འོ་མ་འདྲེས་ཡོད། ཆུ་འདི་འཐུང་ངམ་ཁྲུས་བྱས་ན་མཛེ་ནད་དང་པགས་ནད་ལ་ཕན་ཞེས་ངག་རྒྱུན་དུ་བཤད།རྒྱ་ཡིག་གི་མིང་། 帕旺赛迪 གནས་ཡུལ། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང

20231023