ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 405 ཡོད།

གཡོས་སྦྱོར།

烹调 དབྱིན་ཡིག cooking food 1.དག་ཡིག་གསར་བསྒྲིགས་ལས། ཟས་བཟོ་བའི་བྱ་བའི་མིང་། 2.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ལྟོ་ཆས་བཟོ་བ། 烹饪,烹调。烹制菜饭等食品:གཡོས་སྦྱོར་གཟབ་པ། 精心烹调。བཟའ་བཏུང་གཡོས་སྦྱོར་གྱི་ལག་འབྲས་གཙང་ཞིང་ཞིམ་པ། 烹调技术高超,食品味道鲜美

20160625

གཡོས་སྦྱོར་སྟེགས་བུ།

གཡོས་སྦྱོར་སྟེགས་བུ(kitchenette)ཞེས་པ་ནི་སྤྱི་ལོ2014ལོར་ཁྱབ་བསྒྲགས་བྱས་པའི་བཟོ་སྐྲུན་རིག་པའི་ཐ་སྙད་ཅིག་ཡིན།ཐབ་ཀ་དང་། གཏུབ་པང་། འཁྲུ་ས་སོགས་ཕྱོགས་གཅིག་ཏུ་སྒྲིལ་ཡོད་པའི་སྟེགས་བུ་ཞིག་ལ་ཟེར། 《བཟོ་སྐྲུན་རིག་པའི་ཐ་སྙད》པར་གཞི་གཉིས་པ།རྒྱ་ཡིག་གི་མིང་། 烹饪台 ཕྱི་ཡིག་གི་མིང་། kitchenette

20240724

ཧྲའན་ཞི་ཡུལ་སྐོར་གཡོས་སྦྱོར་ལས་རིགས་སློབ་གླིང་།

སྤྱིའི་རྒྱ་ཁྱོན་ལ་མུའུ180ཟིན། སྔོན་ཐོན་གྱི་སློབ་ཁྲིད་སྒྲིག་ཆས་དང་། བརྟན་འཇགས་ཀྱི་སློབ་ཕྱིའི་དངོས་སྦྱོང་རྟེན་གཞི་ཆགས་ཡོད།སྤྱི་ལོ1994ལོར་ཧྲའན་ཞི་གཡོས་སྦྱོར་ཆེད་སྦྱོང་སློབ་གླིང་བཙུགས། སྤྱི་ལོ2004ལོའི་ཟླ9པར་སློབ་གླིང་དུ“ཧྲའན་ཞིའི་སྤུས་རྟགས་སློབ་གླིང་གྲགས་ཅན་བཅུའི”གྲས་སུ་བདམས། སྤྱི་ལོ2005ལོར

20201216

ཁྲང་ཡོན་གཡོས་སྦྱོར་ལས་རིགས་ལག་རྩལ་སློབ་གླིང་།

མིང་། changyuan pengren zhiye jishu xueyuan ཁོངས་གཏོགས་ས་ཁུལ། ཧོ་ནན་ཁྲང་ཡོན། བསྡུས་མིང་། ཁྲང་ཡོན་གཡོས་སྦྱོར་སློབ་གླིང་། གཙོ་གཉེར་སྡེ་ཁག ཧོ་ནན་ཞིང་ཆེན་སློབ་གསོ་ཐིང་། བཙུགས་ལོ། སྤྱི་ལོ2010ལོའི་ཟླ4བ། རྣམ་པ། གཡོས་སྦྱོར་རིགས། རྣམ་པ། དམངས་བཙུགས་སློབ་གླིང

20201013

བཀད་ས།

ཟས་གཡོས་སྦྱོར་བྱེད་སའི་གཡོས་ཁང་དང་། འདུག་ས། འདུ་བའི་གནས་སོགས་ལ་འཇུགཟས་གཡོས་སྦྱོར་བྱེད་སའི་གཡོས་ཁང་དང་། འདུག་ས། འདུ་བའི་གནས་སོགས་ལ་འཇུག

20251022

ལག་ཟས།

བཟའ་བཏུང་གཡོས་སྦྱོར་བྱེད་པའི་ལག་རྩལ་གྱི་མིང་།བཟའ་བཏུང་གཡོས་སྦྱོར་བྱེད་པའི་ལག་རྩལ་གྱི་མིང་། ཨ་མདོའི་ཡུལ་སྐད་དུ། ལག་གཟས་ཞེས་པའི་གདངས་ཐོན། བཟའ་བཏུང་ཞིམ་པོ་སྐོལ་ཤེས་ན་ལག་ཟས་ཡོད་དང་། ལག་ཟས་ལ་སྲལ་ཟེར། ཁྱིམ་བདག་མ་ལག་ཟས་ཅན་ཞིག་ཡིན། མནའ་མ་ལག་ཟས་ལ་སྲལ་ཟེར་བ་ལྟ་བུ། བཟའ་བཏུང་ཞིམ་པོ་སྐོལ་བར་མི་མཁས་ན་ལག་ཟས་མེད་ཟེར

20251209

གཡོ་མཁན།

①དོན་དག་རྙོག་དྲ་ཅན་བཟོ་མཁན་ནམ་འཕུང་དཀྲུག་བྱེད་མཁན་གྱི་མིང་། 《ཤར་སྐལ་ལྡན་རྒྱ་མཚོའི་མགུར་འབུམ》གྱི་ལྡེབ105བར། གྱོད་སྣ་དགུ་གཡོ་མཁན་བདག་འཛིན་ཡིན།། གདོན་དེ་ཉིད་སྙིང་ལ་རྟག་ཞུགས་པའི།། ཁྱོད་སྒོམ་པས་ནམ་ཞིག་ཅི་མཐོང་ངམ།། ཞེས་འབྱུང་བ་ལྟ་བུ། ②བཟའ་བཏུང་རིགས་གཡོས་སྦྱོར་བྱེད་མཁན་གྱི་མིང་། མྱོག་གཡོ་མཁན་ཟེར་བ་ལྟ་བུ

20251110

ཡུགས་ལུགས།

ཀན་ལྷོ་བསང་ཆུ་རྫོང་གི་འབྲོག་པས་དབྱར་དུས་སུ་གཡོས་སྦྱོར་བྱེད་པའི་ཁ་ཟས་ཤིགཀན་ལྷོ་བསང་ཆུ་རྫོང་གི་འབྲོག་པས་དབྱར་དུས་སུ་གཡོས་སྦྱོར་བྱེད་པའི་ཁ་ཟས་ཤིག་སྟེ། སླ་ངའི་ནང་འོ་མ་བསྐོལ་ནས་མར་གསར་འཕངས་རྗེས། གྲོ་ཕྱེ་བཏབ་ནས་དཀྲུགས་ཏེ་ཚོས་སུ་འཇུག་པ་དང་། ཚྭ་ཉུང་ཟད་བཏབ་རྗེས་མགྲོན་པོ་སོགས་ལ་འདྲེན་པའི་དམིགས་བསལ་ཅན་གྱི་ཟས་རིགས་ཤིག་ཡིན་ཟེར

20251021

ལྷག་ཟས།

ཟས་བཟང་པོའམ་ཁྱད་པར་བ་སྟེ། གནའ་དུས་བཟའ་དཔོན་ནམ་ལོ་ལོན་རིགས་ལ་ཆེད་དམིགས་ཀྱིས་ལོགས་སུ་གཡོས་སྦྱོར་བྱེད་སྲོལ་ཡོད་པའི་ཟས་ཀྱི་མིང་།ཟས་བཟང་པོའམ་ཁྱད་པར་བ་སྟེ། གནའ་དུས་བཟའ་དཔོན་ནམ་ལོ་ལོན་རིགས་ལ་ཆེད་དམིགས་ཀྱིས་ལོགས་སུ་གཡོས་སྦྱོར་བྱེད་སྲོལ་ཡོད་པའི་ཟས་ཀྱི་མིང་། སི་ཁྲོན་རྔ་བ་རྫོང་གི་སྐད་དུ། ལྷག་ཟས་ཞེས་སྒྲ་ཇི་བཞིན་དུ་ཐོན

20250707

མྱོག

1. (མིང) ཆུ་རྒོད་ནང་སྲན་ཕྱེ་བཏབ་སྟེ་གཡོས་སྦྱོར་བྱས་ནས་དཀག་རྗེས། སྒོག་ཆུ་དང་མཉམ་བཟའ་བྱེད་ཆོག་པའི་ཟས་རིགས་ཤིག་གི་མིང་། 2. (བྱེད་མེད་ལས་ཚིག)1. (མིང) ཆུ་རྒོད་ནང་སྲན་ཕྱེ་བཏབ་སྟེ་གཡོས་སྦྱོར་བྱས་ནས་དཀག་རྗེས། སྒོག་ཆུ་དང་མཉམ་བཟའ་བྱེད་ཆོག་པའི་ཟས་རིགས་ཤིག་གི་མིང་། ཤ་ཚ་འདེ་ཟོས་ན་བཟང་ཡང་གཞན་གྱིས་མི་སྟེར

20250717