ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 52 ཡོད།

དཔའ་བོ་གཙུག་ལག་ཕྲེང་བ།

དཔའ་བོ་གཙུག་ལག་ཕྲེང་བ་ནི་རབ་བྱུང་བརྒྱད་པའི་ཤིང་བྱི་ལོར་འཁྲུངས་ཤིང་། ཞྭ་ནག་པ་སྐུ་ཕྲེང་གསུམ་པ་མི་བསྐྱོད་རྡོ་རྗེའི་སློབ་མ་ཡིན། ཁོང་གིས་ལྷོ་བྲག་ལྷ་ལུང་གི་གདན་ས་བསྐྱངས། སྤྱོད་འཇུག་འགྲེལ་ཆེན་དང་། རྩིས་ཀྱི་བསྟན་བཅོས། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་མང་དུ་བརྩམས། རབ་བྱུང་དགུ་བའི་མེ་སྟག་ལོར་འདས།དཔའ་བོ་གཙུག་ལག་ཕྲེང་བ་ནི་རབ་བྱུང་བརྒྱད་པའི

20160330

རྩིས་ཀུན་བཏུས་པའི་འདས་ལོའི་རེ་མིག

《རྩིས་ཀུན་བཏུས་པའི་འདས་ལོའི་རེ་མིག 》ནི་དཔའ་བོ་གཙུག་ལག་ཕྲེང་བས་སྤྱི་ལོ་དུས་རབས་བཅུ་དྲུག་པའི་ནང་མཛད་པ་དང་། དབུ་མེད་བྲིས་མ་སྣ་རིང་ལྡེབ་མ238ཡོད།མཛད་པ་པོ་དཔའ་བོ་གཙུག་ལག་ཕྲེང་བ་ནི་བོད་རབ་བྱུང་བརྒྱད་པའི་ཤིང་བྱི་ལོ་སྟེ་སྤྱི་ལོ1504ལོར་གཉགས་ཀྱི་རིགས་ལས་བྱུང་བ་ཡབ་བླ་མ་དར་མ་དང་། ཡུམ་ལམ་རྙེད་སྒྲོལ་མ་གཉིས་ཀྱི་སྲས་སུ་སྙེ་ཐང

20191015

ལྷོ་བྲག་དཔའ་བོའི་སྐྱེས་རབས་དྲུག

ཤེས་རབ་འབྱུང་གནས་རོང་སྟོན་ཆེན་པོ། སྤྲུལ་སྐུ་གཞོན་ནུ་ལྷུན་འགྲུབ། སྤྲུལ་སྐུ་རྒྱལ་མཚན་དཔལ། ལྷོ་བྲག་དཔའ་བོ་ཆོས་དངལྷུན་འགྲུབ། དཔའ་བོ་གཙུག་ལག་ཕྲེང་བ། དཔའ་བོ་གཙུག་ལག་རྒྱ་མཚོའོ། །ཤེས་རབ་འབྱུང་གནས་རོང་སྟོན་ཆེན་པོ། སྤྲུལ་སྐུ་གཞོན་ནུ་ལྷུན་འགྲུབ། སྤྲུལ་སྐུ་རྒྱལ་མཚན་དཔལ། ལྷོ་བྲག་དཔའ་བོ་ཆོས་དངལྷུན་འགྲུབ། དཔའ་བོ་གཙུག་ལག་ཕྲེང་བ

20180326

བྱང་ཆུབ་སེམས་དཔའ་ཤར་ལྷོར་སྐུ་བལྟམས་པ།

འདི་ནི་སྲོང་བཙན་སྒམ་པོའི་བཀའ་ཆེམས《མ་ཎི་བཀའ་འབུམ》གྱི་དཔེ་ཆ་མང་ཆེ་བར་བྱང་ཆུབ་སེམས་དཔའ་ཤར་ཕྱོགས་སྐུ་བལྟམས་པ་ཞེས་གསལ་བ་དེ《ཆོས་འབྱུང་མཁས་པའི་དགའ་སྟོན》མཛད་པ་པོ་དཔའ་བོ་གཙུག་ལག་ཕྲེང་བས་བཟོ་བཅོས་གནང་བ་ཡིན་ཞེས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སོགས་བོད་ཀྱི་མཁས་པ་མང་པོའི་གསུང་རྒྱུན་དུ་ཡོད།འདི་ནི་སྲོང་བཙན་སྒམ་པོའི་བཀའ་ཆེམས

20171228

ལོ་རྒྱུས་ཆེན་མོ།

དེང་སང་དཔེ་ཆ་དེ་རིགས་མཐོང་དཀོན་པོ་འདུགསྤྱི་ལོའི་དུས་རབས་བཅུ་གཅིག་པའི་དཀྱིལ་དུ་ཨ་ཏི་ཤའི་སློབ་མ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་བརྩམས་པའི་བོད་ཀྱི་ལོ་རྒྱུས་དཔེ་ཆའི་མིང༌། དཔེ་དེབ་འདི་དཔའ་བོ་གཙུག་ལག་ཕྲེང་བ་དང༌། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་གཉིས་ཀས་གཟིགས་མྱོང་བ་འདྲ་ཡང༌། དེང་སང་དཔེ་ཆ་དེ་རིགས་མཐོང་དཀོན་པོ་འདུག

20180306

མེ་མོ་གླང་ལོ།

རྒྱལ་པོ་སྲོང་བཙན་སྒམ་པོའི་འཁྲུངས་ལོ་ཡིན་པར་ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན། བུ་སྟོན་རིན་པོ་ཆེ། ཀུན་མཁྱེན་ཀློང་ཆེན་པ། པཎ་ཆེན་བསོད་གྲགས། དགེ་ཡེ་བ་ཚུལ་ཁྲིམས་སེང་གེ ཚལ་པ་ཀུན་དགའ་རྡོ་རྗེ། དཔའ་བོ་གཙུག་ལག་ཕྲེང་བ། ངོར་པ་དཀོན་མཆོག་ལྷུན་གྲུབ། ཛ་ཡ་པཎྜི་ཏ། ཀུན་མཁྱེན་འཇམ་དབྱངས་བཞད་པ། དབལ་མང་དཀོན་མཆོག་རྒྱལ་མཚན། བྲག་དགོན་པ་བསྟན་པ་རབ་རྒྱས། སུམ་པ་མཁན་ཆེན

20180110

གཏུམ་པོ་རབ་སྣང་གི་བུ་ཤར་པ།

ཡུལ་ཀོའུ་ཤམ་བྷིའི་རྒྱལ་པོ་ཤར་པ་གཉིས་ཕན་ཚུན་མཐུན་ཐབས་མེད་པའི་དགྲ་བོ་ཡིན་པ་དང༌། ཁོ་གཉིས་གཅིག་གིས་གཅིག་ལ་དགྲ་ཤ་ལེན་རེས་བྱས་པའི་གནས་ཚུལ་གསལ་པོར་བཤད་ཡོད་པ་དང༌། དཔའ་བོ་གཙུག་ལག་ཕྲེང་བས་ཀྱང་གོང་གི་ལོ་རྒྱུས་བཤད་ཚུལ་དེ་ཡང་མ་དག་པ་ཞིག་ཡིན་པར་གསུངས་ཡོད། རྒྱལ་པོ་ཤར་པའི་རྒྱལ་ས་ནི་རྒྱ་གར་གྱི་ཡུལ་ཀོའུ་ཤམ་བྷི་ཞེས་པ་དེང་སང་ཝ་ར་ནཱ་སི་ནས་ནུབ་ཕྱོགས་སུ

20170812

ཆོས་འབྱུང་མཁས་པའི་དགའ་སྟོན།

གྱི་རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།རྒྱ་ཡིག་གི་མིང་། 《智者喜宴》 མཚན་རྒྱས་པ། དམ་པའི་ཆོས་ཀྱི་འཁོར་ལོ་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན། རྩོམ་པ་པོ། དཔའ་བོ་གཙུག་ལག་ཕྲེང་བ། མཚན་གཞན། མི་ཕམ་ཆོས་ཀྱི་རྒྱ་མཚོ། དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། པར་སྐྲུན་གྱི་ལོ། སྤྱི་ལོ2013ལོའི་ཟླ3པ

20161125

མཁས་པའི་དགའ་སྟོན།

དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་བོད་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་ཤིན་ཏུ་རྒྱས་པ་ཞིག་པ་དེའི་མིང་།1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།ལྷོ་བྲག་ཆོས་འབྱུང་ནི་མཁས་པའི་དགའ་སྟོན་གྱི་བསྡུས་མིང༌ཡིན།

20201119

འཇམ་དཔལ་རྩ་བའི་རྒྱུད།

རྒྱ་གར་ཡི་གེའི་ཐོག་གི《འཇམ་དཔལ་རྩ་རྒྱུད》ཀྱི་ནང་གསལ་བའི་རྒྱལ་པོ་བཅུ་པོ་དེ་ནི་བལ་པོའི་རྒྱལ་པོའི་མིང་ཡིན་པར་བལ་པོའི་ལོ་རྒྱུས་སུ་ཡང་གསལ་བས་དེ་ནི་འགོས་ལོ་དང་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་བལ་པོའི་ལོ་རྒྱུས་ཡིན་པ་མ་མཁྱེན་པར་བོད་ཀྱི་ལོ་རྒྱུས་ལ་སྦྱར་ནས་འགྲེལ་བཤད་གནང་བ་ཞིག་ཡིན་ཞེས་བྲིས་གནང་འདུག་པ་དཔྱད་གཞི་ཆེན་པོ་ཡོད་པ་ཞིག་ཡིན་སྙམ

20170711