ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 83 ཡོད།

དགག་སྒྲུབ་གཉིས།

དགག་པ་དང་སྒྲུབ་པ་གཉིས་མདོ་སྡེ་པ་ལྟར་ན། རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་པར་བྱ་བའི་ཆོས་དེ་དགག་པའི་མཚན་ཉིད། མཚན་གཞི་ནི། བུམ་པ་མི་རྟག་པ་དང་། ནམ་མཁའ་ལྟ་བུའོ༎ དེ་ཡང་རང་དངོས་སུ་རྟོགས་པའི་བློ་སྟེ། བུམ་པ་མི་རྟག་པར་རྟོགས་པའི་བློ་བུམ་པ་མི་རྟག་པའི་དགག་བྱ་བུམ་པ་རྟག་པ་ཡིན་པ་དངོས་སུ་བཅད་ནས་བུམ་པ་མི་རྟག་པ

20260717

ལུང་གི་རྗེས་འབྲངས་ཀྱི་མདོ་སྡེ་པ

མདོ་སྡེ་པའི་དབྱེ་བ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། མངོན་པ་མཛོད་ཀྱི་རྗེས་སུ་འབྲངས་པའི་མདོ་སྡེ་པའོ། །མདོ་སྡེ་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཕལ་ཆེར་བྱེ་བྲག་སྨྲ་བ་དང་མཚུངས། དུས་གསུམ་གྱི་འདོད་ཚུལ་སོགས་མང་དག་ཅིག་མི་མཐུན་པའང་ཡོད་དོ། །མདོ་སྡེ་པའི་དབྱེ་བ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། མངོན་པ་མཛོད་ཀྱི་རྗེས་སུ་འབྲངས་པའི་མདོ་སྡེ་པའོ

20180306

གྲུབ་མཐའ་འོག་མ།

ནང་པའི་ཐེག་པ་ཆུང་ངུའི་གྲུབ་མཐའ་སྨྲ་བ་གཉིས་ཏེ། བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ལ་ཟེར།ནང་པའི་ཐེག་པ་ཆུང་ངུའི་གྲུབ་མཐའ་སྨྲ་བ་གཉིས་ཏེ། བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ལ་ཟེར།

20260611

ལྟ་བ་མཆོག་འཛིན་གྱི་ཕྲ་རྒྱས།

ཕྲ་རྒྱས་བཅུའི་ནང་གསེས་ཤིག་སྟེ། བྱེ་སྨྲས་རྒྱུན་བཅས་ཀྱི་ལྟ་བ་མཆོག་འཛིན་དང་། གནས་མ་བུ་པས་དེའི་ཐོབ་པ་དང་། མདོ་སྡེ་པས་དེའི་ས་བོན་འཇོག་གོ །ཕྲ་རྒྱས་བཅུའི་ནང་གསེས་ཤིག་སྟེ། བྱེ་སྨྲས་རྒྱུན་བཅས་ཀྱི་ལྟ་བ་མཆོག་འཛིན་དང་། གནས་མ་བུ་པས་དེའི་ཐོབ་པ་དང་། མདོ་སྡེ་པས་དེའི་ས་བོན་འཇོག་གོ །

20260426

ལྟ་བའི་ཕྲ་རྒྱས།

ཕྲ་རྒྱས་དྲུག་གི་ནང་གསེས་ཤིག་སྟེ། བྱེ་སྨྲས་རྒྱུན་བཅས་ཀྱི་འཇིག་ལྟ་ལྟ་བུ་དང་། གནས་མ་བུ་པས་དེའི་ཐོབ་པ་ལྟ་བུ་དང་། མདོ་སྡེ་པས་དེའི་ས་བོན་ལྟ་བུ་འཇོག་པར་བྱེད་དོ། །ཕྲ་རྒྱས་དྲུག་གི་ནང་གསེས་ཤིག་སྟེ། བྱེ་སྨྲས་རྒྱུན་བཅས་ཀྱི་འཇིག་ལྟ་ལྟ་བུ་དང་། གནས་མ་བུ་པས་དེའི་ཐོབ་པ་ལྟ་བུ་དང་། མདོ་སྡེ་པས་དེའི་ས་བོན་ལྟ་བུ་འཇོག་པར་བྱེད་དོ

20260427

གྲུབ་མཐའ་བཞིའི་ཕྱི་དོན་འདོད་ལུགས་བཞི།

1.ཕྱི་དོན་འདོད་རང་རིག་མི་འདོད་པ་བྱེ་བྲག་སྨྲ་བ་དང་། 2.ཕྱི་དོན་དང་རང་རིག་འདོད་པ་མདོ་སྡེ་པ། 3.ཕྱི་དོན་མི་འདོད་རང་རིག་འདོད་པ་སེམས་ཙམ་པ། 4.ཕྱི་དོན་རང་རིག་གཉིས་ཀ་མི་འདོད་པ་དབུ་མ་པའོ༎1.ཕྱི་དོན་འདོད་རང་རིག་མི་འདོད་པ་བྱེ་བྲག་སྨྲ་བ་དང་། 2.ཕྱི་དོན་དང་རང་རིག་འདོད་པ་མདོ་སྡེ་པ། 3.ཕྱི་དོན་མི་འདོད་རང་རིག

20260611

བསྟན་བཅོས་ཀྱི་ངོ་བོ།

བྱེ་བྲག་སྨྲ་བས་ཡིད་ཤེས་ཀྱི་ཡུལ་དུ་གྱུར་པའི་མིང་ཡིན་པས་ལྡན་མིན་འདུ་བྱེད་དང་། མདོ་སྡེ་པས་དེ་དག་གི་ཆ་ཤས་རྣམས་རྣ་བའི་ཡུལ་དུ་གྱུར་པའི་ཚིག་ཡིན་པས་གཟུགས་སུ་འདུས་པར་འདོད་དེ། སློབ་དཔོན་དབྱིག་གཉེན་གྱི་མངོན་པ་མཛོད་རྩ་བ་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག ། གང་རྣམས་ཐུབ་པའི་གསུང་དེ་དག ། ཚིག་གམ་མིང་ཡིན་དེ་དག་ནི། ། གཟུགས་དང་འདུ་བྱེད་དག་ཏུ

20260706

ཁ་དོག་དང་དབྱིབས་ཀྱི་རྩ་བའི་ཁྱད་པར།

བྱེ་སྨྲས་དབྱིབས་ནི་ཁ་དོག་གི་རྫས་ལས་ཐ་དད་པའི་རྫས་ཤིག་ལས་གྲུབ་པར་འདོད་ལ། མདོ་སྡེ་པས་ནི་ཁ་དོག་དཀར་པོའི་རྡུལ་རྫས་གྲུབ་གཞིར་ཚོགས་པ་ལས་དབྱིབས་ལྷམ་པ་འབྱུང་བ་སོགས་ཁ་དོག་གི་རྡུལ་གྱི་ཚོགས་ལུགས་ཀྱི་བཀོད་པ་མི་འདྲ་བ་ལས་རིང་པོ་ལ་སོགས་པའི་དབྱིབས་གྲུབ་པ་ཡིན་པས། ཁ་དོག་གི་རྫས་ལས་གཞན་པའི་དབྱིབས་རྫས་སུ་མ་གྲུབ་སྟབས་དབྱིབས་རང་སྐྱ་འཛིན་མི

20250924

བསྡུས་གྲྭ།

གཏན་ཚིགས་རིག་པའི་སྒོ་འབྱེད་པའི་ལྡེ་མིག་ལྟ་བུ་དང་མཚན་ཉིད་རིགས་ལམ་ཐོག་མར་སློབ་པའི་གཞུང་ཞིག་སྟེ། ཆ་བ་ཆོས་སེང་སོགས་ཀྱིས་མདོ་སྡེ་པའི་རིག་པའི་འགྲོས་དང་སྦྱར་ནས་ཚད་མའི་གཞུང་གི་དོན་བསྡུས་པའི་བསྡུས་གྲྭ་ཞེས་པའི་སྲོལ་བཏོད། དེ་ལ་བསྡུས་ཆེན་བཅོ་བརྒྱད་བྱེད་པ་དང༌། ཉེར་གཅིག་བྱེད་ཚུལ་གཉིས་སོགས་སྣ་ཚོགས་ཡོད།རྒྱ་ཡིག 摄类学

20260702

གྲུབ་མཐའ་བཞི།

1.ནང་པ་སངས་རྒྱས་པའི་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་བཞི་སྟེ། ①བྱེ་བྲག་སྨྲ་བ་དང་། ②མདོ་སྡེ་པ། ③སེམས་ཙམ་པ། ④དབུ་མ་པ་བཅས་སོ༎ 2.①ས་དང་པོ་ནས་དྲུག་པའི་བར་བུམ་དབང་གི་གྲུབ་མཐའ་དང་། ②ས་བདུན་པ་ནས་བཅུ་པའི་བར་གསང་དབང་གི་གྲུབ་མཐའ། ③ས་བཅུ་གཅིག་པ་དང་བཅུ་གཉིས་པ་ནི་ཤེར་དབང་གི་གྲུབ་མཐའ། ④ས་བཅུ་གསུམ་པའི་ཕྱེད་འོག་མ

20260609