ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 1,943 ཡོད།

དགེ་སྦྱོང་གི་དྲི་མ་སོ་གཉིས།

གི་དྲི་མ། 11.རབ་ཏུ་བྱུང་བ་དང་བརྟེན་པ་དགེ་སྦྱོང་གི་དྲི་མ། 12.འདུ་འཛི་ལ་མངོན་པར་དགའ་བ་དགེ་སྦྱོང་གི་དྲི་མ། 13.རྙེད་པ་ཡོངས་སུ་གྲུབ་པར་རྟོག་པ་དགེ་སྦྱོང་གི་དྲི་མ། 14.བདག་གི་རྙེད་པས་ཆོག་པར་མི་འཛིན་པ་དགེ་སྦྱོང་གི་དྲི་མ། 15.ཕ་རོལ་བསོད་སྙོམས་རྙེད་པ་ལ་ཕྲག་དོག་དང་སེར་སྣ་བྱེད་པ་དགེ་སྦྱོང་གི་དྲི་མ། 16

20210302

དགེ་སློང་མའི་ཕམ་པ་བརྒྱད།

སྟེ། 1.རེག་ཕམ་ནི། དགེ་སློང་མས་ཆགས་པའི་དབང་གིས་སྐྱེས་པའི་ལུས་རིལ་པོ་ལ་རེག་པའོ༎ 2.ལུས་བཀན་ཕམ་པ་ནི། སྐྱེས་པ་དང་མཉམ་དུ་གན་རྐྱལ་དུ་ཉལ་བའོ༎ 3.འཆབ་ཕབ་ནི། རང་གི་གྲོགས་དགེ་སློང་མ་ལ་ཕམ་པ་བྱུང་ན་སྦས་ནས་གཞན་ལ་གསང་བའོ༎ 4.བཟློག་ཕམ་ནི། དགེ་སློང་གནས་དབྱུང་བྱས་པ་ལ་ཕྱག་དང་བསྙེན་བཀུར་མ་བྱེད་ཅེས་དགེ་སློང་མའི་དགེ་འདུན་གྱིས

20210525

ཆོས་གོས་འཁྲུར་འཇུག་གི་སྤང་བ།

སྤང་ལྟུང་སུམ་ཅུའི་ནང་གསེས། རང་གི་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་གོས་རྙིང་པ་འཁྲུར་འཇུག་པའོ། །རྒྱ་ཡིག 浣衣 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སྤང་ལྟུང་སུམ་ཅུའི་ནང་གསེས། རང་གི་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་གོས་རྙིང་པ་འཁྲུར་འཇུག་པའོ། ། 浣衣。三十舍堕之一。使非亲属比丘尼为己浣旧衣所犯堕罪

20221009

གཟུ་བོ་འདུལ་བ་འཛིན་པས་རྩོད་པ་རབ་ཏུ་གཟུང་བར་འདོད་ན་གནས་བཅུ་དྲུག་ཏུ་བརྟགས་ལ་གདོད་རྩོད་པ་གཟུང་བར་བྱ་བའི་དོན་བཅུ་དྲུག

བརྒྱད་ནི། 1.ཅི་བདག་རྩོད་པའི་ཐོག་མ་དང་། བར་མ་དང་། ཐ་མ་ལ་མཁས་པ་ཡིན་ནམ། 2.ཅི་བདག་རྩོད་པ་དེ་ལ་ཐོག་མ་ནས་མ་འདྲེས་སམ། 3.རྒོལ་བ་དང་། ལན་གློན་པའི་དགེ་སློང་གིས་བདག་གི་ཚིག་འཛིན་ཏམ། 4.རྒོལ་བ་དང་། ལན་གློན་པའི་དགེ་སློང་གིས་བདག་གི་ཚིག་ཉན་ཏམ། 5.རྒོལ་བ་དང་ལན་གློན་པའི་དགེ་སློང་དག་གི་ཉེས་པ་བདག་གིས་ནུས་པས་སྦྱངས་ནུས་སམ

20201209

མངལ་དང་ཤོད་ཟླ་རྩིས་པའི་ཉི་ཤུ།

སངས་རྒྱས་ཆོས་ལུགས་ཀྱི་འདུལ་བའི་གཞུང་ནས་བཤད་སྲོལ་ལ་བྱིས་པ་ལོ་བདུན་ནས་ཆོས་སྒོར་ཞུགས་ཏེ་ཐོག་མར་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ཞུས། དེ་ནས་རང་ལོ་ཉི་ཤུར་མ་སླེབས་ན་དགེ་སློང་གི་སྡོམ་པ་ཞུས་མི་ཆོག རང་ལོ་བཅུ་དགུར་སླེབས་རྗེས་རང་ཉིད་མའི་མངལ་དུ་ཟླ་དགུ་ངོ་བཅུ་བསྡད་པ་དང་རང་ལོ་བདུན་ནས་རང་ལོ་བཅུ་དགུའི་བར་ལོ་ངོ་བཅུ་གཉིས་ལ་ཟླ་བཤོལ་གསུམ་འོང་བ

20170605

ཆོས་བཞིན་མ་ཡིན་པ་དང་།མ་རྟོགས་པས་ཚུལ་ཁྲིམས་ཉམས་པའི་དགེ་སློང་གི་ཉེས་པ་གླེངས་ན་ཁ་ན་མ་ཐོ་བའི་སྡིག་པ་ཆེན་པོ་ཐོབ་པ་བཅུ།

འཁོན་ཡོད་པའི་མདུན་དུ་ཚུལ་ཁྲིམས་ཉམས་པའི་དགེ་སློང་གི་ཉེས་པ་གླེང་བ། 10.དགྲ་བོ་ཞེ་འགྲས་པའི་མདུན་དུ་ཚུལ་ཁྲིམས་ཉམས་པའི་དགེ་སློང་གི་ཉེས་པ་གླེང་བའོ༎ 1.མུ་སྟེགས་ཅན་དག་གིས་དགེ་སློང་གི་ཉེས་པ་གླེང་བ། 2.ཚུལ་ཁྲིམས་མེད་པའི་ཁྱིམ་བདག་གིས་དགེ་སློང་གི་ཉེས་པ་གླེང་བ། 3.མཚམས་མེད་པ་བྱས་པ་དག་གིས་དགེ་སློང་གི་ཉེས་པ་གླེང་བ

20211124

བྱིན་ལེན་ཞུ།

དགེ་སློང་རྣམས་ཀྱི་མདུན་དུ་བཟའ་ཆས་རྣམས་བསྒྲིགས་ཟིན་པ་དང༌། དགེ་ཚུལ་ཞིག་གིས་དེ་ཚུར་བླངས་ནས་ལག་པ་གཡས་པ་ཟས་སྣོད་ཀྱི་སྟེང་ལ་བཞག ལག་པ་གཡོན་པ་ཟས་སྣོད་ཀྱི་འོག་ཏུ་བཞག་ཏེ་གུས་འདུད་དང་སྦྲགས་དགེ་སློང་ལ་ཕར་ཕུལ་བ་དང༌། དགེ་སློང་དེས་རང་གི་ལག་པ་གཡོན་པ་ཟས་སྣོད་ཀྱི་སྟེང་དུ་བཞག ལག་པ་གཡས་པ་ཟས་སྣོད་ཀྱི་འོག་ཏུ་བཞག་ནས་ཚུར་ལེན་པ་དེར་ཟེར

20171129

བྱང་ཆུབ་སེམས་དཔའ་བདག་ཤེས་པའི་ཆོས་བཅུ།

ཡུལ་གྱི་མི་འདི་དག་འདུ་ཤེས་ཅི་དང་ལྡན་ཞིང་བདག་ལ་བསོད་སྙོམས་གཏང་སྙམ་ཞིང་། དེ་འདི་ལྟར་རྗེས་སུ་སེམས་ཏེ། བྲམ་ཟེ་དང་། རྒྱལ་རིགས་དང་། གྲོང་པ་དང་། ཡུལ་གྱི་མི་འདི་དག་ནི། བདག་ལ་དགེ་སྦྱོང་གི་འདུ་ཤེས་དང་ལྡན། དགེ་སློང་གི་འདུ་ཤེས་དང་ལྡན། སྦྱིན་པའི་གནས་ཀྱི་འདུ་ཤེས་དང་ལྡན་ཞིང་བདག་ལ་བསོད་སྙོམས་སྦྱིན་པར་བྱེད་ཀྱི། ཅི་ནས་ཀྱང་བདག་གིས་དགེ་སྦྱོང་གི་ཡོན་ཏན་ཡང་དག་པར

20220126

ཕྱག་འོས་ཀྱི་ཁྱད་པར་བཞི།

ཁྱིམ་པའི་ཕྱག་ཡུལ་རབ་བྱུང་སྡེ་ལྔ་དང༌། རབ་བྱུང་གཞན་གྱི་ཕྱག་ཡུལ་དགེ་སློང་དང༌། དགེ་སློང་གི་ཕྱག་ཡུལ་རང་ལས་བསླབ་པ་རྒན་པ་དང༌། ཐམས་ཅད་ཀྱི་སྤྱིའི་ཕྱག་ཡུལ་སངས་རྒྱས་སོ། །ཁྱིམ་པའི་ཕྱག་ཡུལ་རབ་བྱུང་སྡེ་ལྔ་དང༌། རབ་བྱུང་གཞན་གྱི་ཕྱག་ཡུལ་དགེ་སློང་དང༌། དགེ་སློང་གི་ཕྱག་ཡུལ་རང་ལས་བསླབ་པ་རྒན་པ་དང༌། ཐམས་ཅད་ཀྱི་སྤྱིའི་ཕྱག་ཡུལ་སངས་རྒྱས་སོ

20171127

དགེ་སྦྱོང་གི་ཆོམ་རྐུན་བཞི།

མི་དགེ་བའི་རྣམ་པར་རྟོག་པ་དག་ལ་རྣམ་པར་རྟོག་པར་བྱེད་ན་དེ་ནི་དགེ་སྦྱོང་གི་ཆོམ་རྐུན་གཉིས་པ་ཡིན་ནོ༎ 3.བདག་ཉིད་འབྲས་བུ་མ་ཐོབ་ཅིང་སོ་སོ་སྐྱེ་བོ་ཡིན་པར་ཤེས་བཞིན་དུ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པས་ཟིལ་གྱིས་ནོན་པས། གཞན་དག་གི་མདུན་དུ་བདག་ཉིད་དགྲ་བཅོམ་པ་ཡིན་པར་ཁས་འཆེ་བ་བྱེད་ན་དེ་ནི་དགེ་སྦྱོང་གི་ཆོམ་རྐུན་གསུམ་པ་ཡིན་ནོ

20210620