ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 785 ཡོད།

གསུང་འབུམ།

སྒོ་ནས་གསུང་དང་། ཟབ་རྒྱས་ཀྱི་ནང་དོན་སོགས་ལ་ཚད་མེད་པའི་སྒོ་ནས་འབུམ་ལས་བརྒལ་བས་ན་གསུང་འབུམ་ཞེས་མཚན་བཏགས་ཡོད། བོད་ཀྱི་མཁས་གྲུབ་རྣམས་ཀྱིས་བརྩམས་པའི་ཡིག་ཆ་རྣམས་ལ་གསུང་འབུམ་ཞེས་གསུངས་ཡོད། དཔེར་ན་དོལ་པོ་ཀུན་མཁྱེན་གྱི་གསུང་འབུམ། ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ། ཀུན་མཁྱེན་ཀློང་ཆེན་པོའི་གསུང་འབུམ། བུ་སྟོན་གྱི་གསུང་འབུམ

20190326

གསུང་འབུམ།

literary works of an author. 1.དག་ཡིག་གསར་བསྒྲིགས་ལས། རྩོམ་པ་པོས་བརྩམས་པའི་རྩོམ་གལ་ཆེན་ཆ་ཚང་དཔར་བའི་དཔེ་ཆའི་མིང་སྟེ། ལུའུ་ཞུན་གྱི་གསུང་འབུམ་ཞེས་པ་ལྟ་བུ། 2.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། གསུང་རྩོམ་ཕྱོགས་བསྡུས། 文集,全集:ས་སྐྱའི་གསུང་འབུམ། 萨迦文集

20190329

རྗེ་བཙུན་ཀརྨ་དཀོན་མཆོག་གཞོན་ནུའི་གསུང་འབུམ

མ་ཧཱ་ཤྲཱི་གསུང་རབ་གླིང་ནས་བསྒྲིགས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བགྱིས་པའི་རྗེ་བཙུན་ཀརྨ་དཀོན་མཆོག་གཞོན་ནུའི་གསུང་འབུམ་ཞེས་སྟོད་སྨད་གཉིས་སུ་གྲུབ་པ་འདི་ཉིད་དངོས་སུ་འགྲེམ་སྤེལ་བྱས།མ་ཧཱ་ཤྲཱི་གསུང་རབ་གླིང་ནས་བསྒྲིགས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བགྱིས་པའི་རྗེ་བཙུན་ཀརྨ་དཀོན་མཆོག་གཞོན་ནུའི

20231124

བོ་དོང་པཎ་ཆེན་གྱི་གསུང་འབུམ་ཆེན་མོ།

《བོ་དོང་པཎ་ཆེན་གྱི་གསུང་འབུམ་ཆེན་མོ》ཞེས་པའི་དཔེ་ཚོགས་འདི་ནི་ཧི་མ་ལ་ཡ་རིག་མཛོད་ཁང་གིས་འཚོལ་བསྡུ་དང་ཕྱོགས་སྒྲིག་བྱས་པ་དང་། མི་རིགས་དཔེ་སྐྲུན་ཁང་གིས་པར་ཏུ་བསྐྲུན། གསུང་འབུམ་པོད་བརྒྱ་དང་ཞེ་གསུམ་ཡོད།《བོ་དོང་པཎ་ཆེན་གྱི་གསུང་འབུམ་ཆེན་མོ》ཞེས་པའི་དཔེ་ཚོགས་འདི་ནི་ཧི་མ་ལ་ཡ་རིག་མཛོད་ཁང་གིས་འཚོལ་བསྡུ་དང་ཕྱོགས་སྒྲིག་བྱས་པ

20210726

མཁན་པོ་ཀུན་བཟང་དཔལ་ལྡན་གྱི་གསུང་འབུམ་བཞུགས་སོ།

དཔེ་ཚོགས་འདིར་འོད་གསལ་རྫོགས་པ་ཆེན་པོ་ལྷུན་གྲུབ་ཐོད་རྒལ་གྱི་ལམ་གནད་ཉམས་སུ་ལེན་ཚུལ་གྲུབ་དབང་བླ་མའི་ཞལ་གསུང་ཟིན་བྲིས་སུ་བཀོད་པ་བློ་གྲོས་དགྱེས་པའི་དགའ་སྟོན། འོད་གསལ་རྫོགས་པ་ཆེན་པོའི་ལྷུན་འགྲུབ་ཐོད་རྒལ་གྱི་ལམ་གནད་གྲུབ་དབང་བླ་མའི་ཞལ་གསུང་ཟིན་བྲིས་སུ་བཀོད་པ་སོགས་ལྗགས་རྩོམ་ཅི་རིགས་བཀོད་ཡོད།དེབ་ཚོགས་འདིའི་པོད

20231124

འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཀྱི་གསུང་འབུམ་ཕྱོགས་བསྒྲིགས།

བདག་ཉིད་ཅན་གྱི་དཔེ་ཚོགས་འདི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས། དེབ་ཚོགས་འདིར་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ལས། སློབ་དཔོན་ཀླུ་སྒྲུབ་ཀྱི་གསུང་འབུམ་ལ་པོད་བདུན་དང་། སློབ་དཔོན་འཕགས་པ་ལྷའི་གསུང་འབུམ་ལ་པོད་གཉིས། སློབ་དཔོན་ཐོགས་མེད་ཀྱི་གསུང་འབུམ་ལ་པོད་བརྒྱད། སློབ་དཔོན་དབྱིག་དབྱེན་གྱི་གསུང་འབུམ་ལ་པོད་བཅུ་གཅིག

20220315

མཁན་ཆེན་ཞི་བ་འཚོའི་གསུང་འབུམ

མཁན་ཆེན་ཞི་བ་འཚོའི་གསུང་འབུམ་ཞེས་པ་འདི་ནི་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པ་དང་། མཁན་ཆེན་ཞི་བ་འཚོའི་གསུང་འབུམ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་དེབ་སྟོད་སྨད་གཉིས་སུ་ཡོད་པ་ཞིག་ཡིན།མཁན་ཆེན་ཞི་བ་འཚོ་མཆོག་ནི་བོད་དུ་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་རབ་བྱུང་ཐོག་མར་འཛུགས་སྐབས་སྡོམ་པ་གནང་མཁན་ཡིན་པས་མཁན་པོ་དང

20161219

ཨ་སྐྱོང་རྟོགས་ལྡན་བློ་གྲོས་རྒྱ་མཚོའི་གསུང་འབུམ

《ཨ་སྐྱོང་རྟོགས་ལྡན་བློ་གྲོས་རྒྱ་མཚོའི་གསུང་འབུམ》ཞེས་པའི་དེབ་གསར་འདི་ནི་ཨ་སྐྱོང་རྟོགས་ལྡན་བློ་གྲོས་རྒྱ་མཚོས་བརྩམས་ཤིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།《ཨ་སྐྱོང་རྟོགས་ལྡན་བློ་གྲོས་རྒྱ་མཚོའི་གསུང་འབུམ》ཞེས་པའི་དེབ་གསར་འདི་ནི་ཨ་སྐྱོང་རྟོགས་ལྡན་བློ་གྲོས་རྒྱ་མཚོས་བརྩམས་ཤིང་། སི་ཁྲོན

20220401

དབང་མདའི་གྱང་སྤྲུལ་དོན་ཡོད་གྲུབ་པའི་རྡོ་རྗེའི་གསུང་འབུམ

དབང་མདའི་གྱང་སྤྲུལ་དོན་ཡོད་གྲུབ་པའི་རྡོ་རྗེའི་གསུང་རྩོམ་སྐོར་ལ་སྤྱིར་པོད་ཆེན་བརྒྱད་བཞུགས་པར་གྲགས་ཀྱང་། ཚད་མའི་རྣམ་བཤད་ཆེན་མོ་པོད་གཅིག ཕར་ཕྱིན་ཟིན་བྲིས་ཆེ་བ་པོད་གསུམ། དགེ་སློང་བསླབ་བྱ་ཆེན་མོ་པོད་གཅིག་སོགས་རྐྱེན་དུ་མའི་དབང་གིས་གཏོར་བརླག་ཏུ་སོང་ནའང་། འདིར་ལག་སོན་བྱུང་པའི་གསུང་རྩོམ་དག་ལུས་པ་མེད་པར་པོད་གསུམ་དུ་བསྡུས

20231124

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ་ཞེས་པ་འདི་ནི་བདག་ཉིད་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སློབ་བརྒྱུད་དང་བཅས་པའི་བཀའ་གདམས་གསུང་འབུམ་གཅེས་བཏུས་ཤིག་ཡིན།ཤིང་རྟའི་ཆེན་པོའི་སྲོལ་འཛིན་མར་མེ་མཛད་ཅེས་བསྔགས་པ་ལེགས་སྦྱར་གྱི་སྐད་དུ་དཱི་པཾ་ཀ་ར་ཤྲཱི་ཛྙ་ན་བོད་སྐད་དུ་དཔལ་མར་མེ་མཛད་ཡེ་ཤེས། མཚན་གཞན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞེས

20161103