《བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞི་བ་ལྷའི་རྟོགས་བརྗོད་པདྨ་དཀར་པོའི་ཕྲེང་བ་བྱིན་རླབས་ཀྱི་དྲི་བསུང་འཕྲོ་བྱེད》ཅེས་བྱ་བ་འདི་ནི། རྗེ་བཙུན་དེ་ཉིད་ཀྱི་རྣམ་པར་ཐར་བ་མཐོང་བས། དང་བའི་དད་པ་ཆེན་པོས་ཉེ་བར་བསྐུལ་ཏེ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་རང་ཉིད་དགུང་ལོ་བཅུ་དྲུག་ལོན་པའི་ཚེ། གྲུབ་པའི་གནས་མཆོག་དབེན་ས་ཆོས་ཀྱི་ཕོ་བྲང་གི་གཙུག་ལག་ཁང
20250525
འདིའི་ཁྱད་ཆོས་ནི། བརྗོད་དོན་གྱི་འགངས་འདབ་མ་སྟེ་ལེའུ་བཞི་རུ་བཀར་པ་ལེགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་མོ་ཞི་བ་ལྷའི་རྣམ་པར་ཐར་བར་གོ་བ་གཏིང་དུ་ལོན་པའི་ཐུགས་སྟོབས་ཆེ་བ། དོན་གྱི་བྱུང་བ་ཚིག་ལྷུག་གིས་བསྟན་མཐར་ཚིགས་སུ་བཅད་པས་སྡོམ་མམ་འཆིང་ལྟ་བུ་འགོད་པ་ལེགས་ཏེ། ཚིག་གི་སྡེབ་སྦྱོར་ལ་བྱང་ཆ་ཐོན་པས་མི་ཚད་སྙན་ངག་སྨྲ་བའི་ཡོན་ཏན་གྱི
20250525
འདིའི་བརྗོད་དོན་གྱི་སྙིང་བོ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཉིད་དང་པོར་ཡུལ་གང་དུ་སྐུ་འཁྲུངས་པ་དང་། ཡབ་གཤེགས་པས་རྒྱལ་ཚབ་ཏུ་དབང་བསྐུར་ཡང་འཇམ་པའི་དབྱངས་ཀྱིས་ལུང་དུ་བསྟན་པས་དབེན་པར་བསྙེགས་ཤིང་ཟང་ཟིང་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་ཏེ་དཔལ་ནཱ་ལེནྡྲར་ཕེབས་པ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ཐུབ་པའི་བསྟན་ལ་བྱ་བ་མཛད་ཀྱང
20250525
འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་བཞི་ལ་གོ་བ་ཡིན།འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་སྟེ། 1.སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེས་ནི། དེ་བཞིན་གཤེགས་པ་ལ་གཟུགས་དང་མཚན་དུ་མཐོང་ངོ་༎ 2.སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེས་ནི། དེ་བཞིན་གཤེགས་པ་ལ་ཡོན་ཏན
20210914
མདོ་སྡེའི་དབང་གི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་གཉིས་ལ་གོ་བ་ཡིན།མདོ་སྡེའི་དབང་གི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བ་སྟེ། 1.ཁྱིམ་པ། 2.རབ་ཏུ་བྱུང་བའོ༎ དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི། ཁྱིམ་ན་གནས་ཤིང་བསླབ་པའི་གཞི་ལྔ་བཟུང་སྟེ། ཐབས་དང་ཚུལ་སྣ་ཚོགས་ཀྱིས་རྒྱལ་སྲིད་ལ་དབང་བྱེད་དོ
20201217
དཀོན་བརྩེགས་འཕགས་པ་དྲི་མ་མེད་ཀྱིས་བྱིན་པས་ཞུས་པའི་མདོ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་ལ་གོ་བ་ཡིན།དཀོན་བརྩེགས་འཕགས་པ་དྲི་མ་མེད་ཀྱིས་བྱིན་པས་ཞུས་པའི་མདོ་ལས་བྱུང་བ་སྟེ། 1.བྱང་ཆུབ་སེམས་དཔའ་འཇམ་དཔལ། 2.བྱང་ཆུབ་སེམས་དཔའ་ངན་སོང་སྤོང་། 3.བྱང་ཆུབ་སེམས་དཔའ་རིན་ཆེན་ཏོག 4.བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད
20210622
འདི་ལ་གོ་དོན་མི་འདྲ་བ་གཉིས་ཡོད། 1.ས་དང་པོ་རབ་ཏུ་དགའ་བ་ནས་ས་བཅུ་པ་ཆོས་ཀྱི་སྤྲིན་བར་གྱི་རྟོགས་པ་ཐོབ་ཟིན་པའི་བྱང༌ཆུབ་སེམས་དཔའ་སྟེ། ས་བཅུ་པོ་གང་རུང་ལ་གནས་པའི༌བྱང་ཆུབ་སེམས་དཔའ་ཞེས་གོ་དགོས་པའི་སྐབས་གཅིག༌དང་། 2.ས་བཅུ་པ་ཐོབ་ཟིན་པའི་བྱང་ཆུབ་སེམས་དཔའ་ཞེས་གོ་དགོས་པའི་སྐབས་ཤིག་བཅས་གཉིས་ཡོད། །འདི་ལ་གོ་དོན་མི་འདྲ་བ་གཉིས་ཡོད
20180313
《སྤྲེའུ་བྱང་ཆུབ་སེམས་དཔའ》ཞེས་པ་འདི་ནི《དགེ་ལྡན་ལེགས་བཤད》ལས་བྱུང་བའི་ལེགས་བཤད་ཤོ་ལོ་ཀ“མཁས་པ་དང་པོ་མཐུན་ཕྱིན་ཆད༎ མཛའ་བ་ནམ་ཡང་གཏོང་མི་བྱེད༎ སྤྲེའུ་དབང་བོས་སྤྲེའུའི་ཚོགས༎ རྗེས་སུ་བསྐྱངས་པའི་སྤྱོད་ཚུལ་ལྟོས༎”ཞེས་པའི་འགྲེལ་བ་ལས་བྱུང་བའི་གཏམ་རྒྱུད་ཅིག་ཡིན།མཁས་པ་དང་པོ་མཐུན་ཕྱིན་ཆད༎ མཛའ་བ་ནམ་ཡང་གཏོང་མི་བྱེད
20210726
འཕགས་པ་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པའི་མདོ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་བརྒྱད་པ་བསྟན་ཡོད།འཕགས་པ་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། 1.གང་གི་ཚེ་བྱང་ཆུབ་སེམས་དཔའ་ལོག་པ་བརྒྱད་ལས་ཡང་དག་པར་འདས་པ། 2.ཡང་དག་པ་ཉིད་བརྒྱད་ལ་རབ་ཏུ་གནས་པ། 3.ལམ་ཡན་ལག་བརྒྱད་པ་རྣམ་པར་སྦྱང་བ་ལ་མཁས་པ། 4.སྦྱོར་བ་ཡོངས་སུ་མ་རྫོགས་པར
20210622
ཕལ་ཆེན་ལེའུ་ཞེ་ལྔ་པ་སྡོང་པོས་བརྒྱན་པའི་ལེའུ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་ས་བཅུ་ལ་གོ་བ་ཡིན།ཕལ་ཆེན་ལེའུ་ཞེ་ལྔ་པ་སྡོང་པོས་བརྒྱན་པའི་ལེའུ་ལས་བྱུང་བ་སྟེ། 1.བྱང་ཆུབ་ཀྱི་སེམས་ནི། བྱང་སེམས་དཔའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ༎ 2.ལྷག་པའི་བསམ་པ་ནི། དགེ་བའི་བཤེས་གཉེན་གྱི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་
20220215