ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 720 ཡོད།

ཨ་ཁ་ལིག་སི།

དམག་དཔུང་གི་དཔའ་རྟུལ་ཨང་དང་པོ་ཡིན་ལ། རྒྱ་མཚོའི་ལྷ་མོ་ཐའེ་ཐི་སི་དང་དཔའ་བོ་ཕོ་ལིག་སི་གཉིས་ཀྱི་བུ་ཡིན། ཨ་ཁ་ལིག་སི་སྐྱེས་མ་ཐག་ཁོའི་ཡུམ་གྱིས་ཁོ་རང་གཤིན་རྗེའི་གཙང་བོའི་ནང་དུ་སྦངས་བ་དང་། ཨ་ཁ་ལིག་སི་གཤིན་རྗེའི་གཙང་བོའི་ནང་དུ་ནུབ་པར་དོགས་ནས་ཁོའི་རྐང་རྟིང་ནས་བཟུང་དེ་སྦངས་བས་ཁོའི་རྐང་རྟིང་ལ་གཤིན་རྗེའི་གཙང་བོའི་ཆུ་མ་འགོས་པ་ཡིན

00010101

ཉི་ལུའོ་གཙང་བོ

འབབ་པའི་གཙང་བོ་ཞིག་ཡིན་ལ། ལྷོ་ནས་བྱང་ལ་བཞུར་ཏེ་མཐར་ས་དབུས་རྒྱ་མཚོར་འབབ་ཀྱིན་ཡོད། དེ་དང་ཨ་ཧྥེ་རི་ཁ་གླིང་གི་དབུས་ཁུལ་གྱི་ཁོན་ཀོ་གཙང་བོ་དང་ནུབ་ཁུལ་གྱི་ནི་ཀྲེར་གཙང་བོ་བཅས་གསུམ་ནི་ཨ་ཧྥེ་རི་ཁ་གླིང་གི་གཙང་བོའི་མ་ལག་ཆེན་པོ་གསུམ་རེད། ཉི་ལུའོ་གཙང་བོའི་རིང་ཚད་ལ་སྟོང་སྨི6670ཡོད་ལ་འཛམ་གླིང་སྟེང་ཆེས་རིང་བའི་གཙང་བོ་ཡིན

20151107

ཆན་ཐང་གཙང་བོ

ཆན་ཐང་གཙང་བོར་གནའ་བོའི་དུས་སུ་ཀྲེ་ཞེས་འབོད་ཅིང་། མིང་ཆ་ཚང་ལ་ཀྲེ་ཅང་ཟེར། སྤྱིར་ན་ཀྲེ་ཅང་ཧྥུའུ་དབྱང་གི་རྒྱུད་ལ་ཧྥུའུ་ཁྲུན་གཙང་བོ་དང་། ཀྲེ་ཅང་སྨད་རྒྱུད་ཀྱི་ཧང་ཀྲོའུ་རྒྱུད་ལ་ཆན་ཐང་གཙང་བོར་འབོད། ཆན་ཐང་གཙང་བོ་ཞེས་པའི་མིང་དེ་ཆེས་ཐོག་མར《རི་ཆུའི་བསྟན་བཅོས》སུ་བྱུང་ཡོད་དེ། ཆུ་རྒྱུན་གནའ་བོའི་ཆན་ཐང་རྫོང(དེང་གི་ཧང་ཀྲོའུ)

20160322

འབྲུག་དཀར་གཙང་བོ

འབྲུག་དཀར་གཙང་བོ་ནི་འབྲི་ཆུ་ཡི་ཡན་ལག་ཆུ་བོ་ཞིག་ཡིན་ལ། དེ་ཡི་མགོ་ཁུངས་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་དང་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་གི་ས་མཚམས་ལྷ་མོ་དགོན་ཡིན་ལ། སི་ཁྲོན་གྱི་ཐེ་བོ་ཡུལ་ཚོ་དང་ཀན་ལྷོ་ཡི་ཐེ་བོ་རྫོང་། འབྲུག་ཆུ་རྫོང་སོགས་བརྒྱུད་ནས་སི་ཁྲོན་ཀོན་ཡོན་གྲོང་ཁྱེར་གྱི་མངའ་ཁོངས་ནས་ཅཱ་ལིན་གཙང་བོ་

20180122

གཙང་བོ་སྦག་བཙོག

གཙང་བོ་སྦག་བཙོག་ནི་ཐད་ཀར་རམ་ཐད་ཀར་མ་ཡིན་པའི་སྒོ་ནས་གཙང་བོའི་ནང་དུ་ཕྱིར་གཏོང་བྱས་པའི་དངོས་པོ་མི་གཙང་བ་ཡིས་གཙང་བོའི་སྤུས་ཚད་ཇེ་ཞན་དུ་བཏང་བའི་སྣང་ཚུལ་ཞིག་ཡིན།(1)སྦག་བཙོག་གི་ཚད་ནི་གཙང་བོ་བཞུར་རྒྱུག་གི་ཚད་དང་བསྟུན་ནས་འགྱུར་བ་འབྱུང་བ་ཡིན། (2)དངོས་པོ་མི་གཙང་བ་ཡིས་ཁྱབ་པ་ཧ་ཅང་མགྱོགས། (3)སྦག་བཙོག་གི་གནོད་སྐྱོན

20160106

གཙང་བོའི་སྐར་ཚོམ།

བང་རིམ་གཏོར་ནས་རི་བོ་ལ་ཐུག་བརྒྱབ་པས་ས་གཞི་མེ་ཡི་རྒྱུ་མཚོ་རུ་གྱུར་བ་ཡིན་པ་དང་། ཀྲོའུ་སིས་བར་ཆད་དེ་འགོག་ཆེད་ཉི་མའི་འཁོར་རྟ་ལ་ཐོག་གིས་བརྒྱབ་ནས་ཨའེ་ལི་ཏེན་ན་སི་གཙང་བོའི་ནང་དུ་འཕངས། དེ་ནས་བཟུང་ས་གཞི་ལ་ཡང་བསྐྱར་གསོན་ཤུགས་རྒྱས། རྗེས་སུ་ཀྲོའུ་སིས་ཨའེ་ལི་ཏེན་ན་སི་གཙང་བོ་ནམ་མཁར་དྲངས་ནས་གཙང་བོའི་སྐར་ཚོམ་དུ་བསྒྱུར། ཡང་ངག་རྒྱུན་གཞན་ཞིག

20160127

ཡ་མ་སུན་གཙང་བོ

ཡ་མ་སུན་གཙང་བོ་ནི་མེ་གླིང་ལྷོ་མའི་བྱང་ཕྱོགས་སུ་ཡོད་ལ། དེ་འཛམ་གླིང་སྟེང་བཞུར་ཚད་དང་འབབ་རྒྱུད་ཆེས་ཆེ་བ་དང་། ཆུ་ལག་ཆེས་མང་བའི་གཙང་བོ་ཞིག་ཡིན། གཙང་བོའི་རིང་ཚད་ཚད་འཇལ་ཐད་ལ་གཏན་ཁེལ་བའི་བཤད་ཚུལ་བྱུང་མེད་ལ་དེ་ལས་རྒྱུན་མཐོང་གི་བཤད་ཚུལ་གཅིག་ལ་རིང་ཚད་སྟོང་སྨི6400ཡིན་པར་འདོད། འཛམ་གླིང་གི་གཙང་བོ་རིང་བོ་ཨང་གཉིས་པར

20151107

གཙང་བོ།(གཙང་པོ)

india as the brahmaputra river. 1.དག་ཡིག་གསར་བསྒྲིགས་ལས། ཆུ་བོ་ཆེན་པོ་སྤྱིའི་མིང་སྟེ། ལྷ་སའི་གཙང་བོ། ཡར་ཀླུང་གཙང་བོ་ལྟ་བུ། མིང་བསྡུས་ན་གཙང་ཞེས་འབྲི་སྟེ། གཙང་ཆུ། གཙང་ཉ་ལྟ་བུ། 2.བརྡ་དག་མིང་ཚིག་གསལ་བ་ལས། ཆུ་ཀླུང་འབབ་ཆུ་དང་བོད་ཡུལ་ནུབ་ཀྱི་ཆུ་ཀླུང་ཆེན་པོ་ལའང

20171211

ནེ་ལོ་གཙང་བོའི་ཤེས་རིག

རོལ་གྱི་འགོག་རྐྱེན་མི་འཕྲད་པ་བྱས་ཡོད་ལ། གནའ་རབས་ཀེ་རི་སིའི་ལོ་རྒྱུས་མཁན་པོ་ཧེ་རོ་ཏེ་ཐེ་སིས་གསུངས་པ་ལྟར། ཨེ་ཇིབ་ནི་ནེ་ལོ་གཙང་བོས་ཕུལ་བའི་ལེགས་སྐྱེས་ཡིན་ནོ། །འབབ་རྒྱུན་རིང་ཞིང་ཆུ་རྒྱུན་དྲག་པའི་ནེ་ལོ་གཙང་བོས་མཚར་སྡུག་འོད་སྟོང་འབར་བའི་རིག་གནས་ཤིག་བསྐྲུན་ཡོད། ནེ་ལོ་གཙང་བོའི་འབབ་ཡུལ་གྱི་ཤར་ནུབ་ཕྱོགས་གཉིས་བྱེ་ཐང་ཡིན་ཞིང

20170426

ཧེ་ལུང་ཅང་ཝུའུ་ཡུའུ་ཨེར་གཙང་བོ་དང་ཧྲོང་དབྱང་གཙང་བོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།

ཧེ་ལུང་ཅང་ཝུའུ་ཡུའུ་ཨེར་གཙང་བོ་དང་ཧྲོང་དབྱང་གཙང་བོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དེ་སྤྱི་ལོ2007ལོའི་ཟླ8པར་བཙུགས་པ་དང་ཧེ་ལུང་ཅང་ཞིང་ཆེན་ཆི་ཆི་ཧཱ་ཨེར་གྲོང་ཁྱེར་དུ་གནས་ཡོད།སྤྱི་ལོ2007ལོའི་ཟླ8པར་ཧེ་ལུང་ཅང་ཝུའུ་ཡུའུ་ཨེར་གཙང་བོ་དང་ཧྲོང་དབྱང་གཙང་བོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ

20211227