ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 153 ཡོད།

དྲེག་པ།

污垢 དབྱིན་ཡིག dirt, filth, soot 1.དག་ཡིག་གསར་བསྒྲིགས་ལས། མི་ལུས་དང་དངོས་རྫས་ཀྱི་ཕྱི་ངོས་སུ་ཆགས་པའི་དྲི་མའི་མིང་སྟེ། གདོང་ལ་དྲེག་པ་ཆགས། ཟངས་ཀྱི་དྲེག་པ། ལྕགས་ཀྱི་དྲེག་པ་ཞེས་པ་ལྟ་བུ། མིང་མཐའ་བསྡུས་ན་དྲེག་འབྲི་ཆོག་སྟེ། དུད་དྲེག རྡོ་དྲེག་ཅེས་པ་ལྟ་བུ། 2.བརྡ་དག་མིང་ཚིག་གསལ་བ་ལས

20160701

ཟངས་དྲེག

མགར་བས་ཟངས་མེར་བསྲེགས་ནས་བརྡུངས་པའི་དྲེག་པ་འཐོར་བ་ལ་བྱ།མགར་བས་ཟངས་མེར་བསྲེགས་ནས་བརྡུངས་པའི་དྲེག་པ་འཐོར་བ་ལ་བྱ་སྟེ། རིན་ཆེན་བང་མཛོད་ལས། ཟངས་དྲེག་ནི་ཟངས་མེས་བསྲེགས་ནས་བརྡུངས་པའི་དྲེག་པ་སྲབ་མོ་དེའོ། ། ཞེས་དང་། དྲི་མེད་ཤེལ་ཕྲེང་ལས། ཟངས་དྲེག་ཅེས་པ་ནི། ཟངས་མགར་བས་བསྲེགས་ལ་བརྡུངས་པའི་དྲེག་པ་ཡིན། འདིས་འོར

20230626

མཐིལ་དྲེག

སྣོད་མཐིལ་གྱི་དྲེག་པ།རྒྱ་ཡིག 锅烟 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སྣོད་མཐིལ་གྱི་དྲེག་པ། 锅烟。锅底柴烟或污垢。

20240407

ཐལ་དྲེག

ཐལ་རྡུལ་རིང་དུ་ཆགས་པའི་དྲེག་པ།རྒྱ་ཡིག 尘垢,久年积灰 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཐལ་རྡུལ་རིང་དུ་ཆགས་པའི་དྲེག་པ། 尘垢,久年积灰。

20240110

རྐང་མཐིལ་རྒྱུ་རྩ།

རྐང་པའི་གུང་མཛུབ་ཀྱི་སེན་མོའི་དྲེག་པ་ཡོད་མེད་མཚམས་ནས་རྟིང་པའི་བར་སྲང་བུས་སྦྲེལ་ནས་བལྟབ་པའི་དཀྱིལ་གྱི་རྒྱུ་མ་ཁུད་དུ་ཚ་གསུམ་འབྱུང་བའི་དབུས་མ་ལྷིང་དང་འབྲེལ་བའི་གཏར་དམིགས་ལ་བྱ་སྟེ། གསོ་དཔྱད་ཉི་མའི་འོད་ཟེར་ལས། སྙིང་བརྡུང་འཆུ་ཞིང་སྙིང་གཟེར་དྲག་པོ་ལ། །རྩ་གཞན་གཏར་གས་མ་ཐུབ་དཀའ་བ་ཡི། །རྒྱུ་མའི་གཉེར་མ་གསུམ་པར་ཚད་བཞིན་གདབ

20230627

སོར།

གསོ་བྱ་རང་ཉིད་ཀྱི་མཐེ་བོང་གི་སེན་མོའི་དྲེག་པ་ཡོད་མེད་་མཚམས་ནས་སེན་མོའི་རྩ་བ་མངོན་མཚམས་བར་ལ་བྱའོ། །གསོ་བྱ་རང་ཉིད་ཀྱི་མཐེ་བོང་གི་སེན་མོའི་དྲེག་པ་ཡོད་མེད་་མཚམས་ནས་སེན་མོའི་རྩ་བ་མངོན་མཚམས་བར་ལ་བྱ་སྟེ། རྒྱུད་འགྲེལ་བཻ་ཌཱུར་སྔོན་པོ་ལས། རང་ཉིད་ཀྱི་ལག་པའི་མཐེ་བོང་གི་ཚིགས་པ་ནས་སེན་མོའི་དྲེག་པ་ཡོད་མེད་ཀྱི་མཚམས་དེར་ཚོན་ཞེས་བྱ་བ

20230726

སྒྱུ་རྩལ་སྣང་བརྙན།

ཞིང་གདོང་མདོག་དཀར་ལ་སྔོན་མདོག་ཏུ་སྣང་བ་དང་། གདོང་གི་གཉེར་མའི་ནང་ན་རྟག་ཏུ་རྨ་སྒྲོས་འགའ་འདུག་པ། དཀར་མ་ནག་གི་སྨ་ར་རྫབ་ཅིང་འཛིང་འདུག གོན་པ་ལྭ་རིང་གྱོན་རུང་ཧྲུལ་ཞིང་དྲེག་པ་ཆགས་པར་བལྟས་ན་ལོ་བཅུ་ཕྲག་དུ་མར་མ་བཀྲུས་མ་བཙེམས་པ་ལྟར་སྣང་། གཞན་ལ་ཁ་བརྡ་བྱེད་ཚེ་རྟགས་མ་གྲུབ་དང་ཁྱབ་པ་མ་བྱུང་ཞེས་གོ་ལ་མི་གོ་བའི་ཚིག་སྨྲ་བ་ཡིན་ཞེས་བྲིས་པ་ལྟ་བུའོ

20240124

མེ་ལོང་གི་གཡའ།

​མེ་ལོང་དྲེག་པ་དང་། བཙུན་མའི་དྲེག་པ་སོགས་ཟེར་རོ༎མེ་ལོང་དྲེག་པ་དང་། བཙུན་མའི་དྲེག་པ་སོགས་ཟེར་རོ༎ མཆན་འོག་གི་བསེ་དྲི་དང་། བུད་མེད་ཀྱི་མཚན་མ་ལ་བུད་པའི་རེག་དུག་རྨ་སོགས་མེ་ལོང་དྲེག་པ་དང་ད་ཏྲིག་འབུ་ཆ་མཉམ་བསྲེས་ཏེ། ཐོག་མར་འབྲས་བཀྲུས་ཀུ་བས་ཡང་ཡང་བཀྲུས་པ་དང་། དེ་འོག་སྨན་ཕྱེ་ནན་ཆེར་བྱུག་པར་བྱའོ༎རྒྱ་ཡིག་གི་མིང

20220422

སྒྲོན་དྲེག

1.སྒྲོན་མེ་ཤིང་གི་མེ་ལྕེའི་དྲེག་པ། 2.མར་མེའི་དྲེག་པ།རྒྱ་ཡིག 松烟,油松炱,油灯烟 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། [1]སྒྲོན་མེ་ཤིང་གི་མེ་ལྕེའི་དྲེག་པ། 松烟,油松炱。[2]མར་མེའི་དྲེག་པ། 油灯烟。灯烟熏积的尘垢。

20220110

བུ་ཅོང་རབ།

ཕྲུམ་རྡོ། བ་ནུ་དྲེག་པ། རྡོ་དྲེག་སོགས་ཟེར་རོ༎རྡོ་ཞོ་དང་། ཕྲུམ་རྡོ། བ་ནུ་དྲེག་པ། རྡོ་དྲེག་སོགས་ཟེར་རོ༎ སུའུ་ཀུང་གིས། རོ་མངར། ནུས་པ་དྲོ། དུག་མེད། མཁལ་རྐེད་གྲང་བ་ལ་ཕན། ཆང་གི་ནང་སྦངས་པའི་ཁུ་བ་ཉིན་རེར་བསྟེན། ནུས་པ་ཅོང་ཞི་བ་ནུ་ཐ་མ་དང་འདྲའོ༎ མིང་གི་རྣམ་གྲངས་ལ་བ་ནུ་དྲེག་པ་སོགས་ཟེར་ཏེ། གོང་ལྟར་ཅོང་ཞི་བ་ནུ་འབྱུང་བའི་ཕུག་པར་ཡོད་དེ

20220422