ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 7,557 ཡོད།

འདོས་པ།

པའི(བེའུ་བུམ་སྔོན་པོའི་རྩ་འགྲེལ)ལྡེབ278པར། ར་མདའ་བྱེད་པ་ལ་མི་རྟབ་ཤོས་ཅིག་གིས་མདའ་གཞུ་བླངས་ནས་བརྒྱུགས་པས་སྒོ་ལ་འདོས་པས་གཞུ་བཅག ཡང་བུའི་གཞུ་བླངས་ནས་བརྒྱུགས་པས་ཀྱང་བཅག་ནས། ཞེས་སམ། ལྡེབ281པར། ད་རེས་རྩ་བ་བཞི་གཅིག་མགོ་ཐོན་ན། ལ་འདོས་པ་ཡིན་ཏེ། ལ་ཁར་ཐོན་པའི་ཟངས་རྦབ་དང་འདྲ་བ་ཡིན་གསུངས། ཞེས་འབྱུང་བ་ལྟ་བུ

20250508

དྲག

ཟེར་བས། འདང་དགོང་དྲག་སོང་ནའང་ལ་ཐང་མེད་ཟེར་བ་ལྟ་བུའོ།། ②བཟང་བའམ་ལེགས་པའི་དོན། 《བཀའ་ཆེམས་ཀ་ཁོལ་མ》ཡི་ལྡེབ137པར། དེ་བས་ན་ད་ལྟ་ནས་འགྲོ་རྩིས་བྱས་པ་དྲག་གསུངས་པས། ཞེས་སམ། ལྡེབ160བར། རྒྱལ་པོ་བཞི་བོ་གང་གི་བཙུན་མོར་འགྲོ་བ་དྲག་གྲོས་བྱས་པས། ཞེས་དང་། 《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ་བཞུགས་སོ》ཡི་སྟོད་ཆའི་ལྡེབ

20250508

ལེགས་གསུངས

ལེགས་པར་སྨྲས་པ་ཞེས་པ་ཉེས་མེད་པར་སྨྲ་བ་ལྷུར་བྱེད་པས་འབྲེལ་བས་བརྗོད། རང་གི་མཚན་ཉིད་ཀྱིས་བསྟན། སྤྱིའི་མཚན་ཉིད་ཀྱིས་བཤད། དེ་གཉིས་ཀ་རྣམ་པར་བཞག་པའོ། ། ཞེས་གསུངས་པ་ལྟར་རོ། །ལེགས་གསུངས་ནི་སྤྱིར་ལེགས་གསུང་ཞེས་པ་ལ་བཀའི་དབང་དུ་བྱས་པ་དང་། དེ་མ་ཡིན་པའི་ཚུལ་གཉིས་ཡོད་དེ། དང་པོ་ནི། 《ལྷའི་བུས་ཞུས་པའི་མདོ》ལས། ཆོས་རྣམས་ཐམས་ཅད

20181123

འདི་ན་མར།

ཡི་སྟོད་ཆའི་ལྡེབ227པར། དེ་རིང་ཡང་ནོར་བུའི་ཕྲེང་བ་འདི་ན་མར་ལ། གཉིད་རྨུགས་ལེ་ལོ་རབ་སྤངས་ཤིང་།། རྟག་ཏུ་བརྩོན་འགྲུས་འབད་པར་བྱ།། ཞེས་ཞུས་ལན་དང་བཅས་པ་མང་པོ་གསུངས་གདའ། ཞེས་སམ། ལྡེབ227པར། ད་དུང་ཡང་རྒྱལ་བ་ཡབ་སྲས་ཀྱི་ཞུས་ལན་འདི་ན་མར་ལ། བདག་གི་ཡོན་ཏན་སྦ་བྱ་ཞིང་།། གཞན་གྱི་ཡོན་ཏན་བསྒྲུབ་པར་བྱ།། ཞེས་གསུངས་གདའ་ན

20250506

འདུ་ཤེས།

ཐ་སྙད་འདོགས་བྱེད་ཀྱི་ཡུལ་མཚན་མ་ཐུན་མོང་མ་ཡིན་པ་སྤུ་རིས་སུ་གསལ་བར་འཛིན་པའི་གཅིག་ཏུ་འདུ་བའི་ཤེས་པ་དེ་ལ་ཟེར་ཏེ། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཟབ་མོ་ནང་དོན་ལས། ཡིད་དེ་ཕྱིར་འགྱུས་སྣང་ཆ་ལ།། ཡུལ་ལ་དོན་འབྱུང་རྣམ་ཤེས་འཆར།། བླང་དོར་བྱེད་ལས་ཚོར་བ་སྐྱེ།། དེ་ལ་མཚན་འཛིན་འདུ་ཤེས་ཏེ།། ཞེས་གསུངས་པ་ལྟར་རོ།། ཞེས་བཀྲལ་ཡོད

20250507

འདི་ཙུག

48པར། འདི་ཙུག་མ་བྱས་ན་སྤྱི་ཡི་རྣམ་པ་གཅིག་ལས་ཅག་ཅག་པོ་འདི་མི་འོང་བར་འདུག ཅེས་དང་། 《ཞབས་དཀར་པའི་རྣམ་ཐར》གྱི་སྨད་ཆའི་ལྡེབ53པར། ཇོ་བོའི་ལམ་གྱི་རིམ་པ་འདི་རྒྱུད་ལ་སྐྱེས་པ་གང་ལ་གདམས་གསུངས་པས། ལམ་གྱི་རིམ་པ་རྒྱུད་ལ་སྐྱེས་པ་ཕར་ཞོག ལམ་གྱི་རིམ་པ་འདི་ཙུག་ཡིན་སྙམ་དུ་གོ་བ་ཡང་དེ་ལས་འདམས་ཏེ། ཞེས་འབྱུང་བ་ལྟ་བུ

20250507

བྱམས་པས་གསུངས་པའི་རྣམ་ཐར།

རྣམ་པར་སྣང་མཛད་ཀྱིས་བརྒྱན་པའི་སྙིང་བོ་ན། མགོན་པོ་བྱམས་པ་བཞུགས་པ་ཅན་དུ་ཕྱིན་པས། དེར་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཐོབ་སྟེ། བྱམས་པས་ནོར་བཟང་ལ་བྱང་ཆུབ་སེམས་ཀྱི་ཕན་ཡོན་གསུངས་པའོ། །བྱམས་པས་གསུངས་པའི་རྣམ་ཐར་ཞེས་པ་ནི། ཚོང་དཔོན་གྱི་བུ་ནོར་བཟང་གིས། དང་པོ་འཕགས་པ་འཇམ་དཔལ་ལ་སེམས་བསྐྱེད་ཞུས་ནས། དེའི་བསླབ་བྱ་ལ་སློབ་པ་ལ་དགེ་བའི་བཤེས་གཉེན

20181120

ལེགས་པར་གསུངས་པའི་བཀའ་རྣམ་པ་བཅུ།

《ཤེས་བྱ་ཀུན་ཁྱབ》ལས་བྱུང་བའི་ལེགས་པར་གསུངས་པའི་བཀའ་རྣམ་པ་བཅུ་ལ་གོ་བ་ཡིན།1.ཡང་དག་པར་བསླབ་པ་ཉིད་ནི། ཡང་དག་པར་མངོན་པར་སངས་རྒྱས་ནས་གསུངས་པའི་ཕྱིར་རོ༎ 2.དབང་དུ་མཛད་པ་ཉིད་ནི། སེམས་ཅན་ཐམས་ཅད་ཀྱི་དབང་དུ་མཛད་པའི་ཕྱིར་རོ༎ 3.འཇུག་པ་ཉིད་ནི། རེས་འགའ་མ་ཡིན་པར་རྒྱུན་དུ་གསུངས་པའི་ཕྱིར་རོ༎ 4.རབ་ཏུ་བསྟན་པ་ཉིད་ནི

20220408

ཡིད་འབྱུང་བའི་ལམ་དུ་གསུངས་པ་བཞི།

འདུལ་བ་གཞི་ལས་བྱུང་བའི་ཡིད་འབྱུང་བའི་ལམ་དུ་གསུངས་པ་བཞི་ལ་གོ་བ་ཡིན།འདུལ་བ་གཞི་ལས་བྱུང་བ་སྟེ། 1.འཇིག་རྟེན་འདི་ཐམས་ཅད་ནི། རྒ་བས་ཉེ་བར་ཁྲིད་པ་ཡིན། 2.འཇིག་རྟེན་འདི་ནི། རྗེས་སུ་འགྲོ་བ་མེད་པས་སྐྱབས་མེད་པ་ཡིན། 3.འཇིག་རྟེན་འདི་ནི། ཐམས་ཅད་བོར་ཏེ་འགྲོ་བར་འགྱུར་བས་བདོག་པ་མེད་པ་ཡིན། 4.འཇིག་རྟེན་འདི་ནི། ངོམས་པ་མི་ཤེས

20211107

མཆོད་སྤྲིན་གྱི་གཟུངས་ལས་གསུངས་པའི་མཆོད་པ།

རྒྱལ་མཚན་དང་། བ་དན་ཐམས་ཅད་དང་། གདན་དང་། འདིང་བ་དང་། ན་བཟའ་དང་། སྤྱན་གཟིགས་དང་། བཤོས་གཙང་ལ་སོགས་པ་དང་། རྒྱན་དང་། ལྷབ་ལྷུབ་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། ། ཞེས་གསུངས་ཡོད། ཕལ་པོ་ཆེའི་སྨོན་ལམ་ལས་བྱུང་བའི་མཆོད་པ་དང་དོན་གཅིག་ཡིན། འདི་ནི་ཉན་ཐོས་ཀྱི་ལུགས་མ་ཡིན་པར་ཐེག་ཆེན་གྱི་ལུགས་ཡིན། འདི་ཡང་མིའི་མཆོག་ཏུ་གྲགས་པ་རྒྱལ་པོ་དང

20190115