ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 200 ཡོད།

ཐོར་མ།

ཕྲན་ཚེགས་སམ། ཕྲན་བུ།རྒྱ་ཡིག 零散,零星,杂碎,少许 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཕྲན་ཚེགས་སམ། ཕྲན་བུ། 形容词。零散,零星,杂碎,少许:ཡོ་བྱད་ཐོར་མ། 零星器物。ཅ་ལག་ཐོར་མ། 零星家具

20240401

འདུལ་བ་སྡེ་བཞི།

འདུལ་བའི་སྡེ་སྣོད་ཀྱི་གཞུང་བཞི་ཡིན།སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཐེག་དམན་གྱི་འདུལ་བའི་སྡེ་སྣོད་ཀྱི་གཞུང་བཞི་སྟེ། འདུལ་བ་རྣམ་འབྱེད་དང་། འདུལ་བ་ལུང་གཞི་དང་། འདུལ་བ་ཕྲན་ཚེགས་དང་། འདུལ་བ་གཞུང་དམ་པ་བཅས་སོ། ། 四种律典,四部毗奈耶。释迦牟尼佛所说小乘律藏四部:律分别、律本事、律杂事和律上分

20180528

གྲིའུ་རྣམ་པ་གཉིས།

འདུལ་བ་ཕྲན་ཚེགས་ལས་བྱུང་བའི་གྲིའུ་རྣམ་པ་གཉིས་ལ་གོ་བ་ཡིན།འདུལ་བ་ཕྲན་ཚེགས་ལས་བྱུང་བ་སྟེ། 1.བྱ་རོག་གི་མཆུ་ལྟ་བུ། 2.བྱ་གག་གི་གཤོག་པ་ལྟ་བུའོ། །འབྱུང་ཁུངས། 《འདུལ་བ་ཐ་པ》ཤ46བ5ལས་བཏུས། རིགས་དབྱེ། ནང་དོན་རིག་པ།

20201118

རྒྱལ་པོའི་རྟགས་ལྔ།

འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བའི་རྒྱལ་པོའི་རྟགས་ལྔ་ལ་གོ་བ་ཡིན།འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་སྟེ། 1.གཙུག་ཏོར། 2.གདུགས། 3.རལ་གྲི། 4.རྔ་ཡབ་ནོར་བུའི་ཡུ་བ་ཅན། 5.ལྷམ་ཁྲ་བོ་ཅན་ནོ༎འབྱུང་ཁུངས། 《འདུལ་བ་ཐ་པ》ཤ125བ7ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20220111

བཤེས་པ་འབྱེད་པ་གསུམ།

འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བའི་བཤེས་པ་འབྱེད་པ་གསུམ་ལ་གོ་བ་ཡིན།འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་རྒྱལ་པོ་གཏུམ་པོ་རབ་སྣང་ལ་གསོས་པས་ལན་བཏབ་པ་སྟེ། 1.བཤེས་པ་རྣམས་ལ་མི་བསྟེན་པ། 2.ཧ་ཅང་བསྟན་པ། 3.དུས་མ་ཡིན་པར་བློང་བྱེད་པའོ༎འབྱུང་ཁུངས། 《འདུལ་བ་ད་པ》ཤ29ན4ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210517

སྦྲང་ཡབ་ལྔ།

འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བའི་དགེ་སློང་གི་སྦྲང་ཡབ་ལྔ་ལ་གོ་བ་ཡིན།འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་དགེ་སློང་གི་སྦྲང་ཡབ་ལྔ་སྟེ། 1.བལ་ལས་བྱས་པ། 2.ཤ་ན་ལས་བྱས་པ། 3.རས་བལ་ལས་བྱས་པ། 4.རས་མ། 5.ཚོ་མ་སྦམས་པའོ༎འབྱུང་ཁུངས། 《འདུལ་བ་ཐ་པ》ཤ92ན3ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20220315

གྲིའུ་རྣམ་པ་གསུམ།

འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་དགེ་སློང་གི་གྲིའུ་རྣམ་པ་གསུམ་ལ་གོ་བ་ཡིན།འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་དགེ་སློང་གི་གྲིའུ་སྟེ། 1.གྲིའུ་ཆེན་པོ་ནི་སོར་དྲུག་གོ ། 2.གྲིའུ་འབྲིང་པོ་ནི། གྲིའུ་ཆེ་ཆུང་གཉིས་ཀྱི་བར་མའོ༎ 3.གྲིའུ་ཆུང་ངུ་ནི། སོར་བཞིའོ༎འབྱུང་ཁུངས། 《འདུལ་བ་ཐ་པ》ཤ45བ7ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210124

སྐྱེས་བུ་ཐ་ཤལ་གསུམ།

འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བའི་སྐྱེས་བུ་ཐ་ཤལ་གསུམ་ལ་གོ་བ་ཡིན།འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་རྒྱལ་པོ་གཏུམ་རབ་སྣང་ལ་གསོས་པས་ལན་བཏབ་པ་སྟེ། 1.རྟག་ཏུ་གཞན་གྱི་ནོར་ལ་སེམས་པ། 2.བདག་ཉིད་འདོད་པ་རྣོག་པར་བྱེད་པ། 3.དེ་བཞིན་སྡུག་བསྔལ་ལ་དགའ་བའོ། །འབྱུང་ཁུངས། 《འདུལ་བ་ད་པ》ཤ 29ན5ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210122

བསགས་པ་དོན་མེད་དུ་གྱུར་པ་བཞི།

འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བའི་བསགས་པ་དོན་མེད་དུ་གྱུར་པ་བཞི་ལ་གོ་བ་ཡིན།འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་རྒྱལ་པོ་གཏུམ་པོ་རབ་སྣང་ལ་གསོས་པའི་ལན་བཏབ་པ་སྟེ། 1.ཉ་ཡི་སྒོ་ང་། 2.ཨ་སྨྲའི་མེ་ཏོག 3.སྡུག་བསྔལ་དུ་གྱུར་པའི་དོན་གཉེར་བ། 4.སྟོན་ཀའི་སྤྲིན་པའོ༎འབྱུང་ཁུངས། 《འདུལ་བ་ད་པ》ཤ30ན3ལས་བཏུས། རིགས་དབྱེ

20211216

ཆོས་གོས་དྲ་བར་མི་བྱ་བ་ལྔ།

འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བའི་དགེ་སློང་ལ་རྙེད་པར་བྱུང་བ་ཆོས་གོས་དྲ་བར་མི་བྱ་བ་ལྔ་ལ་གོ།འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་དགེ་སློང་ལ་རྙེད་པར་བྱུང་བ་སྟེ། 1.བེའུ་རས་ཐམས་ཅད། 2.ལ་བ་ཐམས་ཅད། 3.ཕྱིང་པ་ཐམས་ཅད། 4.ཀླམ་ཐམས་ཅད། 5.སེང་བ་ཐམས་ཅད་དང་ལྔའོ༎འབྱུང་ཁུངས། 《འདུལ་བ་ཐ་པ》ཤ71ན5ལས་བཏུས། རིགས་དབྱེ

20220208