ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 34 ཡོད།

གྲོད་པུ།

ནོར་ལུག་སོགས་སྐྱུག་ལྡད་བྱེད་པའི་སྲོག་ཆགས་ཀྱི་ཕོ་བའི་ཆ་ཤས་ཆེ་ཤོས་ཀྱི་མིང་།རྒྱ་ཡིག 肚子 དབྱིན་ཡིག belly 1.དག་ཡིག་གསར་བསྒྲིགས་ལས། ནོར་ལུག་སོགས་སྐྱུག་ལྡད་བྱེད་པའི་སྲོག་ཆགས་ཀྱི་ཕོ་བའི་ཆ་ཤས་ཆེ་ཤོས་ཀྱི་མིང་།

20180904

པཎ་ཆེན་གྲོད་པུ་ཐང་།

པན་ཆེན་གྲོད་པུ་ཐང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོ་མཐའ་ཐོག་སྡེ་བའི་མངའ་ཁོངས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3824དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ9. 5ལྷག་ཡོད།པན་ཆེན་གྲོད་པུ་ཐང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོ་མཐའ་ཐོག་སྡེ་བའི་མངའ་ཁོངས་སུ་ཡོད་ལ

20160721

ལུག་གི་གཟེར་བྲེལ་ནད་དང་གློ་བུར་འཆི་ནད།

སོ་འཁྱུག་པ་དང་དབུགས་ཀྱི་གཏོང་ལེན་ཧ་ཅང་དཀའ། གློ་བུར་དུ་འགྱེལ་ནས་ཤི ལུག་གི་གཟེར་བྲེལ་ནད་ཀྱིས་ཤི་བའི་རོ་རུལ་བ་ཧ་ཅང་མགྱོགས་ཤིང་བུ་ག་ནས་གཤེར་གཟུགས་དམར་ནག་བཞུར། གྲོད་པུ་ཐོག་ཏུ་ཁྲག་ཐོན་རང་བཞིན་གྱི་གཉན་ཚད་དང་རུལ་སུངས་ཡོད་ལ་གྲོད་པུ་སྐྲངས་ཡོད། ལ་ལའི་བྲང་ཁོག་དང་སྙིང་ཤུན་བར་ལ་ཆུ་སེར་བསགས་ཡོད་པ་དང་མཆིན་པ་སྐྲངས། ལུག་གི་གློ་བུར་འཆི་ནད

20240130

བེའུའི་འདར་ནད་ཕལ་བ།

བེའུ་ལིར་ནད་འདི་བྱུང་ན་ནད་ཅུང་ཡང་བ་དང་སྤྱིར་བཏང་དུ་རང་བཞིན་གྱིས་དྲག་འགྲོ། བེའུ་ལི་ནད་པ་ཤི་བའི་རོ་ལ་གཤགས་དཔྱད་བྱས་ན་ཁྲག་ཐོན་རང་བཞིན་གྱི་ཕོ་རྒྱུ་གཉན་ཚད་མངོན། གྲོད་པུའི་འབྱར་སྐྱི་དང་རྒྱུ་མའི་འབྱར་སྐྱི་ལ་གཉན་ཚད་ཡོད། མཚེར་བའི་ནང་དུ་ཁྲག་བབས་ནས་སྐྲངས་ཤིང་ཁྲག་ཐོན། ལ་ལའི་གློ་བ་དམར་སྐྱ་ཡིན་ལ་སྲ་མོར་གྱུར་ཡོད། ལ་ལའི་བྲང་ཁོག་གི་འབྱར་སྐྱི

20240130

གླང་མཉེ།

ཕྲག་ལྷག་འཆར་བ། མ་སྨིན་པ་འདབ་མ་ཁ་ཟུམ་པའི་དུས་མེ་ཏོག་གི་མྱུ་གུ་རིང་བ་བླུགས་གཟར་འདྲ་བ་གཡང་ཊིའི་མདོག་ཅན་དབྱིབས་བཙུན་མོ་རྣམས་ཀྱི་དབུ་རྒྱན་འདྲ་བའམ་ཡང་ན་ཁུ་བྱུག་གྲོད་པུ་འདྲ་བའོ།། སྨིན་ཞིང་རྒྱས་ནས་འདབ་མ་རྒྱ་གླིང་ཁ་གྲོལ་བའི་དབུས་ཟེའུ་འབྲུ་སེར་པོ་ངོམ་ཞིང་དྲི་ཞིམ་གྱི་ངད་ལྡང་བའོ།། འདི་རྩ་བ་གཅིག་ལ་གཅིག་མཐུད་ཕན་ཚུན་སྦྲེལ་བ་འོལ་མོ་སེ

20230425

རྫ་རྒྱལ་ངང་བ།

སྔོན་ཆད་གྲོད་པུ་གནམ་བཏེགས་ཟེར། རི་དེའི་དབྱིབས་ནི་གྲོད་པུར་དབུགས་བརྒྱབ་ནས་གནམ་ལ་བཏེགས་པ་ལྟ་བུ་ཡིན་པས་མིང་ཡང་དེ་ལྟར་ཐོགས།གདང་ལ་གྲོང་རྡལ་གྱི་ནུབ་ཀྱི་སྤྱི་ལེ40མཚམས་སུ་ཡོད། སྔོན་ཆད་གྲོད་པུ་གནམ་བཏེགས་ཟེར། རི་དེའི་དབྱིབས་ནི་གྲོད་པུར་དབུགས་བརྒྱབ་ནས་གནམ་ལ་བཏེགས་པ་ལྟ་བུ་ཡིན་པས་མིང་ཡང་དེ་ལྟར་ཐོགས། ཨ་སྟག་ལྷ་མོས་འབྲོང

20170929

ཕོ་ཁའི་ནད།

ནོར་ལུག་གི་ཕོ་ཁའི་ནད་ཆེས་མང་ཤོས་ཕོ་བ་སྔོན་མའི་ནད་ཡིན་ཞིང་། ཕོ་བ་སྔོན་མའི་ནད་ནང་ནས་གྲོད་པུ་སྦོས་པ་དང་། གྲོད་པུར་ཟས་བསགས་པ། ཕོ་ཁ་ལྷོད་པ། ཕོ་སུལ་འགག་པ་སོགས་ལྷག་ཏུ་མང་།ནོར་ལུག་གི་འཇུ་ལམ་ནད་ཆེས་མང་ཤོས་ཕོ་བ་སྔོན་མའི་ནད་ཡིན་ཞིང་། ཕོ་བ་སྔོན་མའི་ནད་ནང་ནས་གྲོད་པུ་སྦོས་པ་དང་། གྲོད་པུར་ཟས་བསགས་པ། ཕོ་ཁ་ལྷོད་པ

20190108

གྲོད་པར་ཟས་བསགས་པ།

གྲོད་པུར་ཟས་བསགས་པ་ནི། རྩྭ་ཆས་ཟ་བ་མང་དྲགས་ཏེ་འཇུ་མ་ཐབ་པར་གྲོད་པུའི་ནང་དུ་བསགས་ནས་མ་འཁོར་བའི་ནད་ཅིག་ཡིན།གྲོད་པུར་ཟས་བསགས་པ་ནི། རྩྭ་ཆས་ཟ་བ་མང་དྲགས་ཏེ་འཇུ་མ་ཐབ་པར་གྲོད་པུའི་ནང་དུ་བསགས་ནས་མ་འཁོར་བའི་ནད་ཅིག་ཡིན། ནད་འདི་ལ་ཕོ་ཁའི་ནད་རྟགས་ཡོད་པ་ལས་གཞན། ཁྱད་རྟགས་གཙོ་བོ་ནི་གྲོད་པུ་མནན་ན་སློས་གང་བས་སྲ་ཞིང

20190108

ལུག་བཤའ།

རིན་ཆེན་ཚེ་རིང་གིས་ཀྱང་སངས་ཁོ་ལ་བཏགས་པ་ཞིག་བྱེད་འདོད་ནས་ཁོ་ཚང་ལ་སོང་དུས། སངས་ཁོས་ལུག་ཅིག་བཤའ་བཞིན་ཡོད་པར་ཁོས་ཀྱང་རོགས་བྱས། སངས་ཁོས་སེམས་ཆུང་མ་བྱས་པར་གྲི་ཡིས་གྲོད་པུ་གཅིལ་བས་བཙོ་གམ་གྱི་བུ་ཆུང་འཕགས་པ་རྒྱལ་གྱི་ལུས་སྟེང་ལ་གཅོལ་བ་ལ་སྦྱར་ནས་བཏགས་པ་བྱས་ཚུལ་བཀོད་ཡོད།འདིར་རིན་ཆེན་ཚེ་རིང་གིས་ཀྱང་སངས་ཁོ་ལ་བཏགས་པ་ཞིག་བྱེད་འདོད་ནས

20191211

ཐོག་འགོག་པའི་སྲོལ།

སྦྲ་གུར་གྱི་འདབས་སུ་སྟ་རེ་ཐང་ལ་གདབ་པའམ་གྲི་ས་ལ་འཛེར་བ་སོགས་བྱེད་ཅིང་། དེ་ནི་རང་གི་སྦྲ་ཁྱིམ་གྱི་ཉེ་འདབས་སུ་ས་བདག་གྲོད་པུ་མི་འོངས་པའི་ཐབས་ཡིན་ཟེར། དྲག་ཆར་འབབ་དུས་ས་བདག་གྲོད་པུ་ཐོག་ལ་གཡོལ་ཆེད་སྦྲ་གུར་གྱི་ཕག་ལ་བྲོས་འོངས་སྲིད་པས། སྔ་མོ་ནས་གྲི་དང་སྟ་རེ། ཕུར་བ། འབིག་སོགས་ས་ལ་གདབ་ན་ས་བདག་གྲོད་པུའང་སྐྲག་ནས་ཉེ་སར་བཏུད་མི་ནུས་ཤིང

20170710