བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ་ཞེས་པ་འདི་ནི་དཀོན་མཆོག་བསྟན་འཛིན་དང་འཕྲིན་ལས་རྒྱལ་མཚན། པདྨ་གཡུ་སྒྲོན་བཅས་ཀྱིས་བརྩམས་པ་ཞིག་དང་། བོད་གངས་ཅན་གྱི་ལྗོངས་སུ་འགྲོ་བ་མིའི་རིགས་བྱུང་ནས་ཟས་སུ་མ་རྨོས་པའི་ལོ་ཏོག་ཟ་ཞིང་། གོས་སུ་ཤིང་གི་ལོ་མ་གྱོན་པ་ནས་བཟུང་ད་ལྟའི་བར་དུ་བོད་ཀྱི་ལག་ཤེས་བཟོ་ལས་དེ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་པའི་གནས་ཚུལ་སོགས་གསལ་བོར་བཀོད་ཡོད
20161123
གྱི་གླུ་ཚིག་བསྐྱར་ཟློས་བྱེད་བཞིན་གོམ་སྟབས་འགྲིག་པའི་སྒོ་ནས་རྡོག་སྒྲ་དང་བཅས་གླུ་ལེན་བཞིན་ཨར་ཀ་བརྡུངས་ཏེ། ཤུགས་དང་ལྡན་ལ་སྙན་འཇེབས་ཆེན་པོའི་ཨར་ཀ་རྡུང་བའི་གླུ་སྒྲས་སྦྲེལ་མཐུད་ཉིན་ཤས་རིང་ལུང་བའི་ནམ་མཁར་ཁྱབ་ཀྱིན་ཡོད་པ་རེད།ཁོངས་གཏོགས། སྒྱུ་རྩལ། རིགས་དབྱེ། བཟོ་སྐྲུན། འབྱུང་ཁུངས། 《བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ》 ཤོག་ངོས94-96ན་གསལ
20160201
དེང་སང་ཆེས་དར་བ་ནི་རྡོ་ཆེན་གཅིག་ལ་རྡོ་ཆུང་བརྒྱ་ཡིས་བསྐོར་བ་དང་། དེ་རྗེས་གཡུང་དྲུང་ལག་སྦྲེལ་གྱི་རྩིག་ཚུལ་ཡིན་ཞིང་། དེ་མིན་རྡོ་ཡིས་འབྱོར་ན། དཀར་པོ་གྲལ་རེ། སེར་པོ་གྲལ་རེ། སྔོན་པོ་གྲལ་རེ་བྱེད་པའི་རྩིག་ཚུལ་ཡང་ཡོད་དོ། །ཁོངས་གཏོགས། སྒྱུ་རྩལ། རིགས་གྲས། བཟོ་རིག་པ། འབྱུང་ཁུངས། 《བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ》 ཤོག་ངོས79-82ན་གསལ
20160201
འབྱར་སླ་ཞིང་བརྟན་པོ་འོང་བས་གཞི་དེ་ལྟར་གྱི་སྟེང་དུ། ཐོག་མར་ཤིང་གི་འདག་བྱེད་ཀྱིས་ཤེད་ཕྱུང་ནས་བྱུགས་ཏེ་འབྱར་ངེས་བྱ། དེའི་སྟེང་ལྕགས་བྱེད་ཀྱིས་གཤོང་འབུར་བསྙམས། ཚད་ཤིང་གིས་ཁོད་སྙོམ་མིན་བལྟ་ཞིང་བཅོས་མཐར་ལེགས་པར་བརྡར་ནས་འགྲུབ་བོ། །ཁོངས་གཏོགས། སྒྱུ་རྩལ། རིགས་གྲས། བཟོ་རིག་པ། འབྱུང་ཁུངས། 《བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ》ཤོག་ངོས92-94ན་གསལ
20160201
མདོ་སྨད་ཡུལ་དུ་ཅུང་དར་ཁྱབ་ཆེ་བ་ནི་ཕྲུག་ལྭ་དམར་སྨུག་དང་ཕྲུག་ཁྲའི་རིགས་ཡིན། འདིའི་རིགས་ཀྱི་ལག་ཤེས་ནི་ལྷ་སའི་ས་ཆ་མ་གཏོགས་ཁམས་དང་ཨ་མདོའི་ས་ན་འཐག་ཤེས་མཁན་ཉུང་དུ་སྣང་། བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ་རུ། ལྭ་སྣམ་བཏག་ན། བོད་ལུག་གི་སྟོན་བལ་སྤུས་ལེགས་ཅན་བསེད་ནས་སྦོམ་ཕྲ་དང་འཁལ་མདུད་དམ་འུལ་བ་མེད་པ་འཁེལ་བ་ཀུན་ལ་གཅེས་ཏེ། བལ་སྐུད་ཀྱི་གྲུ་གུས་སྣམ་བུ་འདང་ངེས་བྱུང་བ
20180326
ཕག་སྤུའི་ཕག་ཟེ་སོགས་ཤིང་ཚོན་སོགས་བྱུག་པར་མཁོ་བའི་པིར་གྱི་བཟོ་ཐབས་མང་ཡང་། དེ་དག་ནི་དེང་དུས་སུ་རྣམ་གྲངས་མང་ཞིང་། རིན་གོང་ཆུང་བ། སྤྱོད་བདེ་བ་སོགས་ཀྱིས་བཟོ་བོས་ངལ་བ་མི་དགོས་པར་བསམས་ནས་མ་བྲིས་སོ།།འབྱུང་ཁུངས། 《བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།》ཤོག་ངོས159-161ན་གསལ། ཁོངས་གཏོགས། སྒྱུ་རྩལ། རིགས་གྲས། བཟོ་རིག་པ
20160201
དཀར་གྱིས་བཅད་དང་མཛེས་ཆེད་སོགས། ། ངེས་པ་ཅན་དུ་མ་མཆིས་པས། ། སྐབས་དང་བསྟུན་པ་ཁོ་བོས་འདོད། ། ཅེས་ལྷ་བཟོའི་ངག་རྒྱུན་དང་རང་གི་ཉམས་མྱོང་ཕྲན་བུ་ལ་བརྟེན་ནས་བཅད་ཀྱི་ཤེས་བྱ་སྟོང་མིན་ཙམ་དུ་བྲིས་པས་དཔྱད་གཞི་མཛོད་ཅིགཁོངས་གཏོགས། སྒྱུ་རྩལ། རིགས་གྲས། བཟོ་རིག་པ། འབྱུང་ཁུངས། 《བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ》ཤོག་ངོས169-172ན་གསལ
20160201
གཙུག་ཏོར་རྗེས་སུ་བྱས་ནས་ནང་གཞུག་འབུལ། སྐམ་ནས་ཚོན་གདན་གྱི་སྟེང་དུ་གནས་དང་སྐྱེ་མཆེད་སོ་སོ་གླན་ལ། དར་ཤོག་སྲབ་མོས་ཞལ་ཁེབས་བྱ། དེ་སྟེང་ཚོན་རྩ་བཏང་བ་ནི་ལྷ་ཆེན་གྱི་རིགས་ལ་དམིགས་བསལ་དུ་ཤེས་པར་བྱའོ། །ཁོངས་གཏོགས། སྒྱུ་རྩལ། རིགས་གྲས། བཟོ་རིག་པ། འབྱུང་ཁུངས། 《བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ》 ཤོག་ངོས215-224ན་གསལ
20160201
དབྱེན་ཟླུམ་དེ་རྒྱུ་དུག་གསུམ་དང་། ། ལྟོ་བཅད་རྣམ་ཐར་བརྒྱད་མཚོན་ནོ། ། ཞེས་སྐུ་གདུང་ཆ་བརྒྱད་ཀྱི་བརྡ་ཁྱབ་དང་རྒྱན་གྱི་ཡོན་ཏན་བཅས་པའི་ཚིགས་སུ་བཅད་པ་འདི་ནི་བྱ་ཀུན་ཁྱབ་ཀྱི་ཐུགས་རྟེན་བཤད་པ་ལ་གཞིར་བྱས་ནས་བྲིས་པའོ། །ཁོངས་གཏོགས། རིག་གནས། རིགས་གྲས། ནང་དོན་རིག་པ། འབྱུང་ཁུངས། 《བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ》ཤོག་ངོས306-320ན་གསལ
20160201
ཐལ་བཤལ་རྗེས་ཡང་དུ་མེ་དང་ཉི་མའི་དྲོད་ཕོག་ན། ཐལ་བ་སྣུམ་གྱིས་ཟོས་ནས་ཁ་དོག་ནག་པོར་འགྲོ་བས་དེ་ལ་ཡི་གེ་དང་རི་མོ་གསལ་བོ་མི་དོད། ཐལ་བྱང་གི་ངོས་ལ་ལག་པ་དང་གོས་སོགས་ཀྱིས་རེག་བརྡར་ཤོར་ན་རྫོད་སླ་བ་ཤེས་པར་བྱའོ། །འབྱུང་ཁུངས། 《བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ》ཤོག་ངོས270-274ན་གསལ། ཁོངས་གཏོགས། སྒྱུ་རྩལ། རིགས་གྲས། བཟོ་རིག་པ
20160201