ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 9 ཡོད།

སྲས་ཐ་ཆུང་སུརྱ།

《མི་དབང་རྟོགས་བརྗོད》དུ། ལྷ་བཟང་གི་བུ་ཆེ་བ་དགའ་ལྡན་བསྟན་འཛིན་དང༌། བུ་ཐ་ཆུང་སུརྱ་ཡིན་པར་བཤད་ཀྱང༌། བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱི《མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོར》ལྷ་བཟང་གི་བུ་ཆེ་བ་དགའ་ལྡན་བསྟན་འཛིན་དང༌། འབྲིང་བ་སུརྱ། ཆུང་བ་རྣམ་རྒྱལ་ཚེ་བརྟན་ཡིན་པར་བཤད་པ་འདི་རང་ཁུངས་དག་པ་ཡིན།《མི་དབང་རྟོགས་བརྗོད》དུ། ལྷ་བཟང་གི་བུ་ཆེ་བ

20180320

མདོ་སྨད་ཆོས་འབྱུང་།

མདོ་སྨད་ཆོས་འབྱུང་ཞེས་པ་འདིའི་མཚན་གཞན་ལ་དེབ་ཐེར་རྒྱ་མཚོ་ཞེས་ཀྱང་བྱ་ལ། འདི་ནི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལས་ཆེས་རིང་ཤོས་ཀྱི་གྲས་ཤིག་དང་། བོད་ཀྱི་ས་གནས་ལོ་རྒྱུས་དང་ས་གནས་ཆོས་འབྱུང་གི་རིགས་སུ་གཏོགས་པའི་བསྟན་བཅོས་གྲགས་ཆེ་བ་ཞིག་སྟེ། རབ་བྱུང་བཅུ་བཞི་བའི་ཤིང་གླང་སྟེ་སྤྱི་ལོ1865ལོར་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས

20161219

གཡང་ར་མཚམས་ཁང་།

གཞན་ཡང་བྱ་བྲལ་རབ་འབྱམས་པ་ཆོས་སྐྱོང་རྒྱ་མཚོ་མཆོག་མདོ་སྨད་དུ་ཕེབས་ཏེ་བྲག་དཀར་སྤྲེལ་རྫོང༌། ནགས་རྡོ་རྫོང༌། གད་པ་གཡང་ར་སོགས་སུ་སྒྲུབ་པ་མཛད་པས་སྒྱུ་ལུས་བརྙེས་ཞེས་དེབ་ཐེར་རྒྱ་མཚོ་ལས་གསུང་བ་ལྟར་རོ།། གཞན་ཡང་བོད་ཀྱི་ལྷ་སྒྲུང་ཧོར་གླིང་གཡུལ་འགྱེད་ཀྱི་ནང་དུ་རྒྱ་ཚ་ཞལ་དཀར་དགྲོང་ས་ཧོར་གྱི་གད་པ་སྐྱ་རིང་ཟེར་བ་དེ་ཡིན་ཟེར།རྒྱ་ཡིག་གི་མིང

20160926

ཤར་ཙོང་ཁ།

མཚོ་སྔོན་གྱི་འགོ་ཚ་གན་ཐོ་ལོ་གེ་ཕྱོགས་ཀྱི་ཆུ་རྣམས་དང༌། གཡོན་ངོས་ཀྱི་ཆུ་རྣམས་དཀར་ཐང་མར་ཁུའི་མཚོ་མོར་འབོད་པ་འོ་རོའི་ཆུ་འགག་ནས་ཕྱོགས་གཅིག་ཏུ་འདྲེས་པ་ལ་ཙོང་ཆུ་ཟེར། དེ་ལ་ལྷོ་བྱང་གཉིས་སུ་ཕྱེ་བའི་ས་ཁུལ་རྣམས་ལ་ཙོང་ཁ་དང༌། དེའི་རི་རྒྱུད་ལ་ཙོང་ལའམ། ཙོང་ཁའི་སྐྱེས་རི་མཐོན་པོ་ཟེར། 《མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ》པོད་དང་པོར་གསལ

20180313

དབྱར་མོ་ཐང་།

དབྱར་མོ་ཐང་ནི་བཙན་པོའི་དུས་སུ་མདོ་སྨད་དུ་ཡོད་པའི་ས་མིང་ཞིག་ཡིན་པ་ཙམ་ལས། གནས་ཡུལ་བྱེ་བྲག་མ་ངེས་སོ། །མདོ་སྨད་ཀྱི་ས་མིང་ཞིག་སྟེ། 《མདོ་སྨད་ཆོས་འབྱུང་ངམ་དེབ་ཐེར་རྒྱ་མཚོ》 ལས། སྐུ་འབུམ་དགོན་གྱི་ཉེ་འགྲམ་དུ་ཡོད་ཅེས་པ་དང་། 《སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན》ལས། སྐུ་འབུམ་མཆོད་གཞིས་དབྱེར་མོ་ཐང་གི་གླང་ཆེན

20190911

དམེ་ཤུལ་མུ་ཏོ་རྗེ་སྐལ་བཟང་སྦྱིན་པ་རྒྱ་མཚོ།

1954ལོར་སྐུ་མྱ་ངན་ལས་འདས་སོ། རྗེ་འདི་བའི་སྐུ་ཐོག་དང་པོ་རྒྱ་མཚོ་དོན་ལྡན་ཚང། གཉིས་པ་དཀོན་མཆོག་དོན་ལྡན་ཚང་། གསུམ་པར་མུ་ཏོ་བླ་རྒན་བཅས་གསོལ་ལ། ཕྱི་མའི་རྣམ་ཐར་དེབ་ཐེར་རྒྱ་མཚོར་མཆིས་པས་འདིར་འགོད་པའི་ངལ་བ་མ་བགྱིས་སོ། །འཁྲུབས་འདས་ལོ་ཚིགས། སྤྱི་ལོ(1882-1954) ཡབ། སྒོམ་པ་ཕྱུག ཡུམ། བན་དེ་འཚོ། འཁྲུངས་ཡུལ། ཀླུ་ཤོད

20170217

མདོ་སྨད།

རྒན་གྱ། སྐྱ་གྱ། དོ་གྱ། ཤ་གྱ་སོགས་མང་པོ་དང་། སའི་ཆགས་དབྱིབས་ཀྱི་ཆ་ནས་དགུ་རོང་དང་། རྒྱལ་རོང་བཅས་རོང་ཆེན་བཞིའི་ཁྱབ་ཁོངས་སུའང་གནས་ཡོད། ཞིབ་ཕྲའི་ལོ་རྒྱུས་དེབ་ཐེར་རྒྱ་མཚོ་དང་མདོ་སྨད་ཀྱི་ལོ་རྒྱུས་ཆེན་མོ་སོགས་སུ་བཀོད་ཡོད། སྤྱི་ལོ2000ལོར་ཀྲུང་གོས་མི་འབོར་ཞིབ་བཤེར་གྲངས་ཐོ་ལྟར་མདོ་སྨད་ཀྱི་ཡུལ་གྲུ་ཁག་ཏུ་བོད་རྒྱའི་མི་གྲངས

20160603

གྲོ་ཚང་དགོན།

གྲོ་ཚང་དགོན་ནི་གྲོ་ཀུན་བཟང་ཉི་མས་ཐོག་མར་ཕྱག་འདེབས་མཛད་ཅིང་། སི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་རོང་ཡུལ་ཚོའི་མངའ་ཁོངས་སུ་ཆགས་ཡོད། དེབ་ཐེར་རྒྱ་མཚོ་ལས། པཎྜིཏ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་བཤད་སྒྲུབ་དར་རྒྱས་གླིང་སྔོན་གྱི་དགོན་ཪྙིང་། གྲོ་ཀུན་བཟང་ཉི་མས་བཏབ་ཅིང་བླ་རབས་བཅོ་བརྒྱད་སོང་ཟེར། ཞེས་པ་ལས་གསལ་ཁ་མ་གསུངས་མོད

20180123

ཙོང་ཁའི་རྒྱལ་པོ།

དམར་བྱ་བ་བོན་ལུགས་ཀྱི་གྲུབ་ཐོབ་ཅིག་བྱུང་བ་དེས་བྲ་སྡེས་གཙོས་བའི་བོད་འབངས་མི་ཉུང་ཙམ་ཁྲིད་ནས་མདོ་སྨད་ཀྱི་མཐའ་རི་བྲག་ནགས་ཚལ་ཡོད་པའི་གནས་བཟུང”ཞེས་གསུངས། མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ་ལས། “ཁྲི་བཀྲ་ཤིས་བརྩེགས་པའི་སྲས་འོད་ལྡེ་ལ་སྲས་བཞི་བྱུང་བའི་གཉིས་པ་ཁྲི་ལྡེ་མདོ་ཁམས་སུ་ཕེབས་ནས། མཚོ་སྔོན་འདིར་གཞི་བཟུང་སྟེ་ཁྲི་དཔོན་མཛད

20160608