རྨོག་གི་རྩེ་མོར་བཏགས་པའི་དར་ཚོན།རྒྱ་ཡིག 盔旗,盔项彩旗 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། རྨོག་གི་རྩེ་མོར་བཏགས་པའི་དར་ཚོན། 盔旗,盔项彩旗。播在头盔顶端的丝带装饰物。
20240521
འདིར་རྫ་སྟོད་རྫོང་གི་དར་འཕྲུ་མ་ཞེས་པའི་ས་མིང་ངོ་སྤྲོད་བྱས་ཡོད།རི་འདིའི་མིང་ལ་དང་ཐོག་ནག་འཕྲུ་མ་ཞེས་འབོད་པར། དྲེག་པའི་རི་ཡིན་ལ་དར་ལུང་ཕུ་རུ་གནས་ཤིང་གཡས་ཀྱི་ཅོང་ཕུར་བྲག་དེ་དར་མདུང་ཡིན་པས་དར་འཕྲུ་མ་ཞེས་མིང་བརྗེས། རི་དེ་གང་དུ་མཐོང་བའི་ས་དེར་རི་སྒྲོན་འཕོག་པར། ལྷོ་ལུང་དཀར་དགོན་གྱི་གཡས་ཕྱོགས་སུ་མཆོད་རྟེན་བཞེངས་པ་དང
20260720
འདིར་རྫ་སྟོད་རྫོང་གི་ཁྲ་འཕྲུ་མ་ཞེས་པའི་ས་མིང་ངོ་སྤྲོད་བྱས་ཡོད།བྲག་རི་ཁྲ་བོ་རྨོག་དཀར་གྱི་དར་འཕྲུ་དང་མཚུངས་པའི་རི་དབྱིབས་ལ་རྟེན་ནས་བཏགས། རི་འདི་ལྗིད་ཆུང་ཕུ་རུ་ཡོད་ཅིང་། སུ་རུག་ཤོག་ཀའི་ནུབ་བྱང་མཚམས་སྤྱི་ལེ༤༨ཡས་མས། མཐོ་ཚད་ལ་སྨིས༤༧༠༠ལྷག་ཟིན།རིགས་དབྱེ། ས་མིང་ལོ་རྒྱུས། གནས་ཡུལ། རྫ་སྟོད་རྫོང
20260720
འབུར་དམར་གྱིས་རང་གཟུགས་དངོས་སུ་བསྟན་སྐབས་ཐོལ་བྱུང་དུ་གསུངས་པའི་འབུར་དམར་གསོལ་མཆོད་ལས། སྐུ་མདོག་དམར་པོ་སྐུ་ལ་ཟངས་ཁྲབ་བེར་མཚམས་གཡེར་ཁས་བརྒྱན་པ། དབུ་ལ་བསེ་རྨོག་དར་འཕྲུ་བྱ་ལྡེམ། ཕྱག་གཡས་མདུང་དང་གཡོན་སྦྲུལ་ཞགས་འཛིན་པ། བཙན་རྟ་དམར་ཞུར་སྣ་དམར་ལ་ཆིབས་པ། ཞེས་གསལ་བ་ལྟར་བཙན་ལ་ཡང་ནང་གསེས་རིགས་འདྲ་མིན་ཡོད་པ་ལས་འདི་ནི་ཀླུ་བཙན་གྱི་རིགས
20260720
ཤ་རྩ་སྨུག་ལ་སྐྱེ་གཟུགས་ཡག་པ་དང་དབུ་སྐྲ་རལ་བའི་ལུས་སྟོད་ཁེབས། པདྨ་རཱ་གའི་ཁྲབ་རྨོག་དང་དར་འཕྲུ་དགུ་བརྩེགས་གཟི་འོད་འབར་བ་དེ་ནི་རོང་སྲས་ལྷ་རྒོད་འབུམ་ལུ་རེད།ཡབ་སྟག་རོང་ཁྲོ་ཐུང་དང་། ཡུམ་འདན་བཟའ་གསེར་མཚོ་གཉིས་ཀྱི་སྲས་སུ་ལྷ་རྒོད་འབུམ་ལུ་འཁྲུངས། གྲུབ་ཆེན་ཙམ་པ་ཀ་ཡི་རྣམ་སྤྲུལ་ཡིན། མ་གསེར་མཚོའི་པང་དུ་བུ་དྲུག་འཁྲུངས
20180906
ཨ་མྱེས་རྫ་བོངས་ནི་སྐུ་མདོག་དམར་ནག་ཁྲོ་ཞིང་གཏུམ་པོ་འཇིགས་པོའི་ཞལ་ཅན། དབུ་ལ་ལྕགས་རྨོག་དར་འཕྲུ་ཅན་དང་། སྐུ་ལ་ལྕགས་ཁྲབ་གསོལ་ཞིང་། ཞབས་ལ་སག་ལྷམ་གྱོན་པ། ཕྱག་གཡས་པར་མདུང་དར་དང་། གཡོན་པར་ཞགས་པ་ཐོགས་ཤིང་རྟ་མཆོག་ངང་སེར་བཅིབས་པ་ཅན་ཞིག་ཡིན།ཨ་མྱེས་རྫ་བོངས་ནི་སྐུ་མདོག་དམར་ནག་ཁྲོ་ཞིང་གཏུམ་པོ་འཇིགས་པོའི་ཞལ་ཅན། དབུ་ལ་ལྕགས་རྨོག
20160719
མགོ་སྐྱོབ་དང་། ལྕགས་ཞུ། རྨོག་ཞུ། ཡ་ལད་སོགས་དང་། དེ་ལ་དབྱེ་ན་རྨོག་ཆེན་དང་། རྨོག་ཆུང་ཞེས་རིགས་གཉིས་སུ་དབྱེ་སྲོལ་འདུག་སྟེ། རྨོག་ཞུ་ཨ་མཆོག་ཅན། ཞྭ་སྟེང་དུ་དར་འཕྲུ་སྟེ་དར་ཚོན་སྣ་ལྔ་བཙུགས་པ་ནི་རྨོག་ཆེན་གྱི་རིགས་ཡིན་ཞིང་། དེ་ནི་དམག་དཔོན་དག་གིས་གྱོན་བཞིན་ཡོད། ཨ་མཆོག་དང་། དར་འཕྲུ་སོགས་མེད་པར་ཏོག་ལ་རྒོད་སྤུ་བཙུགས་པ་རྣམས་ནི
20181029
ཆེ་བ་གླེན་པ་ཆོས་རྒྱལ་འཁྲུངས། བུ་གླེན་པ་ནོར་བུ་ཆོས་རྒྱལ་དེ། ནོར་བུ་རྩེ་ཞྭ་དབུ་ལ་གསོལ། ནོར་བུའི་ཞགས་པ་གྲུ་ལ་བསྐོན། ནོར་བུ་དར་གོས་སྐུ་ལ་གསོལ། ཁྲབ་ཀྱི་རྒྱབ་དར་འཕྲུ་ལ་གཟར། སྟོང་གསུམ་གསལ་བའི་མེ་ལོང་སྐུ་ལ་བརྒྱན་ཞེས་འབྱུང་། འདོ་བ་ཁམ་པ་འཁྱུག་ཤེས། རལ་གྲི་གོ་བོ་གཤོག་རིང་། ཁོ་ནི་ཞལ་མདོག་ནག་ཅིང་ཨག་ཚོམ་ལྡན་པ། གཟུགས་སྟོབས་ཆེ་ལ་དཔའ
20180907
ཁྲོ་ཞལ་རྒྱས་པ། ཕྱག་གཡས་པས་མདུང་དར་འཕྱར་བ། ཕྱག་གཡོན་པར་དགོས་འདོད་ནོར་བུ་བསྣམས་པ། རིན་ཆེན་གཡུ་ཁྲབ་སྔོན་མོ་མནབས་ཤིང་། མདའ་གཞུ་དོང་ལང་རལ་གྲི་ངར་མོ་སྐེད་ན་མཛེས་པ། དར་འཕྲུ་དམར་པོའི་རྒྱལ་མཚན་དགུང་ལ་རེག་པ། ལྷ་རྟ་གཡུ་སྔོན་ཅང་ཤེས་ལ་བཅིབས་པ། ཡུམ་སྲས་བློན་འབངས་མང་པོའི་འཁོར་གྱིས་བསྐོར་བ་ཞིག་ཡིན་ལ། ཞི་དྲག་གཉིས་ཀྱི་སྒོ་ནས་འཕྲིན་ལས་འགྲོ་དོན
20160719
བླ་བཅུ་གསུམ་ལས། བསྭོ་ཅང་སེང་མགྲོན་ལྷ་ལམ་ལྷ་ནི༎ སྐུ་མདོག་དཀར་པོ་ཤེལ་འོད་འབར༎ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༎ གསེར་ཁྲབ་སེར་པོ་སྐུ་ལ་གསོལ༎ དབུ་ལ་དུང་རྨོག་དཀར་པོ་གསོལ༎ དར་འཕྲུ་རྒོད་འཕྲུ་དབུ་ལ་བཙུག། ཕྱག་གཡས་ཡ་ཙ་མདུང་དར་བསྣམས༎ ཕྱག་གཡོན་ནེའུ་ཡེ་རྐྱལ་པ་འཛིན༎ ནང་དུ་རིན་ཆེན་ནོར་གྱིས་བསྐོར༎ དེ་རིང་སྤྱན་འདྲེན་གཤེགས་སུ་གསོལ
20230426