ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 1,615 ཡོད།

མགོན་པོ་ཏྲཀྴད་དྭགས་པོའི་ལུགས།

མགོན་པོ་ཏྲཀྴད་དྭགས་པོའི་ལུགས་ནི་ཐོད་མཁར་འབར་བའི་ནང་དུ་ནག་པོ་གྲུ་གསུམ་གྱི་གཞལ་ཡས་ཁང་དེའི་ནང་དུ། མི་རོ་རྟ་རོ་བརྩེགས་པའི་གདན་ལ་པད་ཉིའི་སྟེང་དུ་དཔལ་མགོན་པོ་སྐུ་མདོག་དུས་མཐའི་སྤྲིན་ལྟར་ནག་པ། ཞལ་གཅིག་ཕྱག་གཉིས་གཡས་རྩེ་གསུམ་གྱི་མགུལ་དུ་མི་མགོ་དཔྱངས་པ་རུ་དར་ནག་པོ་དང་བཅས་པ་འཕྱར་ཞིང་། གཡོན་དགྲ་བགེགས་ཀྱི་གློ་སྙིང་རླངས་པ་བུན་ནེ་བཞལ་དུ་གསོལ་ཞིང་བདུད

20191125

མགོན་པོ་ཏྲཀྴད་འབྲོང་ཞལ་ཅན།

མགོན་པོ་ཏྲཀྴད་འབྲོང་ཞལ་ཅན་ནི་ཆོས་འབྱུང་གསུམ་མི་རོ་ཅན་གསུམ་བརྩེགས་ཟུར་དགུ་པའི་དབུས་སུ་ལས་མཁན་འབྲོང་ཞལ་ནག་པོ་ཞལ་གཅིག་ཕྱག་གཉིས་གཡས་བེ་ཅོན་འབར་བ་དང་། གཡོན་གྲི་གུག་ཁྲག་འཛག་པ་འཛིན་པ། སྟག་རལ་དང་གཟིག་ཤུབས་ཅན། སྐུ་ལ་དར་ནག་གི་འཇོལ་བེར་གསུམ་བརྩེགས་སུ་གསོལ་ཞིང་། རིན་པོ་ཆེ་གསེར་གྱི་སྐེ་རགས་བཅིངས་པའོ༎མགོན་པོ་ཏྲཀྴད་འབྲོང་ཞལ་ཅན་ནི་ཆོས་འབྱུང

20191125

མགོན་པོ་ཏྲཀྴད་རྐང་ཐང་མ།

མགོན་པོ་ཏྲཀྴད་རྐང་ཐང་མ་ནི་རླུང་དང་ཁྲག་མཚོ། ཀེང་རུས་ཀྱི་རི་རབ། མེའི་དཀྱིལ་འཁོར་གྱི་སྟེང་དུ་ཐོད་མཁར་འབར་བའི་ནང་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་ཙན་དན་དམར་པོའི་བེང་ཆེན་ཏྲི་ཤུལ་ལས་མཚན་པའི་མགུལ་དུ་མི་མགོ་འཕྱང་བ། གཡོན་གདུག་པའི་གློ་སྙིང་སྲོག་རྩ་དང་བཅས་པ་ཞལ་དུ་གསོལ་བ་སྐུ་ལ་དར་ནག་གི་འཇོལ་བེར་གསུམ་བརྩེགས

20191125

མགོན་པོ་ཏྲཀྴད་གྲི་གུག་སྦྲགས་སྒྲུབ་མ།

མགོན་པོ་ཏྲཀྴད་གྲི་གུག་སྦྲགས་སྒྲུབ་མ་ནི་གཞལ་ཡས་ཁང་གི་དབུས་སུ་མཐིང་ནག་གྲུ་གསུམ་འབར་བའི་ཆོས་འབྱུང་གསུམ་ཚོམ་གྱི་ནང་དུ། མི་རོ་རྟ་རོ་བརྩེགས་པའི་སྟེང་དུ་པདྨ་དང་ཉི་མའི་གདན་དང་བཅས་པ། དབུས་ཀྱི་གདན་ལ་དཔལ་མགོན་པོ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ལྕགས་ཀྱི་རལ་པ་མུན་ལྟར་གཏིབས་པ

20191125

མགོན་པོ་ཏྲཀྴད་གསང་སྒྲུབ་ཤྭ་ནའི་ཞལ་ཅན།

མགོན་པོ་ཏྲཀྴད་གསང་སྒྲུབ་ཤྭ་ནའི་ཞལ་ཅན་ནི་རྡོ་རྗེ་མཧཱ་ཀཱ་ལ་སྲིན་པོའི་གཟུགས་ཅན་སྐུ་དམར་ནག་ཞལ་གཅིག་ཕྱག་གཉིས་ཤྭ་ནའི་ཞལ་རྔམ་ཞིང་གཙིགས་ལ། སྤྱན་གསུམ་བགྲད་པ། གཡས་ཁ་ཊྭཱཾ་ག་རྩེ་གསུམ་མི་མགོས་མཚན་པ་འཕྱར་བ། གཡོན་དགྲ་བོའི་གློ་སྙིང་བཟུང་ནས་ཞལ་དུ་གསོལ་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་སྦྲུལ་ཁྲག་དཀར་ཐོད་བཅིངས་ཤིང་ཉི་ཟླས་སྤྱི་གཙུག་བརྒྱན་པའོ

20191125

བྲག་ནག་མགོན་པོ

བྲག་ནག་མགོན་པོ་ནི་གྲོ་ཚང་རྡོ་རྗེ་འཆང་གི་བྱང་ཤར་གྱི་མཚམས་ཏེ། གྲོ་ཚང་ལུང་བདུན་ལས་དགོན་པ་ལུང་བའི་ལུང་ལག་ལོ་བ་ལུང་བ་དང་དགོན་པ་ལུང་བ་གཉིས་ཀྱི་འདྲེས་མདོ་ན་ཡོད།བྲག་ནག་མགོན་པོ་ནི་གྲོ་ཚང་རྡོ་རྗེ་འཆང་གི་བྱང་ཤར་གྱི་མཚམས་ཏེ། གྲོ་ཚང་ལུང་བདུན་ལས་དགོན་པ་ལུང་བའི་ལུང་ལག་ལོ་བ་ལུང་བ་དང་དགོན་པ་ལུང་བ་གཉིས་ཀྱི་འདྲེས་མདོ་ན་ཡོད་ཅིང

20230529

མགོན་པོ་བུ་རྒྱུད།

གྱི་དང་པོ་ཡིན་པ་དང་། གཞན་གཉིས་ནི་ཉེ་འཁོར་གྱི་སྡེ་དག་ལས་རིམ་གྱིས་མཆེད་ནས་འོངས་པར་བཤད། ད་ལྟ་ཁྱིམ་ཚང35དང་མི་གྲངས200ལྷག་ཡོད། ཡུལ་དེའི་ངག་རྒྱུན་དུ། “མགོན་པོ་རྒྱུད་ན་མཚོ་ཞིག་འཁྱིལ། ། མཚོ་དེའི་ནང་ན་ཉ་ཞིག་ཡོད། ། ཉ་མིང་སྐལ་བཟང་དྭངས་མ་ཟེར། ། ཨ་བདེ་རྒྱབ་ན་ནགས་ཤིག་ཡོད། ། ནགས་དེ་ནང་ན་སྟག་ཅིག་ཡོད། ། སྟག་དེ་མིང་ལ་མགོན་པོ་ཟེར

20230510

ལྷ་ཆེན་མགོན་པོ་ལྕམ་དྲལ་ཏྲཀྴད་གཉོས་ལུགས།

ལྷ་ཆེན་མགོན་པོ་ལྕམ་དྲལ་ཏྲཀྴད་གཉོས་ལུགས་ནི་འབྱུང་བཞི་རི་རབ་དང་བཅས་པའི་རྩེ་མོར། དུར་ཁྲོད་ཆེན་པོའི་གནས། ཤིན་ཏུ་གཏུམ་པའི་ལྗོངས། དྲེགས་པ་བདུད་ཀྱི་ཡུལ། དུག་གི་ན་བུན་འཐུལ་བ། དྲག་པོའི་གློག་འཁྱུག་ཅིང་། རྒྱོབ་སོད་ཀྱི་འབྲུག་སྒྲ་སྒྲོག་པ། གནམ་ལྕགས་ཀྱི་ཐོག་དང་མཚོན་ཆ་སྣ་ཚོགས་ཀྱི་སེར་བ་འབབ་ཅིང་། མ་མོ་འདུ་བའི་གནས

20191122

མགོན་པོ་ལྷ་རི།

གནས་འདི་ནི་མཛེས་སྡུག་འབྱོར་ཕྱུག་ལྡན་ཞིང་ངོ་མཚར་ལྟ་ན་སྡུག་པ་ཞིག་ཡིན་ཏེ། རྨ་ཆེན་གངས་རིའི་ཤར་ཕྱོགས་སུ་ཡོད་ཅིང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ལྔ་སྟོང་ལྔ་བརྒྱ་ཡོད། མགོན་པོ་ལྷ་རིའི་སྐུ་མདོག་སྨུག་ནག་དང་། ཕྱག་གཡས་པས་བེང་ཆེན་མཁའ་རུ་བསྒྲེངས་ཤིང་། གཡོན་པས་ཐོད་ཁྲག་ཐུགས་ཀར་བཟུང་བ། ཐོད་སྐམ་ལྔ་ཡིས་དབུ་རྒྱན་དང་ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱང་བ

20231023

ཚེ་ལྷ་འཆི་མེད་མགོན་པོ

​ཚེ་དཔག་མེད་ཕྱིའི་སྒྲུབ་པ་ལས་བྱུང་བའི་ཚེ་ལྷ་འཆི་མེད་མགོན་པོ་ལ་གོ།ཚེ་དཔག་མེད་ཕྱིའི་སྒྲུབ་པ་ལས། འཆི་མེད་མགོན་པོ་ཚེ་ཡི་ལྷ་ཡབ་ཡུམ་ཝལ་གྱིས་བསྐྱེད། ཞལ་གཅིག་ཕྱག་གཉིས་མཉམ་བཞག་ཚེ་ཡི་བུམ་པ་བསྣམས། ཞབས་གཉིས་སྐྱིལ་ཀྲུང་རྡོ་རྗེའི་གདན་ལ་བཞུགས། མཆོག་གི་ཡུམ་ཆེན་བདེ་མཆོག་དབྱིངས་ཕྱུག་མ། ཕྱག་མཚན་མདའ་གཡབ་ཚེ་བུམ་མགུལ་དུ་འཁྱུད

20231024