ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 90 ཡོད།

ཕོ་མཚན།

ལུས་ཕྱི་ལ་ཐོན་པའི་ཕོ་དབང་གི་ཆ་ཤས་ཀྱི་མིང་།རྒྱ་ཡིག 男生殖器 དབྱིན་ཡིག penis 1.དག་ཡིག་གསར་བསྒྲིགས་ལས། ལུས་ཕྱི་ལ་ཐོན་པའི་ཕོ་དབང་གི་ཆ་ཤས་ཀྱི་མིང་། 2.བརྡ་དག་མིང་ཚིག་གསལ་བ་ལས། ཆགས་པའི་རྒྱལ་མཚན། 男性生殖器。(同)ཕོ་རྟགས། 3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སྐྱེས་པ་ཕོ་མཚོན་པའི་རྟགས་སམ་མཚན་མ

20161129

ཕོ་མཚན་གྱི་ནད།

དེ་ཡང་གཞན་ལ་གསང་བར་བྱ་བའི་ཡུལ་ཡིན་པ་དང་ཕོ་མོ་སོ་སོར་མཚོན་པར་བྱེད་པས་མཚན་མ་སྟེ་དེའི་ནད་ལ། ཕོ་མཚན་གྱི་ནད་དང་མོ་མཚན་གྱི་ནད་གཉིས་ཡོད་པ་ལས་མོ་མཚན་གྱི་ནད་ནི་མོ་ནད་གསོ་བའི་སྐབས་ལས་ཤེས་བར་འགྱུར་བས་འདིར་ཕོ་མཚན་གྱི་ནད་བཤད་པ་ནི། ཕོ་མཚན་གྱི་ནད་གཏན་ལ་འབེབས་པ་ལ། རྒྱུ་རྐྱེན་དང་དབྱེ་བ་དང་། རྟགས་དང་། བཅོས་པའི་ཐབས་དང་རྣམ་པ་བཞི་ཡོད

20160927

ཕོ་མཚན་གྱི་ནད་རྣམ་པ་ལྔ།

སྨན་དཔྱད་གཅེས་པ་གྲུབ་པ་ཞེས་བྱ་བ་ལེའུ་སོ་གཅིག་པ་ལས་བྱུང་བའི་ཕོ་མཚན་གྱི་ནད་རྣམ་པ་ལྔ་ལ་གོ་བ་ཡིན།1.རླུང་ལས་གྱུར་པའི་ཕོ་མཚན་གྱི་ནད་ནི། པགས་པ་འགགས་ཤིང་ན་ལ། ཡང་གྲང་བ་དང་། ཡང་མདོག་སྔོ་སྐྱར་འདུག་ཅིང་རྩུབ་པ་ཡིན་ནོ༎ 2.མཁྲིས་པ་ལས་གྱུར་པ་ནི་ཚ་ཞིང་མདོག་དམར་བ་ཡིན་ནོ༎ 3.བད་ཀན་ལས་གྱུར་པ་ནི་གཡའ་ཞིང་མཁྲང་བ་ཡིན་ནོ༎ 4

20220224

ཕོ་མཚན་སྐྲངས་འཇོམས་བྱུག་སྨན།

རེ་བུད་མེད་ཀྱི་ཆུ་ལ་སྦྱར་ནས་ཉིན་རེར་ཐེངས2-3རེ་ཕུལ་དགོས། སྨན་འདི་ནི་བྱུག་སྨན་སྦྱོར་བ་ཞིག་ཡིན་ལ། སྣོད་དམ་པོའི་ནང་བླུགས་ནས་རླན་ལ་འཛེམ་དགོས།སྨན་གྱི་མིང་། ཕོ་མཚན་སྐྲངས་འཇོམས་བྱུག་སྨན། ཁོངས་གཏོགས། གསོ་རིག མདོག སེར་སྨུག ངོ་བོ། རོ་ཚ་ལ་ཅུང་བསྐ་བ། ནུས་པ་སྙོམས་པའི་སྨན་གྱི་སྦྱོར་བ་ཞིག་ཡིན། ཕན་ཡོན། ཕོ་མཚན་སྐྲངས་པའི་ནད་ལ་ཕན་ནོ

20191217

ཕོ་མཚན་ནད་ཀྱི་དབྱེ་བ་དགུ།

《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང》ལས་བྱུང་བའི་ཕོ་མཚན་ནད་ཀྱི་དབྱེ་བ་དགུ་ལ་གོ་བ་ཡིན།1.འབྲུམ་པ་ཅན། 2.མདུད་འདྲ། 3.སྦུབས་སྦྱར། 4.གྲ་མ་ཅན། 5.སོས་ཟིན་ལ་རླུང་ལས་གྱུར་པ། 6.མཁྲིས་པ་ལས་གྱུར་པ། 7.ཁྲག་ལས་གྱུར་པ། 8.བད་ཀན་ལས་གྱུར་པ། 9.འདུས་པ་ལས་གྱུར་པའོ༎ ཕོ་མཚན་ནད་ཀྱི་རྒྱུ་རྐྱེན་གཞི་མཐུན

20210917

སེར་པོ་བདུན་པ།

ཡང་བཟོས་ན་རུང་། སྨན་འདི་ཁ་དོག་སྨུག་སྐྱ་ཅན། རོ་མངར་ལ་ཚ་བ། ནུས་པ་སྙོམས་པ། བཟི་མེད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན། སྨན་འདིའི་ཕན་ཡོན་ནི། ཚ་གྲང་རྟས་བསྒྱུར་འཕུལ་བ་ཡིས། ། ཕོ་མཚན་ན་ཞིང་ས་བོན་འཛག ཆུ་བཏང་དཀའ་ཞིང་ཟུག་གཟེར་ཆེ།།མཁལ་ལྒང་གྲང་བསིལ་དཔྱི་རྐེད་ཟུག མཁལ་ནད་རྩར་བབས་རྣག་ཁྲག་འབྱུང་། །སྦྱོར་བ་འདི་ཉིད་ལྷག་པར་བསྔགས། །གཅིན་སྙི་ཟ་ཁུའི་ནད

20230823

རྒྱུ་ལྔས་འདོད་ཆགས་དང་མ་བྲལ་བའི་ཕོ་མཚན་ལས་སུ་རུང་བར་འགྱུར་བ་ལྔ།

འདུལ་བ་གཞུང་དམ་པ་ལས་བྱུང་བའི་རྒྱུ་ལྔས་འདོད་ཆགས་དང་མ་བྲལ་བའི་ཕོ་མཚན་ལས་སུ་རུང་བར་འགྱུར་བ་ལྔ་ལ་གོ་བ་ཡིན།འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། 1.བཤང་བ་འགགས་པར་གྱུར་པ། 2.གཅི་བ་འགགས་པར་གྱུར་པ། 3.རླུང་འགགས་པར་གྱུར་པ། 4.སྲོག་ཆགས་ཨུ་ཙ་ཏིང་ཀས་ཟིན་པར་གྱུར་པ། 5.འདོད་པའི་འདོད་ཆགས་ཀྱིས་ཀུན་ཏུ་དཀྲིས་པར་གྱུར་པའོ

20220112

མཇེ།

ཕོ་མཚན་གྱི་མིང་།རྒྱ་ཡིག 阴茎 དབྱིན་ཡིག penis 1.དག་ཡིག་གསར་བསྒྲིགས་ལས། ཕོ་མཚན་གྱི་མིང་གཞན། 2.བརྡ་དག་མིང་ཚིག་གསལ་བ་ལས། ཕོ་མཚན། 男生殖器。 3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། ཕོ་མཚན་ནམ། ཕོ་རྟགས། སྐྱེས་པའི་གསང་གནས་སུ་ཡོད་པའི་གཅིན་དང་ཁུ་བ་འབྱིན་སྡོམ་བྱེད་པའི་དབང་པོ། 4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཕོ་མཚན་

20160517

དཀྲེ།

ཕོ་མཚན་གྱི་ཏོགརྒྱ་ཡིག 龟头 དབྱིན་ཡིག the tip of the penis 1.དག་ཡིག་གསར་བསྒྲིགས་ལས། ཕོ་མཚན་གྱི་མགོ་བོ། (གསོ་བ་རིག་པའི་བརྡ) 2.བརྡ་དག་མིང་ཚིག་གསལ་བ་ལས། ཕོ་མཚན་གྱི་ཏོག 龟头,男性生殖器的顶端。 3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། [སྙིང]ཕོ་མཚན་གྱི་ཏོག 龟头。阴茎前段

20160301

མཁྲིས་པའི་ཟ་ཁུ།

ཀྱིས་འདེབས། ཚ་ལ་སྐོམ་དད་ཆེ། སྐྱུར། བརྒྱལ། ཚད་པར་འཁྲུ་བ་འདི་ལྟ་བུ་ནི་མཁྲིས་པ་ལས་གྱུར་བའི་ཟ་ཁུའི་ནད་ཐབས་ཡིན་ནོ།། ཞེས་གསུངས་སོ།། གསོ་རིག་རྒྱུད་བཞི་ལས། མཁྲིས་གྱུར་ཕོ་མཚན་ལྒང་བར་ཟུག་ཅིང་ན།། ཁ་སྐམ་ལུས་ཚ་འཁྲུ་ཞིང་རིམས་ཀྱིས་འདེབས།། ཞེས་པ་ལྟར་ཕོ་མཚན་དང་ལྒང་བར་ན་ཟུག་བྱེད་ཅིང་ཁ་སྐམ་ལ་ལུས་དྲོད་ཚ་བ། སྐབས་སུ་འཁྲུ་ཞིང་རིམས་ཀྱིས་འདེབས

20190327