ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 143 ཡོད།

དེད་དཔོན།

ལ་སོགས་པའི་ཡོ་བྱད་གྲ་བསྒྲིགས་བྱས་ནས་རྒྱ་མཚོའི་གླིང་ཁག་ལ་ནོར་བུའི་རིགས་འཚོལ་མཁན་ཚོགས་པ་འགྲོ་སྲོལ་ཡོད་པ་དང༌། ཚོགས་པ་དེའི་འགན་འཁུར་པའམ་འགོ་བྱེད་དེ་ལ་ཚོང་དཔོན་ནམ་དེད་དཔོན་ཞེས་ཟེར་བ་དང༌། ཡང་ན་གྲུ་གཟིངས་ཀྱི་ཁ་ལོ་བར་ཟེར། 4.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། ①ཚོང་བའི་འགོ་ཁྲིད་དམ། གྲུ་གཟིངས་ཀྱི་ཁ་ལོ་པ། མིང་གི་རྣམ་གྲངས་ལ་ཞོ་ཤ་རྣམ་བདུན་པའོ

20160622

དེད་དཔོན་བཞི་སྦྱོར།

ཤྲཱི་ཁཎྜ། དུར་བྱིད་བཞི་ཆ་མཉམ་སྦྱར་བའི་བཤལ་སྨན་ལ་བྱའོ། །ཨ་རུ་མཆུ་རིང་དང་། དན་རོག ཤྲཱི་ཁཎྜ། དུར་བྱིད་བཞི་ཆ་མཉམ་སྦྱར་བའི་བཤལ་སྨན་ལ་བྱ་སྟེ། ཕྱི་མ་རྒྱུད་ལས། དེད་དཔོན་ཨ་རུ་མཆུ་རིང་དན་རོག་དང་། ། ཤྲཱི་ཁཎྜ་དུར་བྱིད་རྣམ་པ་བཞི། ། ཆ་མཉམ་ཞིབ་བཏགས་རིལ་བུ་དྲིལ་བ་ཡིས། ། རྣོ་ལ་དྲག་སྟེ་སྟོབས་ལྡན་ནད་ཀུན་འཇོམས། ། ཞེས་གསུངས་པས་སོ

20231228

དེད་དཔོན་སཱ་ལེ།

དེད་དཔོན་སཱ་ལེ》(sully)ཞེས་པའི་གློག་བརྙན་འདི་ནི་ཨ་རིའི་ཧྭ་ན་སྤུན་ཟླ་བརྙན་ལས་ཀུང་སིས་ཕབ་སྐྲུན་བྱས་པའི་དོན་བརྗོད་རང་བཞིན་གྱིན་གློག་བརྙན་ཞིག་ཡིན།《དེད་དཔོན་སཱ་ལེ》(sully)ཞེས་པའི་གློག་བརྙན་འདི་ནི་ཨ་རིའི་ཧྭ་ན་སྤུན་ཟླ་བརྙན་ལས་ཀུང་སིས་ཕབ་སྐྲུན་བྱས་པའི་དོན་བརྗོད་རང་བཞིན་གྱིན་གློག་བརྙན་ཞིག

20191204

དེད་དཔོན་བརྩོན་འགྲུས་ཆེན་པོའི་རབས།

དེད་དཔོན་བརྩོན་འགྲུས་ཆེན་པོའི་སྐྱེས་རབས་ཞེས་བྱ་བ་འདི་ནི། རྗེ་ཉིད་ཀྱིས་མཛད་པའི་སྐྱེས་རབས་བརྒྱ་བ་ཞེས་པའི་སྐྱེས་རབས་སོ་དྲུག་པ་ཡིན། སྐྱེས་རབས་བརྒྱ་བ་ཞེས་བྱ་བ་ནི། དེའི་མཚན་བྱང་དུ། སྟོན་པ་ཐམས་ཅད་མཁྱེན་པའི་སྐྱེས་རབས་ཕྲེང་། ། བཅུ་ཕྲག་གསུམ་དང་བཞི་ནི་དཔའ་བོའི་སྟེ། ། ཕྱི་ནས་རང་བྱུང་རྡོ་རྗེས་བདུན་ལྷག་པའི། ། དྲུག་ཅུས་བརྒྱ་རྩ་རྫོགས་པར

20181122

བྱང་ཆུབ་སེམས་དཔའ་དེད་དཔོན་ཆེན་པོར་འགྱུར་བའི་ཆོས་བཅུ།

འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་དེད་དཔོན་ཆེན་པོར་འགྱུར་བའི་ཆོས་བཅུ་ལ་གོ་བ་ཡིན།འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་དེད་དཔོན་ཆེན་པོར་འགྱུར་བ་བའི་ཆོས་བཅུ་ནི། བཀུར་བ་རྣམས་ཡིན། མཆོད་པར་འོས་པ་རྣམས་ཡིན། ཕྱིན་པར་བྱེད་པ་རྣམས་ཡིན། བརྟན་པར་བྱ་བ་རྣམས་ཡིན

20220126

ཐར་ལམ་དེད་དཔོན་བླ་མའི་ཆོས་དྲུག

《ཀློང་ཆེན་མཛོད་བདུན་མན་ངག་མཛོད》ལས་བྱུང་བའི་ཐར་ལམ་དེད་དཔོན་བླ་མའི་ཆོས་དྲུག་ལ་གོ་བ་ཡིན།1.མུན་པར་འཁྱམས་ལ་ཡེ་ཤེས་སྒྲོན་མེ་སྦོར༎ 2.གཡང་སར་འཁྱམས་རྣམས་ཡང་དག་ལམ་ལ་འཛུད༎ 3.ཆུ་བོས་ཁྱེར་བ་བདེ་ཆེན་གཟིངས་ཀྱིས་འཛིན༎ 4.བཙོན་རར་ཚུད་རྣམས་རྣམ་གྲོལ་ས་ལ་འདྲེན༎ 5.སྡུག་བསྔལ་འདམ་བྱིང་ཐར་པའི་སྐམ་སར་འདོན༎ 6.གཟུང་འཛིན

20201215

དེད་དཔོན་ལ་མཁས་པར་བྱ་བ་རྣམ་པ་གཉིས།

《བསྟན་འགྱུར་མདོ་སྡེ་ངི་པ》ལས་བྱུང་བའི་དེད་དཔོན་ལ་མཁས་པར་བྱ་བ་རྣམ་པ་གཉིས་ལ་གོ་བ་ཡིན།འཕགས་པ་ས་བཅུ་པའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། 1.མི་ནོར་བར་མཁས་པ། 2.ལམ་དང་དེའི་གོལ་བ་དང་། ལམ་གྱི་བར་གནས་དང་། དེའི་གོལ་བ་མཁས་པའོ༎འབྱུང་ཁུངས། 《བསྟན་འགྱུར་མདོ་སྡེ་ངི་པ》ཤ153ན3ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20201207

ཆོ་འཕྲུལ་ཆེན་པོ་བསྟན་པ་དེད་དཔོན་གྱིས་ཞུས་པའི་མདོ།

ཛི་ན་མི་ཏྲ་སོགས་དང་། བོད་ཀྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པའོ། ། བུ་སྟོན་གྱིས་བམ་པོ་གསུམ་དུ་གསུངས།ཡང་དེར་དགེ་སློང་དེ་དག་དང་ཐབས་གཅིག་ཏུ་བཞུགས་ཏེ། ལྷའི་བུ་དེད་དཔོན་གྱིས་ཞུས་པས། བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་ཆེན་པོ་བསྟན་པ་དེད་དཔོན་གྱིས་ཞུས་པའི་མདོ་བཀའ་སྩལ་ནས། དེ་ཉིད་བྱང་ཆུབ་ཏུ་ལུང་བསྟན་ཏེ། འཇམ་དཔལ་དང་ཤཱ་རིའི་བུ་གཉིས་ཀྱིས

20190528

སྒྲུང་རྩོམ་གྱི་བྱུང་རིམ་གྱི་བཀོད་པ།

ཆོག་ལ་བྱུང་རིམ་གྱི་བཀོད་པའི་སྒྲིག་སྦྱོར་འཚོ་བ་དངོས་ཀྱི་ཆོས་ཉིད་དང་མཐུན་པར་བདེ་བླག་ངང་སྦྱོར་དགོས། ། བརྗོད་བྱ་སྤྱི་ཚོགས་འཚོ་བའི་རྒྱ་མཚོ་ལས་རྣམ་དཔྱོད་རིག་པའི་དེད་དཔོན་གྱི་རྩལ་དང་ཐབས་ཤེས་ལ་བརྟེན་ནས་བརྗོད་བྱའི་སྙིང་པོ་ནོར་བུ་རིན་པོ་ཆེ་བླངས་ཏེ་སྒྱུ་རྩལ་གྱི་ཚེ་སྲོག་ཏུ་འཛིན་པ་དང་། དེ་ཡང་འཇིག་རྟེན་འཚོ་བའི་ཆོས་ཉིད་ཀྱི་རྣམ་པ

20240322

སྐྱེས་རབས་བརྒྱ་བ་ལས་དེད་དཔོན་བརྩོན་འགྲུས་ཆེན་པོའི་སྐྱེས་པའི་རབས།

ཀརྨ་རང་བྱུང་རྡོ་རྗེ་ལགས་ཀྱིས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་མཆོག་གིས་དེད་དཔོན་བརྩོན་འགྲུས་ཆེན་པོའི་སྐྱེ་བ་བཟུང་བ། དེའི་ཚེ་ཆར་རླུང་དྲག་པོས་གྲུ་ཞིག་ནས་རྒྱ་མཚོའི་དབུས་སུ་ཉམ་ཉེས་པར་གྱུར་པའི་ཚོང་བ་དག་དེ་ལས་ཐར་བར་བྱ་ཕྱིར། རང་ཉིད་ཀྱི་བདེ་བ་ཁྱད་དུ་བསད་ནས་བརྩོན་འགྲུས་ཀྱི་སྤྱོད་པ་རླབས་པོ་ཆེ་ཇི་ལྟར་མཛད་ཚུལ་བསྟན་ཡོད

20181119