ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 252 ཡོད།

མངོན་པར་ཤེས་པའི་ཤེས་པས་རྣམ་པར་རྩེ་བར་འགྱུར་བའི་ཆོས་དྲུག

《མདོ་ན་པ》ལས་བྱུང་བའི་མངོན་པར་ཤེས་པའི་ཤེས་པས་རྣམ་པར་རྩེ་བར་འགྱུར་བའི་ཆོས་དྲུག་ལ་གོ་བ་ཡིན།འཕགས་པ་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས་བྱུང་བ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་ཤེས་པའི་ཤེས་པས་རྣམ་པར་རྩེ་བར་འགྱུར་བའི་ཆོས་དྲུག་ལ་ཁག་གསུམ་ཡོད། 1. སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་ལྟ་བས་དེའི་ལྷའི་མིག་རྣམ་པར་དག་པར་འགྱུར་བ

20201125

རྣམ་པར་རྩེ་བ་བཅུ།

བྱང་ཆུབ་སེམས་དཔའ་ཉན་ཐོས་དང་།རང་སངས་རྒྱས་ཀྱི་ལུས་ལ་དེ་བཞིན་གཤེགས་པའི་སྐུ་ཡོངས་སུ་སྟོན་ཀྱང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལུས་རྒྱ་ཆེན་པོར་ཡང་མི་བྱེད་པ་འདི་ནི། རྣམ་པར་རྩེ་བ་བཞི་པའོ༎ 5.གཞན་ཡང་བྱང་ཆུབ་སེམས་དཔའ་སྤྱོད་པའི་ལུས་ལ་མངོན་པར་འཚང་རྒྱ་བའི་ལུས་ཡོངས་སུ་སྟོན་ཀྱང་། སྤྱོད་པའི་རྒྱུན་མི་གཅོད་པ་དེ་ནི་རྣམ་པར་རྩེ་བ་ལྔ་པའོ

20220111

མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་འགྱུར་བའི་ཆོས་བཞི།

འཕགས་པ་མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པའི་མདོ་ལས་བྱུང་བའི་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་འགྱུར་བའི་ཆོས་བཞི་ལ་གོ་བ་ཡིན།འཕགས་པ་མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པའི་མདོ་ལས་བྱུང་བ་ལྟར་ན་ཁག་བཞི་ཡོད་པ་སྟེ། 1.སངས་རྒྱས་མཉམ་པ་ཉིད། 2.ཆོས་མཉམ་པ་ཉིད། 3.དགེ་འདུན་མཉམ་པ་ཉིད། 4.ཞིང་མཉམ་པ་ཉིད་དོ༎ 1.བསམ་གཏན་བཞིས

20211009

སེང་གེའི་རྣམ་པར་རྩེ་བ་ལ་དམིགས་པའི་ཆོས་ཀྱི་སྒོ་བཅུ།

འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བའི་མདོ་ལས་བྱུང་བའི་སེང་གེའི་རྣམ་པར་རྩེ་བ་ལ་དམིགས་པའི་ཆོས་ཀྱི་སྒོ་བཅུ་ལ་གོ་བ་ཡིན།འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེང་གེའི་རྣམ་པར་རྩེ་བ་ལ་དམིགས་པའི་ཆོས་ཀྱི་སྒོ་བཅུ་སྟེ། 1.རྗེས་སུ་བྱ་བར་དཀའ་བ་དྲི་མ་མེད་པ་ཞེས་བའི་ཆོས་ཀྱི་སྒོ། 2.སྦྲང་མ་དང་བུང་བའི་མེ་ཏོག་གི་དྲི

20220415

སྤོང་བར་འགྱུར་བའི་ཆོས་ལྔ།

རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བའི་སྤོང་བར་འགྱུར་བའི་ཆོས་ལྔ་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། 1.འདོད་པ་དང་ལྡན་པའི་ཡིད་བདེ་བ། 2.འདོད་པ་དང་ལྡན་པའི་ཡིད་མི་བདེ་བ། 3.མི་དགེ་བ་དང་ལྡན་པའི་ཡིད་བདེ་བ། 4.མི་དགེ་བ་དང་ལྡན་པའི་ཡིད་མི་བདེ་བ། 5.མི་དགེ་བ་དང་ལྡན་པའི་བཏང་སྙོམས་སོ༎འབྱུང་ཁུངས། 《བསྟན་འགྱུར

20220223

ལྟུང་བར་འགྱུར་བའི་ཆོས་བཞི།

དགེ་སློང་གི་དང་པོའི་ལོ་དྲི་བ་ལས་བྱུང་བའི་ལྟུང་བར་འགྱུར་བའི་ཆོས་བཞི་ལ་གོ་བ་ཡིན།1.མི་ཚངས་པར་སྤྱོད་པ། 2.གཞན་གྱི་ནོར་འཕྲོག་པ། 3.མིའི་སྲོག་གཅོད་པ། 4.མིའི་ཆོས་བླ་མ་སྨྲ་བའོ༎འབྱུང་ཁུངས། 《བསྟན་འགྱུར་འདུལ་བ་སུ་པ》ཤ167ན4ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210628

མཛེས་པར་འགྱུར་བའི་ཆོས་བཞི།

དཀོན་བརྩེགས་འཕགས་པ་དྲི་མ་མེད་ཀྱིས་ཞུས་པའི་མདོ་ལས་བྱུང་བའི་མཛེས་པར་འགྱུར་བའི་ཆོས་བཞི་ལ་གོ་བ་ཡིན།དཀོན་བརྩེགས་འཕགས་པ་དྲི་མ་མེད་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། 1.ཁྲོ་བ་མེད་དེ། གཙེ་བ་དང་། ཐ་བ་དང་། ཞེ་སྡང་དང་བྲལ་བ། 2.དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་བྱ་བར་མངོན་པར་དགའ་བ། 3.ཚུལ་ཁྲིམས་ཀྱི་སྡོམ་པས་བསྡམས་ཤིང་ཚུར་ཤོག་ལེགས

20211020

སླུ་བར་འགྱུར་བའི་ཆོས་བཞི།

འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས་བྱུང་བའི་སླུ་བར་འགྱུར་བའི་ཆོས་བཞི་ལ་གོ་བ་ཡིན།འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས་བྱུང་བ་སྟེ། 1.གཅེར་བུ་བའི་སྨྲ་བ་དང་། འཇིག་རྟེན་རྒྱང་འཕེན་པ་ཀུན་ཏུ་བསྟེན་ཅིང་བསྒོམས་པ་ལན་མང་དུ་བྱས་པ་སླུ་བར་འགྱུར་བ་ཡིན། 2.ལོག་པར་ལྟ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ལ་ལན་མང་དུ་བྱས་པ་སླུ་བར་འགྱུར་བ

20211215

རིགས་བཙུན་པར་འགྱུར་བའི་ཆོས་བཅུ།

ལས་རྣམ་པར་འབྱེད་པ་ལས་བྱུང་བའི་རིགས་བཙུན་པར་འགྱུར་བའི་ཆོས་བཅུ་ལ་གོ་བ་ཡིན།ལས་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ། 1.མ་ཁེངས་པ། 2.ངའོ་སྙམ་པའི་ང་རྒྱལ་མེད་པ། 3.མར་ཤེས་པ། 4.ཕར་ཤེས་པ། 5.དགེ་སྦྱོང་དུ་ཤེས་པ། 6.བྲམ་ཟེར་ཤེས་པ། 7.ཁྱིམ་གྱི་གཙོ་བོ་ལ་རིམ་གྲོ་བྱེད་པ། 8.ཕ་མ་ལ་ལྡང་བ། 9.འཕགས་པ་རྣམས་ལ་ལྡང་བ། 10

20220324

རྒྱན་དུ་འགྱུར་བའི་ཆོས་བཅུ།

འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བའི་རྒྱན་དུ་འགྱུར་བའི་ཆོས་བཅུ་ལ་གོ་བ་ཡིན།འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་སྟེ། 1.དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱམས་པའི་རྗེས་སུ་འཇུག་པའི་སེམས་བསྐྱེད་པ། 2.སེམས་ཅན་ཐམས་ཅད་ལ་རྣམ་པར་མི་འཚེ་བར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་ལ་གནས

20211124