ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 155 ཡོད།

ཁྱེད་ཀྱིས་འཚོལ་འདོད་པ་ནི མཁྲིས་ཚད ཡིན་ནམ།

བཙལ་འབྲས་ནི མཁྲིས་ཚད ཡིན་མོད། ཁྱེད་ཀྱིས་སྔར་བཞིན མཁྲིས་ཚིགས། འཚོལ་རྒྱུ་ཡིན་ནམ།

མཁྲིས་ཚད།

ནད་འདི་ནི་སྣོད་མཁྲིས་ཀྱི་བུ་ག་འགགས་ནས་མཁྲིས་ཁུ་ཟགས་ཐོན་བྱེད་རྒྱུར་གནོད་རྐྱེན་ཐེབས་ནས་མིག་སྤྲིན་སོགས་སེར་ཞིང་མཁྲིས་པའི་རྒྱུད་དུ་གཟེར་ཟུག་དྲག་པོ་ལྡང་བའི་ནད་ཅིག་ཡིན།སྣུམ་བཅུད་དང་ཚ་སྐྱུར་ཀྱི་ཟས་སྐོམ་བསྟེན་དྲགས་པ། སྤྱོད་ལམ་མི་འཚམ་པ། ལུས་ཁམས་འཁྲུགས་པ་སོགས་ཀྱིས་ནད་འདི་སློང་བ་ཡིན། ཤ་མར་བུ་རམ་ཆང་སོགས་དྲོད་བཅུད་ཆེ་བའི

20210825

མཁྲིས་ཚད་སེལ་བའི་གུར་ཀུམ་བདུན་པ།

སྨན་འདི་ཁ་དོག་སེར་སྐྱ་ཅན་རོ་ཁ་བ་དང་། ནུས་པ་བསིལ་ལ་བཟི་མེད་པའི་སྨན་ཞིག་ཡིན་ཞིང་། མཁྲིས་ཚད་ཀྱི་ནད་རྣམས་མ་ལུས་པར་སེལ་བར་གསུངས་སོ༎གུར་ཀུམ30དང་། ཅུ་གང20 གི་ཧང20 ཏིག་ཏ50 གསེར་མེ45 དུག་མོ་ཉུང40བཅས་སྦྱོར་དགོས། གོང་གི་སྨན་རྣམས་ཚད་ལྡན་དུ་སྡེབ་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ནས་བསྲེས་པས་གྲུབ

20190916

མ་ནུ་དྲུག་ཐང་།༥

སྨན་འདིའི་ཕན་ནུས་ནི། བསྡུས་ཐང་ངད་ཡལ་ལན་འགའ་བཏང་བ་ཡིས༎ མཁྲིས་པའི་ནད་ཀྱི་གདོང་ལྷོགས་ཤིང་༎ མཁྲིས་ཚད་མི་བྱེར་རང་གནས་འཇོམས༎མ་ནུ།28 ཀཎྜ་ཀ་རི།29 སླེ་ཏྲེས།12 སྒ།6 སྐེམ་པོ་སུལ་མང་།4 སེ་བའི་མེ་ཏོག74 བསྡུས་ཐང་ངད་ཡལ་ལན་འགའ་བཏང་བ་ཡིས༎ མཁྲིས་པའི་ནད་ཀྱི་གདོང་ལྷོགས་ཤིང་༎ མཁྲིས་ཚད་མི་བྱེར་རང་གནས་འཇོམས༎ རྒྱུད་དོན

20240321

ཏིག་ཏ་ལྔ་ཐང་།༣

སྨན་འདིའི་ཕན་ནུས་ནི་མཁྲིས་ཚད་སྨིན་སྡུད་སེལ་བར་བྱེད་པའི་མཆོག།ཁྱད་པར་མཁྲིས་རིམས་རྒྱས་ཚད་སྨིན་པར་བྱེད།ཏིག་ཏ་ཆ་གཅིག42 བོང་དཀར་ཆ་གཅིག41 སླེ་ཏྲེས་ཆ་རེ།12 ག་དུར་ཆ་རེ།62 སྐྱེར་ཤུན་ཆ་རེ།92 གོང་སྨན་རྣམས་ཚུལ་བཞིན་སྦྱར་བ་སུམ་གཉིས་བསྡུ། མཁྲིས་ཚད་སྨིན་སྡུད་སེལ་བར་བྱེད་པའི་མཆོག།ཁྱད་པར་མཁྲིས་རིམས་རྒྱས་ཚད་སྨིན་པར་བྱེད

20240320

དེ་ཀ

ཟས་འཇུ་བ་སང་། མཁྲིས་པར་ཕན། དྲི་ཆུ་འབེབས། མཁྲིས་ཚད་དང་བཤང་འགགས་པ་སོགས་ལ་ཕན་པ་ཞིག་ཡིན།ཚ་བ། དྲོ་བ། ཟས་འཇུ། མཁྲིས་པར་ཕན། དྲི་ཆུ་འབེབས། མཁྲིས་ཚད་དང་བཤང་འགགས་ལ་ཕན།རྒྱ་ཡིག་གི་མིང་། 辣根 ཕྱི་ཡིག་གི་མིང་། Horseradish

20230926

ལྷ་མོ་བདུན་ཐང་།

སྨན་འདིའི་ཕན་ནུས་ནི་བསྡུས་ཐང་གྲང་མོ་བཏང་ན་མཁྲིས་ཚད་སེལ།ལྷ་མོ།144 སླེ་ཏྲེས།12 ཏིག་ཏ།42 དུག་ཉུང་།61 སེར་མེ།75 ཀྱི་ལྕེ་བ།90 བོང་དཀར།41 བསྡུས་ཐང་གྲང་མོ་བཏང་ན་མཁྲིས་ཚད་སེལ། བདུད་རྩི་བུམ་པའི་རྒྱུད་ཀྱི་མ་བས་ལྷག་པ་བུ་ལྔའི་གྱད་ཀྱི་སྐབས།རིགས་དབྱེ། སྨན་སྦྱོར། རྣམ་པ། ཐང་སྦྱོར། ཕན་ནུས། བསྡུས་ཐང་གྲང་མོ་བཏང་ན

20240322

སླེ་ཏྲེས་དྲུག་ཐང་།

སྨན་འདིའི་ཕན་ནུས་ནི་དྲོ་འཇམ་གུང་གཉིས་ལ་ལན་འགའ་བསྟེན་པས་ཚ་མཁྲིས་ཚད་པའི་ངོ་བོ་ཅན་ལ་ཕན།སླེ་ཧྲེས།12 ཏིག་ཏ།42 གསེར་མདོག4 བོང་དཀར།41 གཡའ་ཀྱི་མ།73 སེ་བའི་མེ་ཏོག74 དྲོ་འཇམ་གུང་གཉིས་ལ་ལན་འགའ་བསྟེན་པས་ཚ་མཁྲིས་ཚད་པའི་ངོ་བོ་ཅན་ལ་ཕན། ལག་ལེན་དམར་ཁྲིད་ཡང་སྙིང་ཡིད་ཆེས་བསླུ་མེད་ངེས་སྟེར།རིགས་དབྱེ། སྨན་སྦྱོར། རྣམ་པ

20240321

ཨ་རུ་བཅུ་གཅིག

སྨན་འདིའི་ཕན་ནུས་ནི་མཁྲིས་ཚད་འོར་དུ་སྐྱུར་བར་བྱེད།ཨ་རུ་ར།4 བ་རུ་ར།30 སྐྱུ་རུ་ར།31 དུར་བྱིད།60 དོང་ག101 ལྕུམ་རྩ།59 ཀྱི་ལྕེ།90 རྒུན་འབྲུམ།102 ཧོང་ལེན།72 བོང་ང་།41 སླེ་ཏྲེས།12 གོང་སྨན་རྣམས་མཉམ་དུ་སྦྱར་ནས་མཁྲིས་ནད་ལ་ཕན་པའི་ཐང་གི་ལག་ལེན་ལྟར་བྱ། མཁྲིས་ཚད་འོར་དུ་སྐྱུར་བར་བྱེད། དཔལ་ལྡན་རྒྱུད་བཞི

20240322

མ་ནུ་ལྔ་ཐང་།༥

སྨན་འདིའི་ཕན་ནུས་ནི་མཁྲིས་ཚད་སེལ་བར་ཕན།མ་ནུ།28 སླེ་ཏྲེས།12 ཀཎྜ་ཀ་རི།29 ཏིག་ཏ།42 བོང་དཀར།41 མ་ནུ་དང་སླེ་ཧྲེས་གཉིས་ཆ་མཉམ་པ་ལ་ཀཎྜ་ཀ་རི་དེའི་ཉིས་འགྱུར་སྦྱར་ནས་ཁཎྜ་བཟོས་པ་ལུང་ཐང་ཙམ་ཞིག་ལ་ཏིག་ཏ་དང་བོང་དཀར་གཉིས་ཀྱིས་ཁ་བསྒྱུར་བྱ། མཁྲིས་ཚད་སེལ། བྱེ་བ་རིང་བསྲེལ་གྱི་པོད་ཆུང་རབ་འབྱམས་གསལ་བའི་སྒྲོན་མེ་ཡི་མ་ནུའི

20240321

བང་ཚད།

སྦྲུམ་མར་ཕྲུ་གུ་བཙས་རྗེས་སུ་འབྱུང་བའི་མོ་ནད་དུག་ཐབས་ཀྱི་མིང་གི་རྣམ་གྲངས་ཤིག་སྟེ། རྒྱུད་ལས། མོ་ནད་དུག་ཐབས་བཙས་རྗེས་ཤ་མར་རྙིང་། ། ཉིན་གཉིད་དྲག་ཤུལ་རྐྱེན་གྱིས་མཁྲིས་ཚད་སྐྱེད། ། རྩ་རྒྱུད་ཕྲ་མགྱོགས་ཤེད་མེད་སྐོམ་དད་ཆེ། ། རོ་སྟོད་གཟེར་ཕྲན་འཕོ་ཞིང་ལུད་པ་དམར། ། དེ་ལ་ཁ་ཟས་བསིལ་དྲོད་སྤེལ་ལ་བཏང་། ། ཞེས་དང་། ནོར་བུའི་དོ་ཤལ་ལས

20230802