ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 53 ཡོད།

ཐལ་འགྱུར་བ།

consequentialist 1.དག་ཡིག་གསར་བསྒྲིགས་ལས། སངས་རྒྱས་ཆོས་ལུགས་ཀྱི་ཐེག་ཆེན་གྲུབ་མཐའི་ཡ་གྱལ་ཞིག ཐལ་འགྱུར་པ་ཟེར་སྲོལ་ཡང་ཡོད། 2.བརྡ་དག་མིང་ཚིག་གསལ་བ་ལས། དབུ་མ་ཐལ་འགྱུར་བ་སྟེ་ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་ནང་ཚན། 中观应成派,佛教四宗中之分派。 3.དུང་དཀར་ཚིག་མཛོད་ཆེན་མོ་ལས། ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་ཡ་གྱལ་ཞིག

20160514

ཐལ་རང༌།

དབུ་མ་ཐལ་འགྱུར་བ་དང༌། རང་རྒྱུད་པའི་བསྡུས་མིང༌།རྒྱ་ཡིག 中观应成派和自续派之合瓶 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། དབུ་མ་ཐལ་འགྱུར་བ་དང༌། རང་རྒྱུད་པའི་བསྡུས་མིང༌། 中观应成派和自续派之合瓶

20240115

མངོན་གྱུར།

མངོན་ལྐོག་གཉིས་ཀྱི་འདོད་ཚུལ་འདིར་ཐལ་འགྱུར་བའི་ཐུན་མོང་མིན་པའི་ཁྱད་ཆོས་ཤིག་ཡོད་དེ། ཐལ་འགྱུར་བ་ལས་གཞན་པའི་རང་སྡེ་གྲུབ་མཐའ་སྨྲ་བ༌རྣམས་ཀྱིས་མངོན་སུམ་ཚད་མས་དངོས་སུ་རྟོགས་པར་བྱ་བ༌མངོན་གྱུར་གྱི་མཚན་ཉིད་དང༌། མངོན་གྱུར་དང་དངོས་པོ་དོན་གཅིག་ཏུ་འདོད། ཐལ་འགྱུར་བས་ནི་རྟགས་ལ་མ༌བརྟེན་པར་མྱོང་སྟོབས་ཀྱིས་ངེས་ནུས་པའི་ཆོས་དེ་མངོན༌གྱུར

20170602

དེ་ཁོ་ན་ཉིད་དུ་གྲུབ་པ།

ཡང་དག་པར་གྲུབ་པ། དོན་དམ་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ། ངོ་བོ་ཉིད་ཀྱིས་གྲུབ་པའམ་གཤིས་ལུགས་སུ་གྲུབ་པ་རྣམས་མིང་བཏགས་ཚུལ་མི་འདྲ་བ་ཙམ་ལས་དོན་ལ་ཁྱད་པར་མེད་པ་ཐལ་འགྱུར་བས་ཁས་བླངས་པ་ཡིན་པས་རང་ལུགས་ཐལ་འགྱུར་བའི་རྗེས་སུ་འབྲང་དགོས་པ་ཡིན། བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་བདེན་པར་གྲུབ་པའི་ཚད་ཡིན

20170914

གང་ཟག་གི་བདག་མེད་ཕྲ་རགས།

ཐལ་འགྱུར་བ་མ་གཏོགས་རང་རྒྱུད་པ་མན་ཆད་ཀྱི་རང་སྡེ་རྣམས་ཀྱིས་གང་ཟག་གི་བདག་མེད་ཕྲ་རགས་འཇོག་ཚུལ་འདྲ།ཐལ་འགྱུར་བ་མ་གཏོགས་རང་རྒྱུད་པ་མན་ཆད་ཀྱི་རང་སྡེ་རྣམས་ཀྱིས་གང་ཟག་གི་བདག་མེད་ཕྲ་རགས་འཇོག་ཚུལ་འདྲ་སྟེ། གང་ཟག་རྟག་གཅིག་རང་དབང་ཅན་དུ་གྲུབ་པས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང༌། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར

20170110

བདེན་འཛིན་ཕྲ་མོ།

གྲུབ་མཐས་བློ་བསྒྱུར་བ་ལ་མ་ལྟོས་པར་ངམ་ངམ་ཤུགས་ཀྱིས་འཛིན་པ་ནི༌ལྷན་སྐྱེས་སུ་འཇོག་པ་ཡིན། ཀུན་བཏགས་དང་ལྷན་སྐྱེས་གཉིས་ཀྱི་ཁྱད་པར་དང༌། ཕྲ་རགས་ཀྱི་ཁྱད་པར་རྣམས་ཐལ་འགྱུར་བ་དང་རང་རྒྱུད་པ་གཉིས་ཀས་ཁས་ལེན་པ་ཡིན། ཐལ་འགྱུར་བ་དང་རང་རྒྱུད་པ་གཉིས་བློ་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་སུ་གྲུབ་པར

20170912

མིང་བརྡས་བཞག་པ།

རང་ངོས་ནས་གྲུབ་པ་མི་གཅོད་པར་འདོད། ཕྱི་མས་ཙམ་སྒྲས་རང་ངོས་ནས་གྲུབ་པ་གཅོད་པར་བཞེད་པས། གཞི་དེ་སེམས་ཙམ་པ་ལྟར་གྱི་རང་མཚན་གྱིས་གྲུབ་པ་རྒྱུད་ལྡན་ཡིན་ན། གཞི་དེ་ཐལ་འགྱུར་བ་ལྟར་གྱི་རང་མཚན་གྱིས་གྲུབ་པ་རྒྱུད་ལྡན་ཡིན་པས་ཁྱབ།1.སེམས་ཙམ་པས་ཡུལ་སྟེང་གྲུབ་པ་དེ་ཡང་མིང་བརྡས་བཞག་པ་ལ་ལྟོས་དགོས་པ། 2.ཐལ་འགྱུར་བས་མིང་བརྡས་བཞག་ཙམ་ལ་བརྟེན་ནས་གྲུབ་པ

20180111

དབུ་མ་ཐལ་འགྱུར་བའི་ལུགས་སྲོལ་ཐུན་མོང་མ་ཡིན་པ་ཉི་ཤུ།

གྲུབ་མཐའ་སྨྲ་བ་གཞན་དང་མི་འདྲ་བ་ཐལ་འགྱུར་བའམ་རབ་ཏུ་མི་གནས་པའི་དབུ་མ་ཆེན་པོའི་ལུགས་སྲོལ་ཉི་ཤུ་ལ་གོ་བ་ཡིན།གྲུབ་མཐའ་སྨྲ་བ་གཞན་དང་མི་འདྲ་བ་ཐལ་འགྱུར་བའམ་རབ་ཏུ་མི་གནས་པའི་དབུ་མ་ཆེན་པོའི་ལུགས་སྲོལ་ཏེ། 1.ཀུན་གཞིའི་རྣམ་ཤེས་མི་འདོད་པ། རང་རིག་འགོག་ལུགས་ཐུན་མོང་མ་ཡིན་པ། 2.སྔ་རྒོལ་དང་ཕྱི་རྒོལ་གཉིས་ཀ་ལ་རྩོད་གཞི་ཆོས་ཅན་མཐུན་སྣང་དུ་གྲུབ་པའི

20210105

དབུ་མ་པ་གསུམ།

རང་རྒྱུད་པ་ལ་མདོ་སྡེ་སྤྱོད་པའི་དབུ་མ་པ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་པ་སྟེ་གཉིས་དང༌། དབུ་མ་ཐལ་འགྱུར་བ་སྟེ་གསུམ་ལ་དེ་སོ་སོའི་ཤིང་རྟའི་སྲོལ་འབྱེད་གསུམ་ཡོད།རང་རྒྱུད་པ་ལ་མདོ་སྡེ་སྤྱོད་པའི་དབུ་མ་པ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་པ་སྟེ་གཉིས་དང༌། དབུ་མ་ཐལ་འགྱུར་བ་སྟེ་གསུམ་ལ་དེ་སོ་སོའི་ཤིང་རྟའི་སྲོལ་འབྱེད་གསུམ་ཡོད

20171129

ཐལ་རང་།

དབུ་མ་ཐལ་འགྱུར་བ་དང༌། དབུ་མ་རང་རྒྱུད་པ་ཞེས་པའང་འཐད། འདི་གཉིས་ཀྱི་ཁྱད་པར་རང་གི་མཚན་ཉིད་ཀྱི་གྲུབ་པ་ཁས་བླངས་པ་དང་མ་བླངས་པའི་ཁྱད་པར་ཡིན་པས། ལྟ་བའི་སྒོ་ནས་འཇོག་པ་ལས། སྤྱོད་པའི་སྒོ་ནས་ཕྱེ་བ་མིན།དབུ་མ་ཐལ་འགྱུར་བ་དང༌། དབུ་མ་རང་རྒྱུད་པ་ཞེས་པའང་འཐད། འདི་གཉིས་ཀྱི་ཁྱད་པར་རང་གི་མཚན་ཉིད་ཀྱི་གྲུབ་པ་ཁས་བླངས་པ་དང་མ་བླངས་པའི་ཁྱད་པར་ཡིན་པས

20170823