ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 6,703 ཡོད།

ཐམས་ཅད།

རྒྱ་ཡིག 全,完全,所有一切 དབྱིན་ཡིག all, entire 1.དག་ཡིག་གསར་བསྒྲིགས་ལས། མང་ཚིག་སྟེ། སློབ་གྲྭ་པ་ཐམས་ཅད། དགེ་རྒན་ཐམས་ཅད། རྟ་ནོར་ཐམས་ཅད་ཅེས་པ་ལྟ་བུ། 2.བརྡ་དག་མིང་ཚིག་གསལ་བ་ལས། གང་གའམ་ཀུན། 所有,一切。 3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། ཚང་མའམ་ཡོད་ཚད། མི་གྲངས་ཐམས་ཅད་ཚང་འདུག རྣམ་པ་ཐམས་ཅད་

20160511

རྣམ་པ་ཐམས་ཅད།

དུས་སོགས་ཕྱི་ནང་གི་ཤེས་བྱ་ཚང་མ།རྒྱ་ཡིག 随时随地 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། དུས་སོགས་ཕྱི་ནང་གི་ཤེས་བྱ་ཚང་མ། 随时随地。一切种别或一切行相。

20261016

རྣམ་པ་ཐམས་ཅད་མཁྱེན་པ།

སངས་རྒྱས་ཀྱི་ཐུགས།རྒྱ་ཡིག 一切种妙智,一切种智 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སངས་རྒྱས་ཀྱི་ཐུགས། 一切种妙智,一切种智。佛智。

20261016

ཐེག་ཆེན་ཐར་པ་ཆ་མཐུན།

སངས་རྒྱས་སོགས་ལ་དམིགས་པའི་དད་པ་དང་། བསམ་པ་ཕུན་ཚོགས་དྲན་པ། སྦྱིན་སོགས་སྤྱོད་ཡུལ་དུ་སྤྲོ་བའི་བརྩོན་འགྲུས། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན། ཆོས་རྣམས་རྣམ་པ་ཐམས་ཅད་དུ་ཤེས་པའི་ཤེས་རབ་སྟེ་ལྔ་ཡོད་དོ༎ཤེར་ཕྱིན་དོན་བདུན་ཅུའི་ནང་གསེས་ཤིག་སྟེ། བླ་མེད་བྱང་ཆུབ་ཏུ་བགྲོད་པའི་ལམ་གང་ཞིག རྣམ་བྱང་དབང་པོའི་ངོ་བོར་མ་གྱུར་པའི་གནས་སྐབས

20261016

ཐམས་ཅད་མིག

ལྷ་ཁྱབ་འཇུག་གི་མིང་གི་མངོན་བརྗོད་ཅིག་སྟེ། འགྲོ་བ་ཐམས་ཅད་ལ་ཁྱབ་པར་ལྟ་བས་ན་ཐམས་ཅད་མིག་ཟེར། མིང་གི་རྣམ་གྲངས་ལ་ཀུན་ལ་ལྟའང་ཟེར།ལྷ་ཁྱབ་འཇུག་གི་མིང་གི་མངོན་བརྗོད་ཅིག་སྟེ། འགྲོ་བ་ཐམས་ཅད་ལ་ཁྱབ་པར་ལྟ་བས་ན་ཐམས་ཅད་མིག་ཟེར། མིང་གི་རྣམ་གྲངས་ལ་ཀུན་ལ་ལྟའང་ཟེར།

20260821

ཐམས་ཅད་ཡོད་སྨྲ།

ནང་པ་སངས་རྒྱས་པའི་གྲུབ་མཐའི་རྩ་བའི་སྡེ་བཞིའི་ཡ་གྱལ་ཏེ། སྡེ་པ་ཐམས་ཅད་ཀྱི་གཞི་ཡིན་པ་དང་ཤེས་བྱའི་གཞི་ལྔ་རྫས་ཡོད་དུ་སྨྲ་བས་ན་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཞེས་གྲགས།ནང་པ་སངས་རྒྱས་པའི་གྲུབ་མཐའི་རྩ་བའི་སྡེ་བཞིའི་ཡ་གྱལ་ཏེ། སྡེ་པ་ཐམས་ཅད་ཀྱི་གཞི་ཡིན་པ་དང་ཤེས་བྱའི་གཞི་ལྔ་རྫས་ཡོད་དུ་སྨྲ་བས་ན་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཞེས་གྲགས

20260821

ཐམས་ཅད་དུར་ཁྲོད་པ།

སྦྱངས་ཡོན་ཉི་ཤུའི་ནང་ཚན་ཞིག་སྟེ། ཟས་གོས་གནས་མལ་སྣོད་སྤྱད་ཐམས་ཅད་དུར་ཁྲོད་ཀྱི་རྫས་ལ་བརྟེན་པའི་ཡི་དམ་ལ་གནས་པ།སྦྱངས་ཡོན་ཉི་ཤུའི་ནང་ཚན་ཞིག་སྟེ། ཟས་གོས་གནས་མལ་སྣོད་སྤྱད་ཐམས་ཅད་དུར་ཁྲོད་ཀྱི་རྫས་ལ་བརྟེན་པའི་ཡི་དམ་ལ་གནས་པ།

20260821

ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད།

སངས་རྒྱས་ཐོབ་པར་འདོད་པའི་རྣམ་པ་ཅན་གྱི་སེམས་བསྐྱེད་དེ་ཉིད་ཤེས་རབ་ཁྱད་པར་ཅན་གྱིས་ཟིན་པའི་ཐབས་ཤེས་ཟུང་་འབྲེལ་གྱི་ལམ་ལ་རྣལ་འབྱོར་ཟེར། ཡང་ན། དོན་དམ་སེམས་བསྐྱེད་ཀྱིས་ཆོས་ཐམས་ཅད་ལ་དམིགས་པས་ན་ཐམས་ཅད་དང་། དེ་འདྲའི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པའི་དོན་དམ་སེམས་བསྐྱེད་དེ་ཉིད་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཐབས་ཤེས་དབྱེར་མེད

20260821

ཐམས་ཅད་དུ་ཡུད་ཡུད་བྱས།

ཐམས་ཅད་ཀྱི་རྩར་རྒྱུག་རྒྱུག་བྱས་པ།ཐམས་ཅད་ཀྱི་རྩར་རྒྱུག་རྒྱུག་བྱས་པ།

20260821

གནས་ཐམས་ཅད་དུ་འཕར་བ།

དགེ་འདུན་ཉི་ཤུའི་ནང་གསེས། འོག་མིན་གྱི་མཐར་ཐུག་པར་འགྲོ་བ་གང་ཚངས་ཆེན་མ་གཏོགས་པ་གནས་གཞན་ཐམས་ཅད་བརྒྱུད་ནས་འོག་མིན་གྱི་རྟེན་ལ་འདའ་བའི་རིགས་ཅན་ནོ།།རྒྱ་ཡིག 处遍超越 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། དགེ་འདུན་ཉི་ཤུའི་ནང་གསེས། འོག་མིན་གྱི་མཐར་ཐུག་པར་འགྲོ་བ་གང་ཚངས་ཆེན་མ་གཏོགས་པ་གནས་གཞན་ཐམས་ཅད་བརྒྱུད་ནས་འོག་མིན་གྱི

20260922