ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 19 ཡོད།

གྲོ་སོ་ཕྱེ་མར།

བོད་ཀྱི་གྲོ་སོ་ཕྱེ་མར་ནི། བོད་དུ་ལོ་གསར་སོགས་དུས་སྟོན་གྱི་རྟེན་འབྲེལ་བྱེད་སྒོའི་སྐབས་སུ་སྒྲིག་གཤོམ་བྱས་པའི་གྲོ་ཡོས་དང་ཕྱེ་མར་འབོ་གཞོང་དུ་བླུགས་ནས་དེའི་ཐོག་ཏུ་གྲོ་སྙེ་དང་མེ་ཏོག་སོགས་བཙུགས་ཏེ། མགྲོན་པོ་ཕེབས་དུས་དེར་ཕུལ་ནས་དགའ་བསུ་སྣེ་ལེན་ཞུ་བྱེད་ཅིག་ཡིན།བོད་ཀྱི་གྲོ་སོ་ཕྱེ་མར་ནི། བོད་དུ་ལོ་གསར་སོགས་དུས་སྟོན་གྱི་རྟེན་འབྲེལ་བྱེད

20180719

རྩེ་སྒྲོ།

ལག་པས་བརྫིས་ནས་སྐུ་བརྙན་སྣ་ཚོགས་དང་། མི་སྣ། མེ་ཏོག ལྗོན་ཤིང་། འདབ་ཆགས། རི་དྭགས་སོགས་ལས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་རྩེ་སྒྲོ་བཞེངས་གི་ཡོད་པ་རེད། རྩེ་སྒྲོ་ནི་བོད་རིགས་དམངས་ཚོགས་ཀྱིས་གྲོ་སོ་ཕྱེ་མར་ལ་མཛེས་རྒྱན་སྤྲས་པར་ཤིན་ཏུ་མཁོ་གལ་ཆེ་བའི་དངོས་རྫས་ཤིག་རེད།རྒྱ་ཡིག་གི་མིང་། 花扦 ཁོངས་གཏོགས། དམངས་སྲོལ་རིག་གནས

20190401

ཕྱེ་མར།

སྔར་བཞིན་ལོ་སར་སོགས་ཀྱི་སྐབས་སུ་གྲོ་སོ་ཕྱེ་མ་གཟབ་རྒྱས་ངང་བཤམས་སྲོལ་འདུག་མོད། ཨ་མདོའི་ཕྱོགས་ཀྱི་ཡུལ་ལུང་མང་ཤོས་ཀྱིས་ཕྱེ་མར་རྐྱང་བ་ལས་སྣ་འཛོམས་རང་བཞིན་ཅན་གྱི་གྲོ་སོ་ཕྱེ་མར་དེ་འདྲའི་གཟབ་རྒྱས་བཤམས་པ་ཅུང་ཉུང་བར་སྣང་། སྤྱིའི་ཆ་ནས་དབུས་གཙང་ཕྱོགས་ཀྱི་གྲོ་སོ་ཕྱེ་མར་དང་ཨ་མདོའི་ཡུལ་གྱི་ཕྱེ་མར་རྐྱང་བ་གཉིས་རྒྱས་བསྡུས་ཙམ་གྱི་ཁྱད་པར་ལས

20190322

རྒྱལ་བ་རིགས་ལྔ།

ཧ་ཅང་མང་པོས་རི་རྩེ་ནས་རྡོ་སྐུ་རྣམས་འགྱོགས་ཁྲིའི་སྟེང་གདན་དྲངས་ནས་རི་སྐེད་ཙམ་ལ་སླེབས་དུས་ཚང་མ་དཀའ་བས་མནར་ཏེ་རི་སུལ་ཞིག་ནང་ངལ་གསོ་བའི་ཚེ་སྲོང་བཙན་སྐུ་ངོ་མས་ཕྱག་ཏུ་གྲོ་སོ་ཕྱེ་མར་བསྣམས་ནས་ས་ཆ་དེར་རྟེན་གཙོའི་ཕེབས་བསུར་བྱོན་པས། ཕྱིས་ས་ཆ་དེར་དགོན་པ་ཞིག་བཏབ་པའི་མིང་ལའང་གྲོ་སོ་དགོན་པ་ཟེར་ཞིང་། ད་ཆ་དགོན་པ་བསྡད་མེད་ཀྱང་གྱང་རོ་དེར་གྲོ་སོ

20171021

ཁང་ཚོན་རི་མོ།

ཞེས་པ་ནས་མཚོན་ནོ།། བོད་ཀྱི་གནམ་ལོ་གསར་དུ་བཞད་སྐབས་ཐབ་ཚང་གི་ལྡེབས་སུ་ནོར་བུས་བྱུར་བུར་གཏམས་ཤིང་། དེའི་སྟེང་དུ་མེ་རིས་ཡོད་པའི་ནོར་བུ་མེ་འབར་དང་གཡུང་དྲུང་ནང་བསྐོར། གྲོ་སོ་ཕྱེ་མར་སོགས་ཀྱི་རི་མོ་འབྲི་སྲོལ་ཡོད་པས་དེའི་རི་མོ་རྣམས་ལས་དཔལ་དང་འབྱོར་པ་རྒྱས་པ་དང་། མཐུན་རྐྱེན་གྱི་ལེགས་ཚོགས་མཐའ་དག་ནམ་ཡང་མི་འགྱུར་བར་གཡུང་དྲུང་ལྟར་བརྟན་པ་བཅས

20180622

ཚེས་གསུམ་ཐོག་མདའ།

སྐད་ཆུང་ངུས་བཏང་ནས་གར་གླུ་འབུལ་དགོས་པ་བཅས་ལ་ཕྱི་དྲོ་ཉི་མ་མ་བཞུད་ཙམ་བར་འགོར་གྱི་ཡོད། ཚེས་གསུམ་ཉིན་སྒོ་ར་སོ་སོའི་ཐོག་སྟེང་དུ་གད་བདར་དང་སྦྲགས་གདན་ལྕོག་དང་། གྲོ་སོ་ཕྱེ་མར། ཁ་ཟས་སྣ་ཚོགས། ཇ་ཆང་སོགས་གྲ་སྒྲིག་ལེགས་པར་ཟིན་མཚམས་ཁམས་མཐུན་དར་ལྕོག་འཛུགས་པ་དང་། སྐད་ཤུགས་ཆེན་པོས་ལྷ་རྒྱལ་འཐེན་པ། ལྷ་བསང་གཏོང་བ་བཅས་ཀྱི་གོ་རིམ་ཟིན་མཚམས་ཐོག

20190114

དབུས་ཕྱོགས་ཀྱི་ལོ་སར།

ངང་བྱེད་ཀྱི་ཡོད་པས་ཁ་རྒྱུན་དུ་ལོ་གསར་ཟེར་ཡང་ལས་གསར་རེད་ཅེས་བརྗོད། འདིར་གཙོ་བོ་གནམ་གང་ཉིན་གྱི་གྲ་སྒྲིག་ལྟར་བྱ་བའི་རིམ་པ་རོབ་ཙམ་གླེང་ན། ཉིན་དེའི་སྟ་གོན་གཙོ་བོར་གྲོ་སོ་ཕྱེ་མར་དང་། ཁ་ཟས་ཁུར་ཁོག་དང་། ཉ་ཤག སྨུག་ཐུང་། སྦོ་ལུགས། པིན་ཏོག་བཅས་ཁ་ཟས་སྡེར་ཁ། ཤིང་འབྲས་སྣ་ཚོགས་བླུགས་པའི་སྡེར་མ། མར་གྱི་གཡུང་དྲུང་རི་མོས་བརྒྱན་པའི་ཞིབ་ཐུད་གྲུ་བཞི

20190122

བོད་ཀྱི་གཉེན་སྲོལ།

ཕྱོགས་ཀྱིས་ཇ་ཆང་གི་ཟས་མཆོག་གྲ་སྒྲིག་བྱས་ཏེ་སྣེ་ལེན་གྱ་ནོམ་པ་བྱེད་ཀྱི་ཡོད། ཕྱོགས་གཉིས་ཀའི་འཐུས་མི་རྣམས་ཚོམས་ཆེན་གྱི་བཞུགས་གདན་དུ་རིམ་པ་བཞིན་བསྡད་རྗེས། གནས་ཚང་གིས“གྲོ་སོ་ཕྱེ་མར”འཁྱེར་ཡོང་ནས་ཇ་དང་ཆང་འདྲེན་པ་དང་། གཉེན་ཚང་གིས་ལེགས་སྐྱེས་འབུལ་བ་དང་། ལྷག་པར་དུ་བུ་མོའི་ཨ་མར“པང་གདན”ཞིག་བྱིན་ཏེ་ཨ་མས་བུ་མོ་གཉོར་སྐྱོང་བྱས་པའི

20180507

བོད་ཀྱི་ལོ་གསར།

ངར་སྒྲ་སྒྲོག་བཞིན་ཁྱིམ་ཚང་གི་ཉེ་འདབས་ཀྱི་ལམ་མདོ་ཞིག་ལ་འཕངས་མཐར་མེ་མདའ་དང་ཤོག་སྦག་བརྒྱབ་ནས་གདོན་བགེགས་སྐྲོད་སྲོལ་ཡོད། བོད་ལོ་གནམ་གང་གི་ཉིན་ལ་མཆོད་གཤོམ་གྱི་མདུན་དུ་གྲོ་སོ་ཕྱེ་མར་དང་ཁ་ཟས་སྡེར་ཁ། ཤིང་འབྲས་བུ་རམ། ཤེལ་དཀར་རྟ་སོ་མ། ཐུད་དང་བྱི་རིལ་སོགས་བཟའ་བཅའ་བྱེ་བྲག་སྣ་ཚོགས་བཤམས་ཏེ་ལོ་སར་གྱི་སྟ་གོན་གྱ་ནོམ་པ་བྱེད་པ་དང

20151221

སོན་འདེབས་གོམས་སྲོལ།

གསོལ་བསང་གཏོང་བྱེད། སྐྱེ་ཕོ་མོ་རྒན་གཞོན་ཚོས་གཟབ་མཆོར་སྤྲས་ཏེ་གཉའ་སྦྲེལ་རྟེན་འབྲེལ་བྱེད་སའི་ས་ཁུལ་དུ་འདུ་འཛོམས་བྱེད་པ་དང་། བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་དུ་གྲོ་སོ་ཕྱེ་མར་དང་། སྡེར་ཁ། ཇ་ཆང་བཅས་ཟས་རིགས་སྣ་ཚོགས་སྡེར་ལ་བསྒྲིགས་འདུག་ལ། དགེ་འདུན་པར་ཁ་བཏགས་བསྒྲོན་ནས་བཀྲ་ཤིས་སྨོན་འདུན་ཡང་ཞུ་བའོ།། དེ་ནས་ལུས་ལ་གཟབ་མཆོར་དང་དཀར་གཙང་ཁ་བཏགས

20170313