ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 85 ཡོད།

བྱིང་བ།

unclear/dull mind 1.དག་ཡིག་གསར་བསྒྲིགས་ལས། སེམས་བྱིང་ཞིང་འཐིབས་པའི་རྣམ་འགྱུར་ཞིག་གི་མིང་སྟེ། རྩལ་སྦྱང་བྱས་ནས་བྱིང་བ་སེལ། བྱིང་རྨུགས་དང་བྲལ་བའི་སེམས་གསལ་དྭངས་ངེ་ཞེས་པ་ལྟ་བུ། 2.བརྡ་དག་མིང་ཚིག་གསལ་བ་ལས། ཆུའམ་འདམ་ནང་དུ་ཐིམ་པའམ་བྱིང་བ། 沉溺,沉入水中,溺于泥中

20170711

བྱིང་བ་གསུམ།

གྲུབ་ཆེན་མར་པའི་ལུགས་ཀྱི་ཕྱག་ཆེན་ཁྲིད་ཀྱི་མན་ངག་གནད་ཀྱི་ལྡེ་མིག་ལས་བྱུང་བའི་བྱིང་བ་གསུམ་ལ་གོ་བ་ཡིན།གྲུབ་ཆེན་མར་པའི་ལུགས་ཀྱི་ཕྱག་ཆེན་ཁྲིད་ཀྱི་མན་ངག་གནད་ཀྱི་ལྡེ་མིག་ལས་བྱུང་བ་སྟེ། 1.འབྱུང་བ་དང་ནད་གཞིའི་སྟོབས་ཀྱིས་བྱིང་བ། 2.བར་གཅོད་བགེགས་ཀྱི་སྟོབས་ཀྱིས་བྱིང་བ། 3.ཏིང་ངེ་འཛིན་རང་གི་ངོ་བོས་བྱིང་བའོ༎ དེ་དག

20210408

བད་ཀན་གྱི་རྩ་བྱིང་ཞིང་གུད་ལ་དལ་བར་འཕར་བ།

​ལུས་ཀྱི་ས་ཆུའི་ཁམས་འཕེལ་བས་རྩའི་རྒྱུན་དལ་ཞིང་བྱིང་བ་དང་། དྭངས་མའི་རྒྱུན་ཉམས་པས་རྩ་རྒྱུད་གུད་པ་ཅན་འབྱུང་བ་ཡིན་ནོ། །ལུས་ཀྱི་ས་ཆུའི་ཁམས་འཕེལ་བས་རྩའི་རྒྱུན་དལ་ཞིང་བྱིང་བ་དང་། དྭངས་མའི་རྒྱུན་ཉམས་པས་རྩ་རྒྱུད་གུད་པ་ཅན་འབྱུང་བ་ཡིན་ཏེ། སྨྲ་བ་མཆོག་ཐོབ་ལས། བད་ཀན་གྱི་རྩ་ནི། གཏིང་དུ་ནུབ་པས་མི་གསལ་བ་ལྟར་བྱིང་བ་དང

20231129

སྙིགས་པ།

1.གཏིང་ལ་བྱིང་བ། 2.རྗེས་སུ་ལུས་པ།རྒྱ་ཡིག 1.沉积,往下沉淀 2.落后,落在同路者之后 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། [ཡུལ་སྐད] [1]གཏིང་ལ་བྱིང་བ། 沉积,往下沉淀:བྱེ་མ་ཆུའི་ཞབས་སུ་སྙིགས་པ། 沙沉水底。[2]རྗེས་སུ་ལུས་པ། 落后,落在同路者之后:རྟ་ཁ་རྒན

20230704

ལྷམ་ཉེ་བའི་རིན་ཆེན།

ལས་བྱུང་བའི་ལྷམ་ཉེ་བའི་རིན་ཆེན་ལ་གོ།ལྷམ་ནི་འཁོར་བསྒྱུར་གྱི་ལྷམ་ཁྱད་པར་ཞིག་སྟེ་གྱོན་ནས་གོམ་པ་སྤོས་ཙམ་གྱིས་དཔག་ཚད་དུ་མ་སླེབས་ནུས་པ། ཆུའི་སྟེང་དུ་སྤོ་ཡང་མི་བྱིང་བ་དང་། གང་འགྲོ་འདོད་ན་དེ་མ་ཐག་ཏུ་ཕྱིན་པ་ལ་མི་ངལ་པའི་ཡོན་ཏན་དང་ལྡན་པ་ཞིག་གོ༎འབྱུང་ཁུངས། 《 གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་མོ》 རིགས་དབྱེ། ནང་དོན་རིག་པ

20231024

རྩ་བྱིང་།

མི་གསལ་ཞིང་གཏིང་དུ་མནན་པའི་ཚེ་ཅུང་ཟད་གསལ་བ་ཅན་གྱི་རྩའི་འཕར་ཚུལ་ལ་བྱ་སྟེ། སྟོང་ཐུན་གནད་ཀྱི་སྒྲོན་མེ་ལས། གྲང་བའི་སྤྱི་རྩ་དྲུག་བཤད་བྱ། ། ཞན་པ་འཕར་ཤེད་མེད་པའི་དོན། ། བྱིང་བ་མི་གསལ་བ་ཡི་དོན་མཆན། ཁར་མི་གསལ་ཞིང་མནན་ཚེ་འོག་ཏུ་ཅུང་ཟད་གསལ་བ་ཅན་ནོ། ། གུད་པ་གཏིང་ཤེད་ཉམས་པའི་དོན། ། བུལ་བ་འཕར་གྲངས་དལ་བའི་དོན། ། ལྷོད་པ་མཁྲང་ཆ་མེད་པའི་དོན

20231129

གྲང་བའི་རྩ།

ལུས་ཀྱི་ས་ཆུའི་ཁམས་འཕེལ་བ་ལས་བྱུང་བའི་གྲང་བའི་ནད་ཀྱིས་ཟིན་པའི་རྟགས་སུ་འཕར་རྩ་ཞན་པ་དང༌། བྱིང་བ། རྒུད་པ། བུལ་བ། ལྷོད་པ། སྟོང་བ་བཅས་འཕར་ཚུལ་དྲུག་མཆིས་སོ། །རྒྱ་ཡིག 寒症脉象 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ལུས་ཀྱི་ས་ཆུའི་ཁམས་འཕེལ་བ་ལས་བྱུང་བའི་གྲང་བའི་ནད་ཀྱིས་ཟིན་པའི་རྟགས་སུ་འཕར་རྩ་ཞན་པ་དང༌། བྱིང་བ། རྒུད་པ

20230214

ཉ་དང་ཕག་པའི་འཇུག་པས་མཐོར་བཏེག་པའི་ཀུན་བཟོད།

ཀུན་བཟོད་ནི་ས་གཞིའི་མིང་གི་རྣམ་གྲངས་ཡིན་ལ། སྔོན་ས་ཆེན་པོ་འདི་འོག་གཞིའི་རྒྱ་མཚོ་ཆེན་པོའི་ནང་དུ་ནུབ་ཅིང་བྱིང་བར་གྱུར་པ་ན། ས་སྟེང་དུ་སྐྱེ་འགྲོ་རྣམས་གང་ལ་རྟེན་དུ་བྱ་བའི་གནས་རྙེད་པར་མ་གྱུར་པ་དེའི་ཚེ་ལྷ་ཆེན་པོ་ཁྱབ་འཇུག་ཉིད་ཉ་དང་རུས་སྦལ་དང་ལྕགས་ཀྱི་ཕག་པ་ཆེན་པོར་སྤྲུལ་ནས་ས་འོག་ཏུ་ཞུགས་ཏེ་གྱེན་དུ་བཏེགས་ཞེས་རིག་བྱེད

20180507

ཀོ་བ་མཚོ་ལ་བྱིང་འདྲ།

རིམ་བཞིན་ཉ་འདྲ་བ་དང༌། ལྕོང་མོ་འདྲ་བ། སྦལ་པ་འདྲ་བ། པྲིར་འདྲ་བ་བཅས་སུ་གྱུར་པ་ཞིག་འོང་ཞིང༌། ཐ་མ་པྲིར་འདྲ་བར་གྱུར་པ་ནི། སྐམ་སའི་མཐའ་བསྐོར་རྣམས་ཆུས་བཅད་པའི་དབྱིབས་ཀོ་གྲུ་མཚོ་ལ་བྱིང་བ་ལྟར་གྱུར་པའི་དུས་སུ། མི་རྣམས་ཀྱིས་གཙང་པོའི་འགྲམ་ནས་གཙུག་ལག་ཁང་ལ་རྒྱང་ནས་བལྟས་ཏེ་སྨོན་ལམ་ཕྱག་མཆོད་བྱེད་དགོས་པ་ཞིག་འོང་བར་གསུངས་པ་དེ་ཡིན

20170412

ཞི་ལྷག་སྒྲུབ་པའི་ཐབས་ལ་གསུམ།

བཅགས་པས་མངོན་པར་མི་དགའ་བའི་ཤེས་པ། 〔5〕ཐེ་ཚོམ་ནི་གཉིས་བཅས་ཀྱི་བློས་ཟིན་མེད་པས་བྱ་བ་བསྒྲུབ་པ་ལ་བར་དུ་གཅོད་པའོ༎ འདི་དག་སྤང་དགོས་པ་ཉིད་དོ༎ 2.གེགས་བསལ་བ་ནི། བྱིང་བ་གསེངས་ལ་རྒོད་ན་རྩེ་གཅིག་བསྒོམ། དེ་ལ་གཉིད་རྨུགས་གཉིས་ནི་བྱིང་བ་ཡིན་པས་གསེངས་ལ་བྱེད་པ་བཅུ་གཅིག་བསྒོམ་ཞིང་། གཞན་རྣམས་རྒོད་པ་ཡིན་པས་སེམས་གནས་པའི་ཐབས་དགུ་བསྒོམ་པ

20210520