ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 46 ཡོད།

བཙེམ།

དབྱིན་ཡིག to sew, to stitch 1.དག་ཡིག་གསར་བསྒྲིགས་ལས། (བྱེད་འབྲེལ་ལས་ཚིག་མ་འོངས་པ)ཁབ་དང་སྐུད་པས་གོས་སོགས་དྲུབ་པའི་དོན་ཏེ། གོས་བཙེམ་དགོས། བཙེམ་བྱའི་གོས་ཞེས་པ་ལྟ་བུ། 【འཚེམ】ནི་ད་ལྟ་བ་སྟེ། ལྭ་བ་འཚེམ་གྱིན་འདུག ལྭ་བ་འཚེམ་མཁན། འཚེམ་བྱེད་ཀྱི་ཁབ་དང་སྐུད་པ་ལྟ་བུ། 【བཙེམས】ནི་འདས་པ་སྟེ། དམག་ལྭ

20180115

ཞོ་ཧུའུ་རི་བོའི་རུས་ཁབ།

སྤྱོད་པ་ལས་གཞན། དེ་ཚོའི་པགས་པ་བཤུས་ཏེ་ལྭ་བ་བཟོ་བའི་རྒྱུ་ཆར་སྤྱོད། གདོད་མའི་མིས་རྡོ་ཆས་བཀོལ་ཏེ་ཀོ་པགས་ལེབ་མོར་གཏུབས་རྗེས། ཀོ་པགས་སྲབ་མོ་རྣམས་རུས་ཁབ་ཀྱིས་ཐད་གར་བཙེམ་པའམ། མཐུག་པོ་དག་ཐོག་མར་ཁུང་བུ་ཕུག་ཅིང་དེ་ནས་དེ་ནས་ད་གཟོད་རུས་ཁབ་ཀྱིས་བཙེམ་སྟེ་ལྭ་བ་བཟོ། གདོད་མའི་མིས་སྲོག་ཆགས་ཀྱི་རྩ་ཡིས་སྐུད་པའི་ཚབ་བྱས་ཏེ་ཀོ་པགས་བཙེམ་

20240425

ཐང་ཁུག

སྤངས་གཡོ་སྤྱད་མ་བཙེམ་པའི་སྐྱི་ཀོའི་སྣོད།རྒྱ་ཡིག 糌粑包皮 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སྤངས་གཡོ་སྤྱད་མ་བཙེམ་པའི་སྐྱི་ཀོའི་སྣོད། 糌粑包皮。揉和糌粑的小幅獐子皮。

20240103

ད་བྱིད་དགུ་སྦྱོར།

དགུ་སྦྱོར་ད་བྱིད་སྨུག་པོ་ཛཱ་ཏི་དང་། །མི་དང་བྱི་ལ་སྲམ་གྱི་མཇུག་ཏོ་དང་། ། ཅོང་ཞི་མུ་ཟི་བྲག་ཞུན་ཐང་ཕྲོམ་པ། ། ཁྲལ་ཁྲོལ་བརྡུངས་ཏེ་མཆིལ་པའི་ཁོག་པར་བླུག ། དར་སྐུད་ཀྱིས་བཙེམ་མར་གྱི་ནང་དུ་བཙོ། ། མར་དེ་བུ་རམ་སྦྱར་ལ་ཤ་སྐམས་བཏབ། ། ཁྱེའུ་སུས་དུས་ན་ཁྱེམ་བུ་རེ་རེ་བསྟེན། ། དེ་རྣམས་ཀུན་གྱིས་ལུས་སྟོབས་བསྐྱེད་བྱེད་ཅིང་། ། མཁལ་མའི་དྲོད་སྐྱེད་ས་བོན

20230628

ཐང་རྐྱལ།

ཐང་ཁུག་དང་དོན་གཅིག1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཐང་ཁུག་དང་དོན་གཅིག སྤགས་གཡོ་བྱེད་དུ་སྤྱོད་པའི་མ་བཙེམ་པའི་སྐྱི་ཀོའི་སྣོད་ཅིག

20240103

ཆུ་ལོག་མ་བྱུང་སྔོན་དུ་འགོག་སྲུང་བྱེད་ཐབས།

སྐྱོབ་པར་སྟབས་བདེ་བཟོ་དགོས། འཁྱེར་མི་བདེ་བའི་དངོས་པོ་རྩ་ཆེའི་རིགས་ས་འོག་ཏུ་སྦ་བའམ་མཐོ་སར་འཇོག་པ། དངུལ་བྱང་དང་རྒྱན་ཆ་སོགས་དངོས་པོ་རྩ་ཆེ་རྣམས་ལྭ་བའི་ནང་ངོས་སུ་བཙེམ་ནས་འཁྱེར་ཆོག སྨན་དང་འབར་ཞུན་སོགས་དངོས་པོ་གྲ་སྒྲིག་ལེགས་པོ་བྱེད་པ། བེད་སྤྱོད་བྱེད་ཐུབ་པའི་བརྡ་གཏོང་སྒྲིག་ཆས་སོགས་བདག་གཉེར་ལེགས་པོ་བྱས་ཏེ། ཕྱི་རོལ་དང་བརྡ་གཏོང

20240228

རྨས་སྐྱོན།

སྨན་ཕྱེ་རྨ་ཁར་སྟོར་བའམ་ཁྲག་གཅོད་སྨན་ཁབ་རྒྱག་དགོས། དེ་ནས་རྨ་མཐའི་བལ་རྩིད་བྲེགས་ཏེ་ཚྭ་ཆུ་དང་ཆང་བཅུད་ཀྱིས་རྨ་ཁ་གཙང་མར་བཀྲུས་རྗེས་རྨ་ཁ་སེང་རས་ཀྱིས་བཏུམ་དགོས། རྨ་ཁ་ཆུང་ཞིང་གཏིང་མི་ཟབ་པ། སོས་བར་མི་གནོད་པ་ཡིན་ན་བཙེམ་མི་དགོས།བོད་ཡིག་གི་མིང་། རྨས་སྐྱོན། ཁོངས་གཏོགས། ཕྱུགས་ནད། རིགས་དབྱེ། ནད་ཡམས

20190121

ཕག་གྲོད།

གྲོད་པུར་འཇུག་པ། ལ་ལ་ཞིག་གིས་ཆེད་དུ་ཕག་ཚིལ་དང་ཤ་ནག་ཀྱང་འཇུག དེ་ནས་དབྱུག་པ་ཕྲ་མོ་ཞིག་བཙལ་ནས། རིང་ཚད་ལ་ལིས་སྨིས30ཙམ། སྣ་གཅིག་རྣོན་པོར་བཞོག་པ། ཁབ་ཀྱིས་གོས་བཙེམ་པ་ལྟར་ཕག་གི་གྲོད་ཁ་ཤ་མོག་བཅའ་བའི་དབྱིབས་ལྟར་བཙེམ་པ། དེ་ནས་ཐག་སྐུད་ཅིག་གིས་ཁ་དམ་པོར་སྡོམ་པ། བར་གསེང་ཅི་ཡང་མེད་ན། ཐབ་ནང་གི་སོས་མེ་དམར་ལམ་ལམ་བྱེད་སར་གྲོད་པའི

20190328

འབག་འབྲོའི་འཆམ་གོས།

བཅས་ཀྱི་དར་གོས་ཡིན། སྟོད་གོས་ཀྱི་འདབས་སུ་ལིས་སྨི10ནས13བར་གྱི་རས་ནག་པོ་ཞིག་གིས་མཐའ་ཤན་བརྒྱབ་ཡོད་པར་མ་ཟད། ལིས་སྨི8ནས10བར་གྱི་ཚོན་སྐུད་དཀྱིལ་དུ་བཙེམ་ཡོད།འབག་བྲོ་ནི་དྭགས་པོ་བ་རྣམས་ཀྱིས་གནའ་ནས་ད་བར་བརྒྱུད་པའི་གནའ་བོའི་ཞབས་བྲོ་ཞིག་ཡིན། དེ་ཡི་འཆམ་གོས་ལ་ཡུན་རིང་གི་ལོ་རྒྱུས་ལྡན། དེ་ནི་དྭགས་པོ་བའི་བུད་མེད་ཀྱིས

20190328

སྒྲོག་གུ་འདོགས་པ།

སྐབས་སུ“﹢”དབྱིབས་སམ“□”དབྱིབས་གང་རུང་བྱས་ནས་བཙེམས་ཆོག་ལ། “=”དབྱིབས་ལྟར་བཙེམས་ཀྱང་ཆོག གལ་ཏེ་སྒྲོག་གུ་ཁུང་མིག་ཆ་ཅན་ཡིན་ན“-”དབྱིབས་ལྟར་བཙེམ་དགོས། སྒྲོག་གུ་འཚེམ་སྐབས་མཉམ་འཇོག་དགོས་པ་ཞིག་ནི་ཕར་ཚུར་དུ་འཚེམ་པའི་སྐུད་པ་གྲིམ་དྲགས་མི་རུང་བར་ཅུང་ལྷོད་ཙམ་བྱས་ནས་བཙེམ་དགོས་ཏེ། སྐུད་པ་གྲིམ་དྲགས་ན་སྒྲོག་གུ

20190103