ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 43 ཡོད།

དོན་དམ་བདེན་པ།

རྫུན་པའི་གཞི་མཐུན་དུ་ཁས་ལེན་ནོ། ། 4.མདོ་སྡེ་པས་རྟོག་པས་བཏགས་ཙམ་མ་ཡིན་པར་རང་ངོས་ནས་གྲུབ་པའི་ཆོས་དོན་དམ་བདེན་པའི་མཚན་ཉིད། ཡང་ན་དོན་དམ་པར་དོན་བྱེད་ནུས་པ་དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ནི་གཟུགས་དང༌། ཤེས་པ། གང་ཟག་རྣམས་ལྟ་བུའོ། ། དོན་དམ་བདེན་པ། དངོས་པོ། རང་མཚན། འདུས་བྱས། བདེན་པར་གྲུབ་པ་རྣམས་དོན་གཅིག་ཡིན

20170914

དོན་དམ་བདེན་པ་མཚན་ཉིད་ལྔ་ལྡན།

《དུང་དཀར་ཚིག་མཛོད་ཆེན་མོ》ལས་བྱུང་བའི་དོན་དམ་བདེན་པ་མཚན་ཉིད་ལྔ་ལྡན་ལ་གོ་བ་ཡིན།སེམས་ཙམ་པའི་ལུགས་ཏེ། 1.བརྗོད་དུ་མེད་པ། 2.གཉིས་སུ་མེད་པ། 3.རྟོག་གེའི་སྤྱོད་ཡུལ་ལས་འདས་པ། 4.ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཉིད་ལས་འདས་པ། 5.ཐམས་ཅད་དུ་རོ་གཅིག་པའོ༎འབྱུང་ཁུངས། 《དུང་དཀར་ཚིག་མཛོད་ཆེན་མོ》ཤ1101.15ལས་བཏུས

20220221

བདེན་པ་གཉིས།

དམིགས་པ། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི། ཡོངས་གྲུབ་མ་ཡིན་པའི་རང་མཚན་གྱི་དངོས་པོ་ཐམས་ཅད་དང་། སྤྱི་མཚན་རྟག་པ་ཐམས་ཅད་དོ༎ 2.དོན་དམ་བདེན་པ་ནི། རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་གྱུར་པའི་ཆོས། དོན་དམ་བདེན་པའི་མཚན་ཉིད། དོན་དམ་བདེན་པ་དང་ཡོངས་གྲུབ་དོན་གཅིག འདི་ལ་ཁ་ཅིག་གིས་གང་ཟག་བདག་མེད་ཀྱི་དབང་དུ་བྱས་པའི་ཡོངས་གྲུབ་དང

20201208

བདེན་གཉིས་ཟུང་འཇུག

ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་ཟུང་དུ་འཇུག་པའི་ལྟ་བ།ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་ཟུང་དུ་འཇུག་པའི་ལྟ་བ་སྟེ། ཕ་རྒྱུད་ལྟར་ན། 《རིམ་ལྔ》ལས། ཀུན་རྫོབ་དང་ནི་དོན་དམ་དག ། སོ་སོའི་ཆ་ནས་ཤེས་གྱུར་ནས། ། གང་དུ་ཡང་དག་འདྲེས་གྱུར་བ། ། ཟུང་དུ་འཇུག་པར་དེ་བཤད་དོ། ། ཞེས་པ་ལྟར། ཀུན་རྫོབ་བདེན་པ་ནི། ལུང་རང་བྱིན་རླབས་ཀྱིས་སྒྱུ་མའི་སྐུར་སྣང་བ

20180709

ཐ་སྙད་ཚད་མ།

ཀུན་རྫོབ་པའི་ཆོས་ཀྱི་རྣམ་གྲངས་བུམ་པ། ཀ་བ་སོགས་རྟོགས་པའི་ཚད་མ་རྣམས་ལ་ཐ་སྙད་པའི་ཚད་མ་དང༌། དོན་དམ་བདེན་པ་རྟོགས་པའི་ཚད་མ་ལ་དོན་དམ་དཔྱོད་པའི་ཚད་མ་ཞེས་མིང་འདོགས་མཛད་པ་ཡིན།ཀུན་རྫོབ་པའི་ཆོས་ཀྱི་རྣམ་གྲངས་བུམ་པ། ཀ་བ་སོགས་རྟོགས་པའི་ཚད་མ་རྣམས་ལ་ཐ་སྙད་པའི་ཚད་མ་དང༌། དོན་དམ་བདེན་པ་རྟོགས་པའི་ཚད་མ་ལ་དོན་དམ་དཔྱོད་པའི་ཚད་མ་ཞེས་མིང་འདོགས

20170821

བདེན་གཉིས།

བདེན་པ་གཉིས་ཏེ་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་ཡིན། གོ་བདེ་བར་བཤད་ན། ཕྱི་རོལ་དངོས་པོ་རྣམས་ཀྱི་སྣང་ཚུལ་མི་འདྲ་བ་སྣ་ཚོགས་པ་ནི་ཕྱི་ཚུལ་ཙམ་ཡིན་པས་ཀུན་རྫོབ་བདེན་པ་ཞེས་ཟེར་ཞིང་། དངོས་པོ་རྣམས་ཀྱི་ངོ་བོ་ངོ་མ་དེ་ལ་དོན་དམ་བདེན་པ་ཞེས་བརྗོད་པ་ཡིན།ཀུན་རྫོབ་ལ་སཾ་བྲྀཏྟི་ས་ཏྱ། ས་སཾ་མྱཀ་ཡང་དག་པ། བྲྀ་ཨཱ་ཝ་ར་ཎ་སྒྲིབ་པའམ་འགེབས་པ་སྟེ

20160720

བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པ།

རྣལ་འབྱོར་པས་ལམ་གོང་མ་སྒོམ་པ་དོན་མེད་པར་ཐལ་བ་དང་ཀུན་རྫོབ་སྤོང་བ་བཞིན་དུ་དོན་དམ་པ་ཡང་སྤོང་བར་ཐལ་བའི་སྐྱོན་བཞིར་འགྱུར་བར་གསུངས་སོ། ། དེས་ན་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཅིང་མེད་ན་མི་འབྱུང་བའི་བདག་གཅིག་འབྲེལ་གྲུབ་པ་བྱས་པ་དང་མི་རྟག་པ་ལྟ་བུ་ཡིན་ཞེས་བཞེད།བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་ཆ་ནི་ཐལ་འགྱུར་བའི་ལུགས

20170913

ཙོང་ཁའི་སྐྱེས་རིའི་བསང་ཡིག

འཕྲིན་ལས་བསྒྲུབ་ཏུ་གསོལ༎ ཁྱེད་རྣམས་མཆོད་ཅིང་སོགས་བརྗོད་པར་བྱའོ༎ འདིར་མདོར་བསྡུས་བྱ་བར་འདོད་ན། ཀྱེ། རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས༎ བརྟན་གཡོ་ཤེས་བྱ་ཀུན་གྱི་གཞི༎བླ་མེད་དོན་དམ་བདེན་པའི་གཡང་༎ དེ་རིང་འདི་རུ་གཡང་དུ་བྱོན༎ སྐབས་གསུམ་དབང་བོའི་དཔལ་གྱི་གཡང་༎ འཁོར་བསྒྱུར་རིགས་རྒྱུད་བཀྲ་བའི་གཡང་༎ བཙུན་པའི་སྤྱོད་ལམ་མཛེས་པ་རྣམས

20230720

སྟོང་པས་མེད་མཐའ་སེལ།

མེད་མཐའ་ཁེགས་པ། མེད་མཐའ་བཀག་པར་འཇོག་པ་ཡིན།སྟོང་པ་ལ་ཡང་སྤྱིར་འཇོག་ལ་མང་ཡང་སྐབས་འདིར་རང་བཞིན་གྱིས་མ་གྲུབ་པ་ལ་འཇོག་དགོས། ཀུན་རྫོབ་ཏུ་མེད་པར་མེད་མཐའ་རུ་འཇོག་པ་ཡིན། སྟོང་ཉིད་དམ་དོན་དམ་བདེན་པ་རྟོགས་པས་ཀུན་རྫོབ་ཏུ་ཡོད་པར་འཇོག་ཐུབ་པ་བྱུང་ན། སྟོང་པས་མེད་མཐའ་སེལ་བའམ། མེད་མཐའ་ཁེགས་པ། མེད་མཐའ་བཀག་པར་འཇོག་པ་ཡིན

20170809

ཆོས་ཀྱི་བདག་མེད།

གཟུང་འཛིན་གཉིས་སྟོང་དང༌། རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་རྣམས་ནི་ཆོས་ཀྱི་བདག་མེད་རགས་པ་དང༌། ཆོས་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་པའི་སྟོང་ཉིད་དང༌། དོན་དམ་བདེན་པ་རྣམས་ཆོས་ཀྱི་བདག་མེད་ཕྲ་མོར་འདོད་དོ། །བདག་མེད་གཉིས་ཀྱང་དགག་བྱའི་སྒོ་ནས་འབྱེད་པ་ཡིན་གྱི་སྟོང་གཞིའི་སྒོ་ནས་འབྱེད་པ་མ་ཡིན་ཏེ། གཞི་གང་ཟག་གི་སྟེང་དུ་དགག་བྱ་བདེན་གྲུབ

20170707