ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 61 ཡོད།

ཆུ་ཞེང༌།

ཆུ་ནི་དཔངས་དང༌། ཞེང་ནི་ཁ་ཞེང་ངམ་ཁ་རྒྱའི་དོན།རྒྱ་ཡིག 横竖,长宽,长度与宽度 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཆུ་ནི་དཔངས་དང༌། ཞེང་ནི་ཁ་ཞེང་ངམ་ཁ་རྒྱ། 横竖,长宽,长度与宽度:ཆུ་ཞེང་མཉམ་པ། 长宽相等。

20220902

སྐུ་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ་པའི་མཚན་བཟང་།

སྐུ་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ་པའི་མཚན་བཟང་། སངས་རྒྱས་ཀྱི་མཚན་བཟང་པོ་སོ་གཉིས་ཀྱི་གྲས་ཤིག་སྟེ། ནགས་ཚལ་དང་། ཀུན་དགའ་ར་བ་དང་། སྐྱེད་མོས་ཚལ་ལ་སོགས་བསྐྱེད་པ་གཞན་ལ་ཡང་དག་པར་ལེན་དུ་བཅུག་པས། སྐུ་ནྱ་གྲོ་ཏ་ལྟར་ཆུ་ཞིང་གབ་པ་སྟེ་སྐུའི་རིང་ཚད་དང་འདོམ་པ་མཉམ་པ་ཤིང་ནྱ་གྲོ་ཏ་ལྟར་མཛེས་པའོ། །སངས་རྒྱས་ཀྱི་མཚན་བཟང་པོ་སོ་གཉིས་ཀྱི་གྲས་ཤིག་སྟེ

20251222

ཆུ་ཞེང་གབ་པ།

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། འཕྲེད་གཞུང་མཉམ་པ། 六合停匀,六合平整,六合整齐。长宽比例使得其当;黄金分割,比例调和:སྐུ་གཟུགས་ཆུ་ཞེང་གབ་པ། 身体停匀,六合整齐。གྱོན་གོས་ཆུ་ཞེང་གབ་པ། 衣服合体。འཛིན་ཆས་བཟོ་དབྱིབས་ཆུ་ཞེང་གབ་པ། 家具造型,比例调和

20181025

ཁྱོན།

ཆུ་ཞེང་དང་ཁོངས་དང་རྒྱ་ཚད་དེ། དཔེར་ན། ནམ་མཁའི་ཁྱོན་ཟེར་བ་ལྟ་བུའོ༎ཆུ་ཞེང་དང་ཁོངས་དང་རྒྱ་ཚད་དེ། དཔེར་ན། ནམ་མཁའི་ཁྱོན་ཟེར་བ་ལྟ་བུའོ༎

20251217

ཁ་དོག་ཕུན་སུམ་ཚོགས་པ།

བྱང་ཆུབ་སེམས་དཔའི་རྣམ་སྨིན་གྱི་ཡོན་ཏན་བརྒྱད་ཀྱི་གྲས་ཤིག་སྟེ། སྐུ་གཟུགས་ཀྱི་དབྱིབས་ལེགས་པ་དང་། དབུ་དང་ཕྱག་ཞབས་རིང་ཐུང་འཚམས་ཤིང་ཆུ་ཞེང་ཡིད་དུ་འོང་བ་ལ་སོགས་པ་དང་ལྡན་པ་ཞིག་ལ་ཟེར།བྱང་ཆུབ་སེམས་དཔའི་རྣམ་སྨིན་གྱི་ཡོན་ཏན་བརྒྱད་ཀྱི་གྲས་ཤིག་སྟེ། སྐུ་གཟུགས་ཀྱི་དབྱིབས་ལེགས་པ་དང་། དབུ་དང་ཕྱག་ཞབས་རིང་ཐུང་འཚམས་ཤིང་ཆུ་ཞེང་

20250924

སྐུ་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ་པ།

ནྱ་གྲོ་ནི་དམའ་བ་སྟེ་སྐུ་སྨད། ཏ་ནི་མཉམ་པ་སྟེ་ལྟེ་བ་ནས་བཟུང་སྟེ་སྐུ་སྨད་དང་སྐུ་སྟོད་ཚད་མཉམ་པ་དང་། ཡང་ན་ནྱ་གྲོ་ཏ་འདོམ་ལ་བྱས་ནས་སྐུ་དང་འདོམ་གྱི་ཚད་མཉམ་པ་སྟེ་འདོམ་གྱི་ཕན་ཚུན་གྱི་རྩེ་མོ་ནས་གཅལ་བ་ཇི་ཙམ་པ་ཞབས་ནས་སྤྱི་བོའི་བར་ལ་དེ་ཙམ་མོ། ། ནྱ་གྲོ་ཏ་ཤིང་ལ་བྱས་ནས་ཆུའམ་མཆུ་ནི་སྲིད་པ་ཡིན་པས་ཤིང་ནྱ་གྲོ་ཏ་ལྟར་སྲིད་ཞེང

20251222

སྐུ་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ་པའི་མཚན་བཟང༌།

སངས་རྒྱས་ཀྱི་མཚན་བཟང་པོ་སོ་གཉིས་ཀྱི་ནང་གསེས་ཤིག་སྟེ། ནགས་ཚལ་དང་ཀུན་དགའ་ར་བ་ལ་སོགས་པ་བྱེད་པ་ཡང་དག་པར་ལེན་དུ་བཅུག་པས་ཤིང་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ་པ།རྒྱ་ཡིག身纵广相。 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སངས་རྒྱས་ཀྱི་མཚན་བཟང་པོ་སོ་གཉིས་ཀྱི་ནང་གསེས་ཤིག་སྟེ་ནགས་ཚལ་དང་ཀུན་དགའ་ར་བ་ལ་སོགས་པ་བྱེད་པ་ཡང་དག་པར་ལེན་དུ་བཅུག

20200219

ཚའེ་ལེ་ཀུའུ་ཨེར།

ཚའེ་ལེ་ཀུའུ་ཨེར་ཞེས་པ་སོག་སྐད་དུ་ཆུ་དཀར་ལྡང་རབ་ཁ་ཞེས་པའི་དོན་ཡིན། གནས་འདི་ནི་ཆུ་བོའི་རབ་ཁའི་ཆུ་ཞེང་ཆེས་ཆེ་ས་ཞིག་ཡིན་པས་རྒྱང་ནས་བལྟས་ཚེ་ཉི་འོད་འོག་ཏུ་དཀར་ཆེམ་ཆེམ་བྱེད་པས་ས་མིང་ལ་དེ་ལྟར་ཐོགས། གྲོང་རྡལ་མ་བཙུགས་སྔོན་གྱི་འཛོམས་རྒྱལ་ཡུལ་ཚོའི་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ55ཡས་མས་ཀྱི་མཚམས་སུ་ཡོད།ཚའེ་ལེ་ཀུའུ་ཨེར་ཞེས་པ

20250707

གཏོས།

ཆུ་ཞེང་དང་ཚད་དེ། དཔེར་ན། བཤེས་སྤྲིངས་ལས། ལྟོ་བ་རི་བོའི་གཏོས་ཙམ་བཀྲེས་པས་ཉེན། ། ཞེས་པ་ལྟ་བུའོ། །འགྲེལ་བ།

20260209

ནྱ་གྲོ་དྷ།

མཐོ་དམན་ཚད་མཉམ་པ་བཅས་འཕེལ་སྟོབས་ཧ་ཅང་ཆེ་བའི་ཤིང་ཞིག་གོ ། ཀརྨ་ཚེ་དབང་དཔལ་འབར་གྱིས། རང་བཞིན་བརྗོད་པའི་རྒྱན་ལ། སྣུམ་ཞིང་འཇམ་པའི་འདབ་ལྡན་ཡལ་ག་དག ། ཕྱོགས་མཚམས་སྟེང་དུ་ཆུ་ཞེང་ཚད་མཉམ་པ། ། གྲིབ་མ་བསིལ་བ་ཁྱོན་ཆེ་ནྱ་གྲོ་དྷའི། ། ལྗོན་ཤིང་ཚོགས་རྣམས་ཡ་མཚན་ཅན་དུ་ངེས།།མིང་གཞན། ཆུ་ཞེང་གབ་པ། དཔང་མཉམ། རྐང་མང་གྲགས། རིགས་དབྱེ། ལྗོན་ཤིང

20181022