ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 1,794 ཡོད།

སྒྲ་མཚམས་སྦྱོར་ལྔ།

དང་པོ་བརྡ་ཆད་ཀྱི་མཚམས་སྦྱོར། གཉིས་པ་དབྱངས་ཀྱི་མཚམས་སྦྱོར། གསུམ་པ་རང་བཞིན་གྱི་མཚམས་སྦྱོར། བཞི་པ་གསལ་བྱེད་ཀྱི་མཚམས་སྦྱོར། ལྔ་པ་རྣམ་པར་བཅད་བྱའི་མཚམས་སྦྱོར་རོ། །དང་པོ་བརྡ་ཆད་ཀྱི་མཚམས་སྦྱོར། གཉིས་པ་དབྱངས་ཀྱི་མཚམས་སྦྱོར། གསུམ་པ་རང་བཞིན་གྱི་མཚམས་སྦྱོར། བཞི་པ་གསལ་བྱེད་ཀྱི་མཚམས་སྦྱོར། ལྔ་པ་རྣམ་པར་བཅད་བྱའི་མཚམས་སྦྱོར་རོ

20170411

མ྄་ནི་རྗེས་སུ་ང་རའོ།།

ཧ་ས་ཕ་རོལ་ཏུ་ཡོད་ཚེ་མ྄་ནི་རྗེས་སུ་ང་རོར་འགྱུར་ཞེས་པ་ཡིན་ནོ།། དེའི་སྐད་དོད་ཏམ྄་ཞེས་པའི་རྟགས་བཞག གད་མོ་དགོད་ཀྱི་སྐད་དོད་ཧ་ས་ཏི་ཞེས་པའི་ཚིག་གྲོགས་བཞག ཏམ྄ ཧ་ས་ཏི མ྄་ནི་རྗེས་སུ་ང་རའོ་ཞེས་པ་མ་ཡིག་རྗེས་སུ་ང་རོར་འགྱུར། ཏཾ་ཧ་ས་ཏི་ཞེས་གྲུབ། དེ་གད་མོ་དགོད་ཅེས་པའོ།།ནང་དོན། སྒྲ་རིག་པ། སྒྲ་མདོ། དབྱངས་ཅན་སྒྲ་མདོ། མཚམས་སྦྱོརགསལ་བྱེད་ཀྱི་མཚམས་སྦྱོར

20190114

མཚམས་སྦྱོར་ལྔ་བ།

རྗེས་སུ་ང་རོའོ། ། ཚིག་མཐའ་དང་ཛྷ་ས་རྣམས་ལ་ཡང་ནའི་འོ། ། ཡ་བ་ལ་ཡ་བ་ཡང་ནའོ། ། ཡ་ཝ་ལ་ཕ་རོལ་ཡ་བ་ལ་ཡང་ནའོ། ། ཛྙཱཾསྡེབ་སྦྱོར་ལའོ། ། ཞེས་པ་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་ལས་གསལ་བྱེད་ཀྱི་མཚམས་སྦྱོར་རྣམས་རྫོགས་སོ། ། ༈རྣམ་པར་བཅད་བྱའི་ས྄འོ། ། ཤ་ཥ་ས་ལ་ཡང་ནའོ། ། ཀུ་པུ་དག་ལ་ྈྐ་ྉྤ་དག་ཡང་ནའོ། ། བཱ་ཙའི་པ་ཏི་ལ་སོགས་པ་རྣམས་ལའོ། ། ཨ་ཧན྄་གྱི་རཱ་ཏྲི་མ་ཡིན་པ་ར྄འོ

20181010

ཥ་ལ་མ་ཡིན་ནོ།།

དྲུག་གི་སྐད་དོད་ཥཥྛཿ ཞེས་པའི་ཚིག་གྲོགས་བཞག བྷ་བཱན྄ ཥཥྛཿ ཥ་ལ་མ་ཡིན་ནོ་ཞེས་པས་ན྄་ཡིག་གཞན་དུ་འགྱུར་བ་མ་ཡིན་ནོ།། བྷ་བཱན྄ ཥཥྛཿ དབྱངས་ཀྱི་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ན྄་སྲོག་མེད་ཥ་ལ་དྲངས། བྷ་བཱ་ནྵ་ཥྛཿ ཞེས་གྲུབ། ཁྱོད་དྲུག་ཅེས་པའོ།།ནང་དོན། སྒྲ་རིག་པ། སྒྲ་མདོ། དབྱངས་ཅན་སྒྲ་མདོ། མཚམས་སྦྱོརགསལ་བྱེད་ཀྱི་མཚམས་སྦྱོར

20190117

ཡ་བ་ཕ་རོལ་ལ་ཡ་བ་ཡང་ནའོ།།

ཡ་བ་ཕ་རོལ་ལ་ཡ་བ་ཡང་ནའོ་ཞེས་པས་རྗེས་སུ་ང་རོ་ཡ྄་ཡིག་ཏུ་གྱུར། ཡ྄་སྲོག་མེད་དུ་གྱུར་པས་ཧལཱནྟས་མཚན། སཡ྄ ཡནྟཿ དབྱངས་ཀྱི་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཡ྄་སྲོག་མེད་ཡ་ལ་དྲངས། སཡྻནྟཿ ཞེས་གྲུབ། ཤིང་རྟའི་ཁ་ལོ་པ་ཞེས་པའོ།།ནང་དོན། སྒྲ་རིག་པ། སྒྲ་མདོ། དབྱངས་ཅན་སྒྲ་མདོ། མཚམས་སྦྱོརགསལ་བྱེད་ཀྱི་མཚམས་སྦྱོར

20190115

ཙ་པ་ལས་ཤ་ནི་ཚའོ།།

་ཞེས་པའི་ཚིག་གྲོགས་བཞག བཱཀ྄ ཤཱུརཿ ཙ་པ་ལས་ཤ་ནི་ཚའོ་ཞེས་པས་ཤ་ཡིག་ཚ་ཡིག་ཏུ་བསྒྱུར། བཱཀ྄ ཚཱུརཿ དབྱངས་ཀྱི་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ང྄་སྲོག་མེད་ཚ་ལ་དྲངས། བཱཀྪཱུཿ ་ཞེས་གྲུབ། དཔའ་བོའི་ངག་སྟེ་རྫུན་ཟོལ་མེད་པའི་ངག་ཅེས་པའོ།།ནང་དོན། སྒྲ་རིག་པ། སྒྲ་མདོ། དབྱངས་ཅན་སྒྲ་མདོ། མཚམས་སྦྱོརགསལ་བྱེད་ཀྱི་མཚམས་སྦྱོར

20190114

ཏུའི་ལ་ལ་ལའོ།།

གཅོད་པར་བྱེད་པའི་སྐད་དོད་ལུ་ནཱི་ཏི་ཞེས་པའི་ཚིག་གྲོགས་བཞག ཏ་ཏ྄ ལུ་ནཱི་ཏི ཏུའི་ལ་ལ་ལའོ་ཞེས་པས་ཏ྄་ཡིག་ལ་ཡིག་ཏུ་བསྒྱུར། ཏ་ལ྄ ལུ་ནཱི་ཏི དབྱངས་ཀྱི་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ལ྄་སྲོག་མེད་ལ་ལ་དྲངས། ཏ་ལླུ་ནཱི་ཏི་ཞེས་གྲུབ། དེ་གཅོད་པར་བྱེད་ཅེས་པའོ།།ནང་དོན། སྒྲ་རིག་པ། སྒྲ་མདོ། དབྱངས་ཅན་སྒྲ་མདོ། མཚམས་སྦྱོརགསལ་བྱེད་ཀྱི་མཚམས་སྦྱོར

20190114

མཐའི་ཊུ་ལས་སོ།།

རྡུལ་བར་གྱུར་བའི་སྐད་དོད་སཱ་དནྟི་ཞེས་པའི་ཚིག་གྲོགས་བཞག ཥཊ྄ སཱ་དནྟི མཐའི་ཊུ་ལས་སོ་ཞེས་པས་ཊ྄་ཡིག་གཞན་དུ་འགྱུར་བ་མ་ཡིན་ནོ།། ཥཊ྄ སཱ་དནྟི དབྱངས་ཀྱི་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཊ྄་སྲོག་མེད་སཱ་ལ་དྲངས། ཥཊྶཱདནིྟ་ཞེས་གྲུབ། དྲུག་ཏུ་རྡུལ་བར་གྱུར་ཏོ་ཞེས་པའོ།།ནང་དོན། སྒྲ་རིག་པ། སྒྲ་མདོ། དབྱངས་ཅན་སྒྲ་མདོ། མཚམས་སྦྱོརགསལ་བྱེད་ཀྱི་མཚམས་སྦྱོར

20190114

ཚ་ཡིའོ།

ཚ་ཡིག་གོང་མ་ཧལནྟས་མཚན། ཏ་བ ཚ྄ ཚ་ཏྲཾ ཁ་ས་ལ་ཛྷ་ས་རྣམས་ཀྱི་ཙ་པའོ་ཞེས་པས་ཚ྄་ཡིག་གོང་མ་ཙ྄་ཡིག་ཏུ་བསྒྱུར། ཏ་བ ཙ྄ ཚ་ཏྲཾ དབྱངས་ཀྱི་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཙ྄་སྲོག་མེད་ཚ་ལ་དྲངས། ཏ་བ་ཙྪཏྲཾ་ཞེས་གྲུབ། ཁྱོད་ཀྱི་གདུགས་ཞེས་པའོ།།ནང་དོན། སྒྲ་རིག་པ། སྒྲ་མདོ། དབྱངས་ཅན་སྒྲ་མདོ། མཚམས་སྦྱོརགསལ་བྱེད་ཀྱི་མཚམས་སྦྱོར

20190114

ཚིག་མཐའ་དང་ཛྷ་ས་རྣམས་ལ་ཡང་ནའོ།།

ཚིག་མཐའ་དང་ཛྷ་ས་ཕ་རོལ་ཏུ་བྱུང་ཚེ་མ་དང་ན་ཡིག་རྗེས་སུ་ང་རོར་འགྱུར་ཞེས་པའོ།། སྐྱེས་པའི་སྐད་དོད་པུམ྄་ཞེས་པའི་རྟགས་བཞག བྷྱཾ་ཞེས་པའི་ཚིག་གྲོགས་བཞག པུམ྄ བྷྱཾ ཚིག་མཐའ་དང་ཛྷ་ས་རྣམས་ལ་ཡང་ནའོ་ཞེས་པས་མ་ཡིག་རྗེས་སུ་ང་རོར་གྱུར། པུཾབྷྱཾ་ཞེས་གྲུབ། སྐྱེས་པ་དག་ཅེས་པའོ།།ནང་དོན། སྒྲ་རིག་པ། སྒྲ་མདོ། དབྱངས་ཅན་སྒྲ་མདོ། མཚམས་སྦྱོརགསལ་བྱེད་ཀྱི་མཚམས་སྦྱོར

20190114