ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 8 ཡོད།

མི་འོས་པའི་གཟུགས་ཅན།

སྲབ་འཇམ་རོ་འཛིན་གློག་དམར་རབ་འཁྱུག་ཅིང་།། མ་འདྲེས་རྣམ་པར་གསལ་བའི་སྤྱན་གྱི་འཇའ།། སྨིན་མའི་ནགས་ཀླུང་སྟུག་པོའི་ཁྲོད་ན་གཡོ།། ཞེས་པ་ལྟ་བུ། དུང་དཀར་བས། བོད་ལྗོངས་ནོར་འཛིན་བུ་མོའི་བཞིན་རས་ངོགས།། ཞིང་འབྲོག་ཐོན་སྐྱེད་པདྨ་བཞད་པའི་ཚལ།། རྒྱལ་ཁའི་འཕྲིན་བཟང་སྒྲོགས་པའི་གཏམ་སྙན་གྱི།། འདབ་བརྒྱའི་ཕྲེང་མཛེས་ཀུན་གྱི་མགུལ་བར་བརྒྱན

20160304

མགོ་རའི་ཡུལ་ལྷའི་ལྷ་ཁང་།

ལྷ་བཟོ་མཆོག་ཉིད་ཀྱིས་ཞལ་ཐང་འདི་བཞེངས་ནས་གཙོ་སྐུའི་སྤྱན་འབྱེད་སྐབས་སུ་གློ་བུར་དུ་ཆར་ཞོད་བབས་ཏེ་འབྲུག་སྒྲས་ནམ་མཁའ་འགེངས་པར་བྱས་ཤིང་སྤྱན་ཕྱེས་རྗེས་ཉི་འོད་ཀྱི་འཛུམ་རིས་ནོར་འཛིན་བུ་མོའི་ཁྱོན་དུ་སྤྲོས་པ་སོགས་སྐྱབས་གནས་དཔུང་གཉེན་བྱེད་པའི་མཚན་མ་བཟང་བོས་མངོན་པར་དགེ་ཞིང་ཞལ་ཐང་འདི་ཉིད་ལེགས་པར་གྲུབ་རྗེས་དཔོན་པོ་ཉི་མ་དང་འབུམ་རྩེ་རྒྱལ

20170321

ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཡོན་ཏན་མདོར་བསྡུས་པར་བསྔགས་པ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས།

འཆར་ནུབ་བྲལ་ཞིང་སྤྲིན་གྱིས་མི་སྒྲིབ་པས། ། ཉི་ཟླའང་དེ་ཡི་དཔེ་རུ་འོས་མ་ལགས། ། གཞན་གྱི་བློ་ཡི་ཡུལ་དུའང་ཤོང་མིན་པའི། ། ཡོན་ཏན་ཕུང་པོའི་ཁུར་ཆེན་འཐའ་ཡས་པ། ། འདེགས་བྱེད་ནོར་འཛིན་བུ་མོ་མཛེས་སྡུག་མ། ། ད་དུང་ངལ་བ་མེད་པ་ཨེ་མ་མཚར། ། ཕྱོགས་བཅུའི་ཕུན་ཚོགས་མ་ལུས་གྲོས་བྱས་ནས། ། རྒྱལ་བའི་དབང་པོ་ཁྱོད་ལ་འདུས་པ་ན། ། མི་བཟད་སྐྱོན་ཀུན་འཁོར་བ་འདིར་ལུས་པས

20180417

གུ་གེའི་མངའ་བདག་ཁྲི་ནམ་མཁའི་དབང་པོ་ཕུན་ཚོགས་ལྡེ་དཔལ་བཟང་པོར་ཕུལ་བའི་ཡིག་ལན།

རྗེས་འགྲོ་ཕན་བདེའི་ཁུར། ། ད་ལྟ་ཁྱོད་ཀྱི་ཟུར་ཕུད་ངོས་དག་ལ། ། མེ་ཏོག་ཕོན་པོ་བཞིན་དུ་རབ་ཏུ་འཛིན། ། དགུན་གྱི་པད་དཀར་ཡ་མཚན་ཅི་ཡང་བསྐྱེད། དེ་ཡི་དྲི་བཟང་ཕྱོགས་ཀུན་དྲི་ལེན8གྱིས། ། ནོར་འཛིན་བུ་མོའི་འགྲམ་པའི་ངོས་དག་ལ། ། ལན་ཅིག་མིན་པར་བསྒོས་པ་ལ་སྲེད་པའི། ། མཁས་རྣམས་ཡིད་ནི་ཞགས་པ་མེད་པར་འཛིན། ། དེ་སླད་ཁྱོད་ཐུགས་དགེ་བའི་ལྕགས་ཀྱུ་ཡིས

20180424

ཡིད་དགའ་ཆོས་འཛིན་གྱི་ཞིང་གི་བསྔགས་པ་བརྗོད་པ་དྭངས་པའི་མེ་ལོང་།

དྲངས་པའི་དྲི་ཞིམ་བསུང་། ། གདུང་སེལ་མཆོད་པའི་ཡོན་དུ་སྦྲེང་བས་ཀྱང་། ། སིམ་པའི་ཚོར་བ་མཆོག་གི་བདེ་དགའ་སྐྱེད། ། དཀར་སེར་དམར་ལྗང་སྔོ་བའི་མེ་ཏོག་གི། ། ཕྲེང་བ་མ་སྙིངས་ནོར་འཛིན་བུ་མོའི་གོས། ། མནན་ན་ནེམ་ཞིང་བཏེགས་ན་སྤར་བ་ཡི། ། རེག་བྱ་མཆོག་གིས་བགྲོད་ལ་ངལ་གསོ་སྦྱིན། ། དུས་སུ་མཐུན་པའི་རླུང་གི་བྱི་དོར་གྱིས། ། དག་ཅིང་གཙང་བྱས་ཤེལ་དཀར་མེ་ལོང་བཞིན

20181115

རྗེ་ཙོང་ཁ་པ་ལ་བསྟོད་པ་ངང་བའི་བུ་མོའི་འཕང་འགྲོའི་སྒྲ་དབྱངས།

དགེ་ལེགས་གོས་དཀར་སྩོལ་མཛད་ཁྱོད་མིན་སུ། ། གང་གི་རྣམ་དཔྱོད་མཁྱེན་པའི་གོམ་གཅིག་གིས། ། ཐུབ་བསྟན་དབྱིག་གི་བློ་གྲོས་གཞལ་བའི་ཚེ། ། གརྦྷས་ཁེངས་པའི་སྟོབས་ལྡན3ཞུམ་བཞིན་དུ། ། ནོར་འཛིན་བུ་མོའི་འོག་ཏུ་ཟོལ་གྱིས་བྲོས། ། རྒྱལ་བསྟན་ཀུན་གསལ་འགྲམ་པ་མཛེས་པའི་རྒྱན། ། ཀླུ་སྒྲུབ་ལུགས་བཟང་འདྲེན་བྱེད་བརྒྱད་ལྡན་རྟ། ། ཁྱོད་ཀྱི་ལེགས་བཤད་འོད་བསྲུང་བྱ་མ་རྟས

20180822

རྗེ་བཙུན་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཡོན་ཏན་མདོར་བསྡུས་པར་བསྔགས་པའི་རབ་ཏུ་བྱེད་པ་དད་པའི་རོལ་མཚོ།

ལྕགས་ཀྱུས་ལན་གཅིག་མིན་པར་དྲངས། ། ངོ་མཚར་གྱུར་ནས་སྤོབས་པ་སྐྱེས། ། གང་གི་ཡོན་ཏན་མེ་ཏོག་གི ། དོག་པ19ཕྱོགས་ཀྱི་མཛེས་མའི་རྒྱན། ། རབ་དཀར་གྲགས་པའི་དྲི་བཞོན་ནི། ། ནོར་འཛིན་བུ་མོའི་ཡིད་སྲུབས་རྒྱལ20། ། མི་མཉམ་མཁྱེན་བརྩེའི་རྐང་སྟེགས་ཀྱིས། ། མཁས་མཆོག་ཀུན་གྱི་མགོ་བོ་ལ། ། ཞབས་སྐྱེས་རྡུལ་ཚོགས་འཛེགས་པ་གང་། ། ཟླ་མེད་ཁྱོད་ལ་ཕྱག་བགྱིད་དོ

20180402

བསྟོད་པ་སྙན་ཚིག་དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུ།

(རིག་བྱེད་ཀྱི་གཏམ་རྒྱུད་དང་སྦྱར་བའི་བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན) མཛེས་སོ་སྟོབས་བཅུ་མངའ་དབུས་ཉི་མའི་གཉེན། ། བདེ་འབྱུང་རལ་བའི་རྒྱན་དུ་ཆུ་ཤེལ་དབང་། ། ནོར་འཛིན་བུ་མོའི་འགྲམ་པར་ཁྱུང་སྔོན་སྐྱེས། ། གངས་ཅན་མཁས་པའི་ཁྲོད་ན་ཀློང་ཆེན་པ། །(ཡོན་ཏན་བརྗོད་པ་ཐོག་མའི་གསལ་བྱེད) སྲིད་པའི་ལྷ་ཆེན་ཡར་ལྷ་ཤམ་པོས་སྲུང་བའི་དབེན་གནས་སྐྱམ་གྱི

20180827