ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 107 ཡོད།

བསྙེན་པར་རྫོགས་པ།

1.དགེ་སློང་གི་སྡོམ་པ་ནོད་པའམ་དགེ་སློང་བསྒྲུབས་པ། 2.བསྙེན་རྫོགས་ཀྱི་སྡོམ་པ།རྒྱ་ཡིག 受近圆戒,受比丘戒 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། [1]དགེ་སློང་གི་སྡོམ་པ་ནོད་པའམ་དགེ་སློང་བསྒྲུབས་པ། 受近圆戒,受比丘戒。[2]བསྙེན་རྫོགས་ཀྱི་སྡོམ་པ། 近圆戒,比丘律仪

20230801

བསྙེན་པར་རྫོགས་པ་རྣམ་པ་བཅུ།

འདུལ་བ་གཞུང་དམ་པ་དང་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་གཉིས་ལས་བྱུང་བའི་བསྙེན་པར་རྫོགས་པ་རྣམ་པ་བཅུ་ལ་གོ་བ་ཡིན།འདུལ་བ་གཞུང་དམ་པ་ལས་བྱུང་བ་ཁག་གཅིག་སྟེ། 1.དེ་བཞིན་གཤེགས་པ་སློབ་དཔོན་མེད་པར་བསྙེན་པར་རྫོགས་པ། 2.ཡེ་ཤེས་མངོན་པར་རྟོགས་ནས་བསྙེན་པར་རྫོགས་པ། 3.འོད་སྲུང་ཆེན་པོས་སྟོན་པར་ཁས་བླངས་ཏེ་བསྙེན་པར་རྫོགས་པ

20211214

བསྙེན་པར་རྫོགས་པ་རྣམ་པ་བརྒྱད།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་བསྙེན་པར་རྫོགས་པ་རྣམ་པ་བརྒྱད་ལ་གོ་བ་ཡིན།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། 1.རང་བྱུང་གིས་བསྙེན་པར་རྫོགས་པ། 2.གསུམ་ལ་སྐྱབས་སུ་སོང་བས་བསྙེན་པར་རྫོགས་པ། 3.ཕོ་ཉས་བསྙེན་པར་རྫོགས་པ། 4.ངེས་པ་རྣམ་པར་བགྲོད་པས་བསྙེན་པར་རྫོགས་པ། 5.དགེ་སློང་ཚུར་ཤོག་གིས

20210521

མངོན་སུམ་དུ་གྱུར་ནས་བསྙེན་པར་རྫོགས་པ་བཅུ།

འདུལ་བ་གཞུང་དམ་པ་ལས་བྱུང་བའི་མངོན་སུམ་དུ་གྱུར་ནས་བསྙེན་པར་རྫོགས་པ་བཅུ་ལ་གོ་བ་ཡིན།འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། 1.སྟོན་པ་མངོན་སུམ་དུ་གྱུར་ནས་བསྙེན་པར་རྫོགས་པ། 2.སངས་རྒྱས་མངོན་སུམ་དུ་གྱུར་པ། 3.ཆོས་མངོན་སུམ་དུ་གྱུར་པ། 4.མཁན་པོི་མངོན་སུམ་དུ་གྱུར་པ། 5.སློབ་དཔོན་མངོན་སུམ་དུ་གྱུར་པ། 6.བསྙེན་པར་རྫོགས་པ་མངོན་སུམ་དུ་གྱུར་པ

20211124

བསྙེན་པར་རྫོགས་པའི་ལས།

བསྙེན་པར་རྫོགས་པའི་ཆོ་གའམ་བྱ་བ།རྒྱ་ཡིག 受具羯磨 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། བསྙེན་པར་རྫོགས་པའི་ཆོ་གའམ་བྱ་བ། 受具羯磨。受近圆戒仪轨或事业。

20230801

བསྙེན་རྫོགས།

དགེ་སློང་སྟེ། རྫོགས་པ་ནི་སྤང་རྟོགས་མཐར་ཐུག་པའི་མྱང་འདས་ཡིན་ལ། བསྙེན་པ་ནི་དེ་དག་མྱུར་དུ་བསྒྲུབ་པ་ལ་འཇུག་པས་བསྙེན་པར་རྫོགས་པ་ཞེས་བྱ།རྒྱ་ཡིག 近圆,乞士 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། དགེ་སློང་སྟེ། རྫོགས་པ་ནི་སྤང་རྟོགས་མཐར་ཐུག་པའི་མྱང་འདས་ཡིན་ལ། བསྙེན་པ་ནི་དེ་དག་མྱུར་དུ་བསྒྲུབ་པ་ལ་འཇུག་པས་བསྙེན་པར་རྫོགས་པ་ཞེས་བྱ

20230801

བསྙེན་པར་རྫོགས་པའི་རྒྱུ་བཞི།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་བསྙེན་པར་རྫོགས་པའི་རྒྱུ་བཞི་ལ་གོ་བ་ཡིན།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། 1.དགེ་འདུན་གྱི་ཚོགས་རྣམས་ཀུན་ཏུ་ཚོགས་པ། 2.མཚམས་བཅིངས་པ། 3.གསོལ་བ་བྱེད་པ་པོ་ཚུལ་ཁྲིམས་དང་ལྡན་པ། 4.བར་ཆད་ཀྱི་ཆོས་རྣམས་མེད་པ་དང་། ལས་དམ་པའོ༎འབྱུང་ཁུངས། 《བསྟན་འགྱུར་དབུ་མ་ཧ་པ

20210712

བསྙེན་པར་རྫོགས་པ་མངོན་དུ་གྱུར་པ་བཅུ།

མངོན་གྱུར་བཅུ་དང་དོན་གཅིག1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། མངོན་གྱུར་བཅུ་དང་དོན་གཅིག བསྙེན་རྫོགས་སྒྲུབ་པར་མངོན་གྱུར་བཅུ་ཚང་དགོས་པ་སངས་རྒྱས་མངོན་གྱུར། ཆོས་མངོན་གྱུར། དགེ་འདུན་མངོན་གྱུར། མཁན་པོ་མངོན་གྱུར། སློབ་དཔོན་མངོན་གྱུར། བསྙེན་པར་རྫོགས་འདོད་མངོན་གྱུར། ཡོ་བྱད་མངོན་གྱུར། ཡང་དག་མངོན་གྱུར། གསོལ་བ་མངོན་གྱུར

20230801

བསྙེན་པར་རྫོགས་འདོད་མངོན་གྱུར།

བསྙེན་པར་རྫོགས་པའི་མངོན་གྱུར་བཅུའི་ཡ་གྱལ་ཞིག་སྟེ། རྒྱུའི་ཀུན་སློང་ཐོབ་འདོད། དུས་ཀྱི་ཀུན་སློང་ཐོབ་ཤེས། འགལ་རྐྱེན་ངེས་པ་ལྔ་བྲལ་གྱི་བསམ་པ། མཐུན་རྐྱེན་ཕུན་ཚོགས་གསུམ་ལྡན་གྱི་བསམ་པ་དེ་ཐམས་ཅད་ངེས་འབྱུང་གི་བསམ་པས་རྩིས་ཟིན་པ།རྒྱ་ཡིག 欲乐近圆现前 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། བསྙེན་པར་རྫོགས་པའི་མངོན་གྱུར་བཅུའི་ཡ་གྱལ་ཞིག་སྟེ

20230801

བསྙེན་པར་རྫོགས་པའི་ཁ་སྐོང་གི་ཆོས་བཅུ་བཞི།

《ཀློང་རྡོལ་གསུང་འབུམ》ལས་བྱུང་བའི་བསྙེན་པར་རྫོགས་པའི་ཁ་སྐོང་གི་ཆོས་བཅུ་བཞི་ལ་གོ་བ་ཡིན།བསྙེན་པར་རྫོགས་པའི་ཁ་སྐོང་གི་ཆོས་བཅུ་བཞི། དེ་ཡང་། འགྲེང་བ་མ་ཡིན་པའི་གང་ལ་བྱ་བ་མིན། ། འདུན་སོགས་ཕུལ་མིན་བསྙེན་པར་མ་རྫོགས་མིན། ། ཉམས་དང་མཚམས་མེད་སྡིག་ལྟ་ཅན་མ་ཡིན། ། ས་གཞན་དང་ནི་ཐ་དད་དུ་མི་གནས། ། འཁྲུལ་མིན་མཚམས་གཞན་མ་ཡིན་དཀོན་མཆོག་ཡིན

20201105