ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 68 ཡོད།

དབུ་མ་རང་རྒྱུད་པ།

དེར་མ་གྲུབ་ན་ཆད་ལྟར་འགྲོ་བར་འདོད་དོ། །འོན་ཀྱང་བདེན་པར་གྲུབ་པ་དང༌། དོན་དམ་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ། ཡང་དག་པར་གྲུབ་པ་བཞི་ནི་ཐ་སྙད་དུའང་མི་བཞེད་དོ། །ལུགས་འདི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཤིང་རྟའི་སྲོལ་འབྱེད་པར་མཛད་ཅིང༌། དེ་ལ་དབྱེ་ན་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་ཡོད

20171226

དབུ་མ་རང་རྒྱུད་པའི་དབྱེ་བ་གཉིས།

《ཀློང་རྡོལ་གསུང་འབུམ》 ལས་བྱུང་བའི་དབུ་མ་རང་རྒྱུད་པའི་དབྱེ་བ་གཉིས་ལ་གོ་བ་ཡིན།1.རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ། 2.མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའོ༎འབྱུང་ཁུངས། 《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོ་ཤ544.9ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20201218

རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ།

དབུ་མ་རང་རྒྱུད་པ་ལ་གཉིས་ཡོད་པའི་ནང་གི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པས་ཕྱི་དོན་མེད་པ་ཆོས་ཀྱི་བདག་མེད་རགས་པར་འཇོག་པ་སེམས་ཙམ་པ་དང་མཐུན་པ་ཡིན་པས་མིང་ལའང་རྣལ་འབྱོར་སྤྱོད་པ་ཞེས་བཏགས་པ་ཡིན།དབུ་མ་རང་རྒྱུད་པ་ལ་གཉིས་ཡོད་པའི་ནང་གི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པས་ཕྱི་དོན་མེད་པ་ཆོས་ཀྱི་བདག་མེད་རགས་པར་འཇོག་པ་སེམས་ཙམ་པ

20170918

དབུ་མ་རང་རྒྱུད་པའི་ལུགས་ཀྱི་ཀུན་རྫོབ་གཉིས།

《ཀློང་རྡོལ་གསུང་འབུམ》 ལས་བྱུང་བའི་དབུ་མ་རང་རྒྱུད་པའི་ལུགས་ཀྱི་ཀུན་རྫོབ་གཉིས་ལ་གོ་བ་ཡིན།1.ལོག་པའི་ཀུན་རྫོབ་ནི། རང་སྣང་ཡུལ་དུ་བྱེད་པའི་བློ་ལ་སྣང་བ་ལྟར་མ་གྲུབ་པ་འཇིག་རྟེན་རང་ག་བས་རྟོགས་ནུས་པ། ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད། མཚན་གཞི་ནི་མེ་ལོང་ནང་གི་བྱད་གཞི་ལྟ་བུའོ༎ 2.ཡང་དག་ཀུན་རྫོབ་ནི། རང་སྣང་ཡུལ་དུ་བྱེད་པའི་བློ་ལ་སྣང་བ

20201218

དབུ་མ་རང་རྒྱུད་པས་ཡོད་པར་གྲུབ་པར་ཁས་ལེན་པ་དགུ།

དབུ་མ་ཐལ་འགྱུར་བས་མེད་པར་འདོད་པའི་གྲུབ་པ་ཉི་ཤུའི་ནང་ནས་བྱུང་བའི་དབུ་མ་རང་རྒྱུད་པས་ཡོད་པར་གྲུབ་པར་ཁས་ལེན་པ་དགུ་ལ་གོ་བ་ཡིན།དབུ་མ་ཐལ་འགྱུར་བས་མེད་པར་འདོད་པའི་གྲུབ་པ་ཉི་ཤུའི་ནང་ནས་བྱུང་བ་སྟེ། 1. རང་གི་མཚན་ཉིད་ཀྱིས་ཡོད་པར་གྲུབ་པ། 2. རང་བཞིན་གྱིས་ཡོད་པར་གྲུབ་པ། 3. རང་གི་ངོ་བོས་ཡོད་པར་གྲུབ་པ། 4. རང་ངོས་ནས་ཡོད་པར་གྲུབ་པ

20210925

རང་འཛིན་རྟོག་པའི་ཞེན་གཞི།

རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་སེམས་ཙམ་པ་གཉིས་ཀྱི་ལུགས་ལྟར་ན། མཚན་གཞི་བུམ་པ་ལྟ་བུར་རང་འཛིན་པའི་རྟོག་པ་ནི་རང་འཛིན་རྟོག་པ་ཡིན་ལ། ཞེན་པ་ནི་འཛིན་པའི་དོན་ཡིན། ཞེན་གཞི་ནི་འཛིན་རྒྱུའི་ཡུལ་དེ་ལ་ངོས་འཛིན་དགོས། བུམ་འཛིན་རྟོག་པ་ལ་མཚོན་ན་བུམ་པ་བུམ་འཛིན་རྟོག་པའི་ཞེན་གཞི་ཡིན།རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་སེམས་ཙམ་པ་གཉིས

20180207

རང་རྒྱུད་སློབ་དཔོན་ཤར་གསུམ་མཁས་པ།

རང་རྒྱུད་སློབ་དཔོན་ཤར་གསུམ་མཁས་པ་ནི་སྤྱི་ལོའི་དུས་རབས་བརྒྱད་པར་རྒྱ་གར་ཤར་ཕྱོགས་སུ་བྱུང་བའི་དབུ་མ་རང་རྒྱུད་པའི་མཁས་པ་གསུམ་ལ་ཟེར།སྤྱི་ལོའི་དུས་རབས་བརྒྱད་པར་རྒྱ་གར་ཤར་ཕྱོགས་སུ་བྱུང་བའི་དབུ་མ་རང་རྒྱུད་པའི་མཁས་པ་གསུམ་སྟེ། སློབ་དཔོན་ཡེ་ཤེས་སྙིང་པོས《དབུ་མ་བདེན་གཉིས》དང་། ཞི་བ་འཚོས《དབུ་མའི་རྒྱན》 ཀ་མ་ལ་ཤཱི་ལས

20180523

གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ།

གང་ཟག་ནི་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་དུ་བཞེད་པ་ལ། ནང་པའི་གྲུབ་མཐའ་སྨྲ་བའི་ནང་ནས་མང་བཀུར་སྡེ་པ་མ་གཏོགས་པ་དབུ་མ་རང་རྒྱུད་པ་མན་ཆད་འདྲ་བ་ཡིན།དབུ་མ་རང་རྒྱུད་པའི་གྲུབ་མཐའ་འཛིན་པ་རྣམས་ཀྱིས་ཁས་ལེན་པའི་གང་ཟག་གི་བདག་འཛིན་ཕྲ་མོ་སྟེ་བདག་འཛིན་དེའི་འཛིན་ཚུལ་ནི། གང་ཟག་དང་ཕུང་པོ་གཉིས་རྗེ་བོ་དང་ཁོལ་པོ་ལྟར་མཚན་ཉིད་མི་མཐུན་པའི་རང་རྐྱ་བར

20170111

སྒྲིབ་གཉིས་རིམ་ཅན་དུ་སྤོང་བ།

རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ལྟར་ན། ཐེག་ཆེན་རིགས་ངེས་ཀྱིས་མཐར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཅིག་ཅར་དུ་སྤངས་ནས་སྐད་ཅིག་གཉིས་པ་ལ་ཆོས་ཀྱི་སྐུ་མངོན་དུ་བྱེད་པར་བཞེད་ལ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ལྟར་ན། ཐེག་ཆེན་རིགས་ངེས་ཀྱིས་ས་བརྒྱད་པ་འཐོབ་པའི་ཚེ་ཉོན་མོངས་ས་བོན་དང་བཅས་པ

20170411

རྣལ་འབྱོར་སྤྱོད་པ།

རྣལ་འབྱོར་སྤྱོད་པ་ནི་དབུ་མ་པ་ལ་ཐལ་འགྱུར་པ་དང་རང་རྒྱུད་པ་གཉིས་ལས་རྣལ་འབྱོར་སྤྱོད་པ་ནི་དབུ་མ་རང་རྒྱུད་པའི་བྱེ་བྲག་ཅིག་གོ། །དབུ་མ་པ་ལ་ཐལ་འགྱུར་པ་དང་རང་རྒྱུད་པ་གཉིས། ཚུལ་གསུམ་རང་དངོས་ནས་གྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་བདེན་དངོས་འགོག་པར་བྱེད་པས་ན་རང་རྒྱུད་པ་ཡིན་ལ། རྣལ་འབྱོར་སྤྱོད་པ་ནི་དབུ་མ་རང་རྒྱུད་པའི་བྱེ་བྲག་ཅིག་གོ

20180522