ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 172 ཡོད།

བྲུན།

། མི་བྲུན། ཕག་བྲུན། བྱ་བྲུན་ཞེས་པ་ལྟ་བུ། 2.བརྡ་དག་མིང་ཚིག་གསལ་བ་ལས། རིལ་མའམ་སྐྱག་པ། 粪,屎。【增】秽物。﹝达﹞ 3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། འདབ་ཆགས་དང་སྲོག་ཆགས་རིགས་ཀྱི་མི་གཙང་བ། 名词。屎,粪:མི་བྲུན། 人粪。བྱ་བྲུན། 鸟粪。ཕག་བྲུན། 猪粪。བྱི་བྲུན་ཐལ་འགེབས། 猫儿扒灰掩屎

20170823

གྲོག་བྲུན

གྲོག་མ་དཀར་པོའི་བྲུན་ཏེ། རྨ་རྒན་ལྷོག་ཐབས་སུ་སྐྲངས་པ་རྣམས་ཐང་ཤིང་གི་གྲོག་བྲུན་དང་ལི་ཁྲི་སོ་སོར་སླང་ངར་ནག་པོར་མ་སོང་བར་དུ་བརྔོས། དེ་རྗེས་མཉམ་བསྲེས་བྱས་ནས་ཞིབ་ཏུ་བཏགས་ལ་ཏིལ་སྣུམ་དང་སྦྱར་ཏེ་རྨ་ལ་བསྐུས་པས་སྐྲངས་པ་མྱུར་དུ་འཇོམས་པར་བྱེད་དོ༎གྲོག་མ་དཀར་པོའི་བྲུན་ཏེ། རྨ་རྒན་ལྷོག་ཐབས་སུ་སྐྲངས་པ་རྣམས་ཐང་ཤིང་གི་གྲོག་བྲུན་

20220321

རྒོད་བྲུན

སྲོག་ཆགས་ཀྱི་སྨན་གྱི་ནང་ཚན་བྱ་རྒོད་ཀྱི་བྲུན་ཏེ། ནུས་པས་ཕོ་བའི་མེ་དྲོད་སྐྱེད་པ་དང༌། སྐྲན་ནད་བཤིག་པར་བྱེད།རྒྱ་ཡིག 雕粪 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སྲོག་ཆགས་ཀྱི་སྨན་གྱི་ནང་ཚན་བྱ་རྒོད་ཀྱི་བྲུན་ཏེ། ནུས་པས་ཕོ་བའི་མེ་དྲོད་སྐྱེད་པ་དང༌། སྐྲན་ནད་བཤིག་པར་བྱེད། 雕粪。鹫鸟屎。入药能温胃、消症瘕

20210901

འདྲེ་བྲུན

​ལྷ་རྗེ་ཁྲེང་ཙང་ཆིས། བརླན་སར་ཆགས་པའི་སའི་དྲེག་པ་བྲུན་འདྲ་བ་ཁ་དོག་དཀར་ལ་སེར་ཤས་ཅན་དེའོ༎ལྷ་རྗེ་ཁྲེང་ཙང་ཆིས། བརླན་སར་ཆགས་པའི་སའི་དྲེག་པ་བྲུན་འདྲ་བ་ཁ་དོག་དཀར་ལ་སེར་ཤས་ཅན་དེའོ༎ མི་དང་རྟ་ཟོག་གི་ལུས་ཀྱི་རྨ་སྨྱོ་བའམ་ཁྲོས་པའི་རིགས་ལ་ཏིལ་མར་དང་སྦྱར་ཏེ་བྱུག་པས་ཐེངས་ཆོག་ཡིན་ནོ༎ ཞེས་གསུངས།རྒྱ་ཡིག་གི་མིང་། 鬼屎

20220323

བྱི་བྲུན་བཞི་བ།

སྟོད་སྨད་ཕྱི་ནང་སྲིན་གྱི་ནད་རིགས་འཇོམས༎ མན་ངག་བྱེ་བ་རང་བསྲེལ་སོགས༎ སྔོན་གྱི་གསོ་གཞུང་ཕལ་ཆེར་དུ༎ སྲིན་སྨན་རྡོ་རྗེ་ཅན་དང་ནི༎ ལ་ལར་ཚངས་པ་དབུལ་སེལ་གྲགས༎བྱི་བྲུན20 པི་པི་ལིང30 བ་སྤྲུ25 ཡུང་བ30བཅས་སྦྱོར་དགོས། གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཕྱེ་མའི

20191224

རྟའི་ཕྱ་ཚན།

​རྟེའུ་བཙས་འཕྲལ་མའི་འོ་མ་ཁོང་དུ་མ་སོང་བའི་སྐབས་ཀྱི་བྲུན་ལ་བྱ་སྟེ། སྨན་ངོ་གསལ་བྱེད་བདུད་རྩིའི་སྒྲོན་མེ་ལས། ཕྱ་ཚན་གསུམ་ནི། མི་རྟ་ཁྱི་གསུམ་གྱི་ཕྲུ་གུ་སྐྱེས་འཕྲལ་ལ་བྱུང་བའི་ཁོང་བྲུན། ། ཞེས་དང་། ཤེལ་ཕྲེང་ལས། མི་རྟ་ཁྱི་གསུམ་སྐྱེས་མ་ཐག བུ་ཡི་ཁོང་བྲུན་མའི་ནུ་ཞོ་ཁར་མ་སོང་བའི་བྲུན་ནོ་ཕྱ་ཚན་གསུམ། ཞེས་གསུངས།རྟེའུ་བཙས་འཕྲལ་མའི

20230621

ཛ་མུ་ར།

​དྲེལ་ཕྲུག་སྐྱེས་འཕྲལ་མའི་ནུ་ཞོ་མ་ནུས་གོང་དུ་བཏང་བའི་བྲུན་ནམ་དྲེལ་ཕྲུག་མའི་ཁོང་དུ་གནས་སྐབས་ཤི་བའི་ཁོང་བྲུན་གང་རུང་ལ་བྱ་སྟེ། ཞལ་ཤེས་གསང་སྒོ་འབྱེད་པའི་ལྡེ་མིག་ལས། ཛ་མུ་ར་ནི། དྲེལ་ཕྲུག་སྐྱེས་འཕྲལ་མའི་ནུ་ཞོ་མ་ནུས་གོང་གི་ཕྱ་ཚན་ནམ་དྲེལ་ཕྲུག་མའི་ཁོང་དུ་ཤི་བའི་རོ་ཚན་ནོ། ། ཞེས་གསུངས།དྲེལ་ཕྲུག་སྐྱེས་འཕྲལ་མའི་ནུ་ཞོ་མ་ནུས

20230621

གར་ནག

རི་ཕག་གི་བྲུན་གནམ་མ་མཐོང་ཞིང་དུ་བ་མ་ཤོར་བར་ནུས་ལྡན་བསྲེགས་པའི་ཐལ་བའི་གབ་མིང་ངོ་། །རི་ཕག་གི་བྲུན་གནམ་མ་མཐོང་ཞིང་དུ་བ་མ་ཤོར་བར་ནུས་ལྡན་བསྲེགས་པའི་ཐལ་བའི་གབ་མིང་སྟེ། མན་ངག་སྙིང་པོ་བསྡུས་པ་ལས། ཝ་ར་ཧ་ཡི་རྣམ་སྣང་དེ། ། དུ་བ་མ་ཤོར་ནུས་ལྡན་བསྲེགས། ། གསང་མཚན་ག་བུར་ནག་པོ་ཟེར། ། ཞེས་དང་། མན་ངག་སྙིང་གི་ནོར་བུ་ལས

20230926

ཟུར་ལུགས་སྐྱ་ཁྲ་སུམ་འགྲོལ།

རྗེ་བཙུན་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད་པའི་མ་ཞུ་དུག་ཐབས་ཀྱི་གཉེན་པོ་བུལ་ཏོག་དང་། གོ་བྲུན། ཐལ་ཀ་རྡོ་རྗེ་གསུམ་གྱི་སྦྱོར་སྡེ་ལ་བྱ་སྟེ། མན་ངག་བྱེ་བ་རིང་བསྲེལ་ལས། སྐྱ་ཁྲ་ཧོར་པ་སུམ་འགྲོལ་ནི། ། ཚྭ་བུལ་གོ་ཐུན་ཐལ་ཀ་རྡོ་རྗེ་གསུམ་ཞིབ་བཏགས་ལ། ། ཕྱེ་མ་བདུད་རྩི་ཁོལ་མས་ཆུ་འཕུལ། ། མ་ཞུ་དུག་ཐབས་ནད་ལ་བསྔགས། ། ཞེས་གསུངས་པས་སོ

20230724

རྟ་སྦངས།

རྟ་གསེབ་སྔོ་ནག་གི་བྲུན་སར་མ་ལྷུང་གོང་བར་སྣང་ནས་སྣོད་བཟེད་པའི་ནང་བླང་བ་ཅན་ལ་བྱའོ། །རྟ་གསེབ་སྔོ་ནག་གི་བྲུན་སར་མ་ལྷུང་གོང་བར་སྣང་ནས་སྣོད་བཟེད་པའི་ནང་བླང་བ་ཅན་ལ་བྱ་སྟེ། སྨན་མིང་རྒྱ་མཚོ་ལས། གསེབ་སྔོན་སྦངས་ཀྱིས་ཁྱི་སྨྱོན་སེལ། ། ཞེས་དང་། སྨན་ངོ་གསལ་བྱེད་བདུད་རྩིའི་སྒྲོན་མེ་ལས། རྟ་སྦངས་ནི། ཁྱི་དུག་སོགས་ལ་གཏོང་བའི་ཚེ་རྟ་གསེབ

20230720