ཧྲིལ་བོའམ་གང་བོའི་དོན།ཧྲིལ་བོའམ་གང་བོའི་དོན། འདང་དགོང་མཚན་ན(ལ)དཔེ་ཆར་བལྟས། ན་ནིང་མཚན་ན(ལ)ཞོར་ལས་བྱས། དོ་ཚིགས་མཚན་ན(ལ)ཡུལ་ནས་བསྡད་ཐལ་ཟེར་བ་ལྟ་བུའོ། །
20250617
ལོ་འདི་ཞེས་པའི་དོན།རྒྱ་ཡིག 今年 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ལོ་འདི། 今年:ད་ལོ་རྩྭ་ཆུ་འཛོམས་པོ་འདུག今年水草丰美。
20240508
ཚུར་ཀ་ལ་ཚུར་རྐ། ལས་ཀ་ལ་ལས་སྐ། གཅན་ཚ་རྫོང་གི་སྣང་རའི་གསེར་ཀང་ལ་སྣང་རའི་གསེར་རྐང་། བརྩེ་དུངས་ལ་བརྩེ་རྡུངས་ཀྱི་སྒྲ་ཐོན་པ་སོགས་དང་འགྲོས་མཚུངས། ན་ནིང་ནས་མུར་གིས་དོ་ཚིགས་བར། དེ་རིང་ནས་མུར་གིས་ངས་དུ་ཆང་གཉིས་ཀ་མཉམ་གཅོད་བྱས་པ་ཡིན། སུམ་རྟགས་ཀྱི་རྩ་བ་ནི་ཆུང་དུས་ནས་མུར་གིས་བློར་བཟུང་ན་བཟང་། ནམ་མཁའ་ལངས་ནས་མུར་གིས་གཤེ་གཤེ་གཏོང་མགོ་བརྩམས
20250624
ད་ལོའི་མིང་།ད་ལོའི་མིང་སྟེ། 《སྐལ་ལྡན་རྒྱ་མཚོའི་རྣམ་ཐར》གྱི་ལྡེབ113པར། དོ་ཙིག་རང་ལོ་བདུན་ཅུ་དོན་གཅིག་པ་ལ། ཞེས་འབྱུང་བ་ལྟ་བུ།
20250410
གྲང་ངར་འཁྲིགས་པའམ་གྲང་ངར་ལྡང་བའི་དོན།གྲང་ངར་འཁྲིགས་པའམ་གྲང་ངར་ལྡང་བའི་དོན། ཨ་མདོའི་ཡུལ་སྐད་དུ། ཙག་ཁོའུ་ཞེས་པའི་གདངས་ཐོན། ད་ལོར་ཙག་ཁོལ་བ་གཞན་དང་མི་མཚུངས། ད་ལོར་ཙག་ཁོལ་ནས་ཟོག་ལུག་མང་པོ་འཁྱག་ཤིར་ཐེབས། ཙག་ཁོལ་ནས་ལྭ་བའི་ནང་ལ་བརྟལ་གིན་བརྟལ་གིན་ཡོང་གིན་ཟེར་བ་ལྟ་བུའོ། །
20250411
བསྡད་པ་ལ། བླ་ནག་བླ་རྒན་གྱིས་ཁོ་ལ་འདི་ལྟར་བཏགས་པ་བྱས། ཕྱི་པའོ་ཚོན*བྱེད་དུས་པོ་པོ*རེད།། ཤ་སྐྱེལ་འདྲེན་བྱེད་དུས་ངོ་ཤོར་རེད།། ལོ་ན་ནིང་དར་དམར་དར་དཀར་རེད།། ལོ་དོ་ཚིགས་ཤ་དམར་པགས་དམར་རེད།། ཤ་ཤི་ཤ་འཁུར་རེ་ཤི་ངོ་རེད།། *ཕྱི་པའོ་ཚོན། རྒྱ་སྐད་དེ་འདིར་ཚང་མ་གཞུང་བཞེས་བྱས་པར་གོ *པོ་པོ། རྒྱ་སྐད་དེ་ལྟོ་བ་འགྲང་བའི་དོན།རིགས་དབྱེ
20200102
ཨ་སྡང་ཉིན་དེར་གྲོག་རོང་ཞིག་གི་ནང་དུ་བསྐུངས་ནས་བསྡད་པ་མི་ཞིག་གིས་མཐོང་ནས་འདི་ལྟར་བཏགས་པ་བྱས། ས་རྒྱ་སྡང་རྩྭ་ཆུ་འཛོམས་ས། ། སྡེ་འཁྱགས་སྐོར་འཚོ་སའི་གཞི་མ། ། ལོ་ན་ནིང་དོ་ཚིགས་ཤིག་ནས། ། སྡེ་གྲོང་བས་བདག་པོ་རྒྱག་གི ། དམག་བུ་རྟ་སྒང་ལ་འཚོགས་ནས། ། ས་རྒྱ་སྡང་དམག་གིས་བསྐོར་དུས། ། བུ་ཨ་སྡང་ཁ་བཙན་ཆེ་ཀི ། ཁྱོས་ད་རྒྱོབས་ད་སོད་ཟེར་དུས
20200102
དམངས་ཁྲོད་མདའ་རྩེད་སྐོར་གྱི་ཆེད་སྤྱོད་བརྡ་ཆད་ཅིག་སྟེ། ཕ་རོལ་བའི་སྟེང་དུ་མདའ་མོའི་ཁ་གྲངས་བཞག་པའི་དོན།དམངས་ཁྲོད་མདའ་རྩེད་སྐོར་གྱི་ཆེད་སྤྱོད་བརྡ་ཆད་ཅིག་སྟེ། ཕ་རོལ་བའི་སྟེང་དུ་མདའ་མོའི་ཁ་གྲངས་བཞག་པའི་དོན། ད་ལོར་སྐུགས་ཡ་སྡེ་བའི་མགོ་ལ་མདའ་བཀལ་བ་མང་། མདའ་ལྔ་བཅུ་བཀལ་དེངས་ཟིག་ཟེར་བ་ལྟ་བུ
20250417
མཉམ་སྡེབ་ཀྱི་རེས་འཁོར་བའི་དོན།མཉམ་སྡེབ་ཀྱི་རེས་འཁོར་བའི་དོན། ན་ནིང་གི་ཟོག་རྫི་ངེད་གཉིས་ཀྱིས་སྡེབ་རེས་བྱས། ད་ལོར་གཞན་ཞིག་ལ་སྡེབ་རེས་བྱ་རྒྱུ་ཡིན་ཟེར་བ་ལྟ་བུ།
20250609
བྲན་བུ་སུག་ཡིག་བརྩན་བར་འཙོལ་ཆིག ། 1.གྲམ་དགུར་ལྟོག་སྟེ། ཡུལ་མང་པོར་མུ་གེ་བྱུང་སྟེ་མི་རྣམས་ལྟོགས་ཞེས་པའི་དོན། 2.སྩང་གནང་། སང་གནངས་དང་དོན་གཅིག 3.དོ་ཅིག དོ་ཚིགས་ཏེ་ད་ལོ། ཞེས་པའི་དོན། 4.བུ་མོ་ན་དངོས། བུ་མོའི་ལོ་ནའམ་བུ་མོའི་ལོ་ཚད་དངོས། ཞེས་པའི་དོན། 5.ཕྱག་རྗེད། གོ་གནས་ཞིག་གི་མིང་ཡིན་པ་འདྲ། 6.འོག་འདུལ་བ
20171115