转移,不能自主 དབྱིན་ཡིག dependent on others 1.དག་ཡིག་གསར་བསྒྲིགས་ལས། ①མི་མཐུན་པའི་རྒྱུ་རྐྱེན་གཞན་གྱི་ནུས་པ་སྟེ། གཞན་དབང་དུ་སོང་། རྐྱེན་ངན་པའི་གཞན་དབང་དུ་མ་སོང་བར་སློབ་སྦྱོང་མཐར་ཕྱིན་ལྟ་བུ། ②སངས་རྒྱས་པའི་མཚན་ཉིད་རིག་པའི་བརྡ་ཞིག་སྟེ། ཡོད་ཚད་ཐམས་ཅད་ཀུན་བཏགས། གཞན་དབང་
20190528
གཞན་དབང་དང་ཡོངས་གྲུབ་དང་ཀུན་བཏགས་བཅས་མཚན་ཉིད་གསུམ་དུ་དབྱེ་བའི་ནང་གསེས་ཤིག་སྟེ། ཀ་བ་དང་བུམ་པ་ལྟ་བུ་རྒྱུ་རྐྱེན་ལ་བརྟེན་ནས་གྲུབ་པའི་འདུས་བྱས་ཀྱི་ཆོས་ལ་གོརང་ཉིད་རྒྱུ་རྐྱེན་གཞན་གྱི་དབང་ལས་སྐྱེས་པ་དེ་གཞན་དབང་གི་མཚན་ཉིད། ཡང་ན། རྒྱུ་རྐྱེན་གཞན་གྱི་དབང་ལ་བརྟེན་ནས་བྱུང་ཞིང་ཡོངས་གྲུབ་ཀྱི་རྟེན་དུ་གྱུར་པ་དེ་གཞན་དབང་གི་མཚན་ཉིད
20160518
གང་ཞིག་སྔོན་གྱི་ལས་ཀྱིས་ནི། ། ཚེ་ནི་ངེས་པར་ཟད་གྱུར་པ། ། དེ་ལ་ལྷ་སོགས་བཅས་པས་ཀྱང་། ། བཟློག་པར་ནུས་པ་མ་ཡིན་ནོ། ། ཞེས་དང་། རྒྱུད་ཆུང་བདུད་རྩི་སྙིང་པོ་ལས། བརྒྱ་དང་གཅིག་ནི་གཞན་དབང་སྔོན་ལས་ནད། ། བཅོས་པས་མི་ཐུབ་སྲོག་གཅོད་འཆི་བར་བཤད། ། ཅེས་གསུངས་པས་སོ། །འབྱུང་ཁུངས། 《འཇམ་མགོན་ཀོང་སྤྲུལ་ཟིན་ཏིག་དང་དེའི་ཉེར་མཁོའི་ཆ་ལག་ཕྱོགས་བསྒྲིགས
20231229
མདོ་སྡེ་པའི་ལུགས་ལ་གཞན་དབང༌། ཡོངས་གྲུབ། ཀུན་བཏགས་བཅས་མཚན་ཉིད་གསུམ་གྱི་ནང་ནས་གཞན་དབང་བདེན་པར་གྲུབ་པ་དང༌། ཕྱི་མ་གཉིས་བདེན་པར་མ་གྲུབ་པ་ཁས་བླངས་ཤིང༌། དངོས་པོ་དང་གཞན་དབང་དོན་གཅིག་པ་དང༌། མིག་གིས་མཐོང་བའི་དངོས་པོ་ཐམས་ཅད་གཞན་དབང་ཡིན། གང་ཟག་གི་བདག་མེད་ཡོངས་གྲུབ་དང༌། ནམ་མཁའ་སོགས་ཀུན་བཏགས་སུ་ཁས་བླངས་པ་ཡིན།མདོ་སྡེ་པའི་ལུགས་ལ་གཞན་དབང༌
20180129
གཞན་དབང་ལ་གཉིས་སུ་ཕྱེ་བའི་ཡ་གྱལ་ཞིག་སྟེ། དག་པའི་ཞིང་ཁམས་རྣམས་དང་འཕགས་པ་རྣམས་ཀྱི་རྗེས་ཐོབ་ཡེ་ཤེས་ལ་གཉིས་སུ་སྣང་ཡང་མ་ཞེན་པའི་བློ་རྣམས་སོ། །མཚན་གཞི་ནི་སངས་རྒྱས་ཀྱི་མཚན་དཔེ་དང་འཕགས་པའི་རྗེས་ཐོབ་ཡེ་ཤེས་ལྟ་བུ།གཞན་དབང་ལ་གཉིས་སུ་ཕྱེ་བའི་ཡ་གྱལ་ཞིག་སྟེ། དག་པའི་ཞིང་ཁམས་རྣམས་དང་འཕགས་པ་རྣམས་ཀྱི་རྗེས་ཐོབ་ཡེ་ཤེས་ལ་གཉིས་སུ་སྣང
20170915
འགོག་པའི་རྒྱན་གྱི་ནང་གསེས་བཅོ་ལྔ་བ་གཞན་དབང་གིས་འགོག་པ་ནི་དགག་བྱ་མི་འདོད་པའི་བྱ་བ་ཞིག་སྒྲུབ་པར་རྩོམ་པ་ལ། འགོག་བྱེད་གཞན་དབང་ལ་ཁག་བཞག་ནས་ཟུར་གྱིས་འགོག་པའི་རྒྱན་ཞིགགཞན་གྱི་དབང་སོང་དེ་ཉིད་ཀྱི།། དབང་ལྟར་འདོད་ཅེས་དབང་གིས་འགོག ། བདག་ཉིད་གཞན་གྱི་དབང་དུ་སོང་བས་དེས་ཁྱོད་ཀྱི་འདོད་པ་ལྟར་བསྟུན་ན་བདག་ཀྱང་དེ་ལྟར་བྱ་ཡི
20160330
གཞན་དབང་ལ་གཉིས་སུ་ཕྱེ་བའི་ཡ་གྱལ་ཞིག་སྟེ། བག་ཆགས་དབང་གིས་ཁམས་གསུམ་གྱི་སེམས་དང་སེམས་བྱུང་གཉིས་མེད་གཉིས་སུ་སྣང་བ་སྟེ་མ་དག་པའི་འཁོར་བས་བསྡུས་པའི་སྣོད་བཅུད་རྣམས་སོ། །གཞན་དབང་ལ་གཉིས་སུ་ཕྱེ་བའི་ཡ་གྱལ་ཞིག་སྟེ། བག་ཆགས་དབང་གིས་ཁམས་གསུམ་གྱི་སེམས་དང་སེམས་བྱུང་གཉིས་མེད་གཉིས་སུ་སྣང་བ་སྟེ་མ་དག་པའི་འཁོར་བས་བསྡུས་པའི་སྣོད་བཅུད
20180109
མི་ཕམ་མཁས་འཇུག་སྡོམ་བྱང་ལས་བྱུང་བའི་གཞན་དབང་རྣམ་པ་བདུན་ལ་གོ་བ་ཡིན།མི་ཕམ་མཁས་འཇུག་སྡོམ་བྱང་ལས་བྱུང་བ་སྟེ། 1.མི་འདོད་པ། 2.འདོད་པ། 3.རྣམ་དག 4.མཉམ་དུ་འབྱུང་བ། 5.དབང་བྱེད་པ། 6.འཐོབ་པ། 7.ཀུན་སྤྱོད་དོ༎འབྱུང་ཁུངས། 《མི་ཕམ་བཀའ་འབུམ་ཅ་པ》ཤ6ན2ལས་བཏུས། རིགས་དབྱེ། ནང་དོན་རིག་པ
20210425
རྣམ་དབྱེ་མ་ཡིན་པའི་ཕྲད་རྐྱང་གཞན་དབང་ཅན་ཅིང་ཅེས་ཅེའོ་ཅེ་ན་ཅིག་ཞིང་ཞེས་ཞེའོ་ཞེ་ན་ཞིག ཤིང་ཤེས་ཤེའོ་ཤེ་ན་ཤིག་བཅས་བསྡོམས་བཅོ་ལྔའོ། །རྣམ་དབྱེ་མ་ཡིན་པའི་ཕྲད་རྐྱང་གཞན་དབང་ཅན་ཅིང་ཅེས་ཅེའོ་ཅེ་ན་ཅིག་ཞིང་ཞེས་ཞེའོ་ཞེ་ན་ཞིག ཤིང་ཤེས་ཤེའོ་ཤེ་ན་ཤིག་བཅས་བསྡོམས་བཅོ་ལྔའོ། །
20180129
རྣམ་དབྱེ་མ་ཡིན་པའི་ཕྲད་རྐྱང་གཞན་དབང་ཅན་ཅིང་ཅེས་ཅེའོ་ཅེ་ན་ཅིག་ཞིང་ཞེས་ཞེའོ་ཞེ་ན་ཞིག ཤིང་ཤེས་ཤེའོ་ཤེ་ན་ཤིག་བཅས་བསྡོམས་བཅོ་ལྔའོ། །རྣམ་དབྱེ་མ་ཡིན་པའི་ཕྲད་རྐྱང་གཞན་དབང་ཅན་ཅིང་ཅེས་ཅེའོ་ཅེ་ན་ཅིག་ཞིང་ཞེས་ཞེའོ་ཞེ་ན་ཞིག ཤིང་ཤེས་ཤེའོ་ཤེ་ན་ཤིག་བཅས་བསྡོམས་བཅོ་ལྔའོ། །
20180117