ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 4,857 ཡོད།

གནོད་སྦྱིན་རྡོ་རྗེ་བདུད་འདུལ།

གནོད་སྦྱིན་རྡོ་རྗེ་བདུད་འདུལ་ནི་གཞལ་ཡས་ཁང་དང་བཅས་པའི་ནང་དུ་འཁོར་ལོ་རྩིབས་བཞི་པ་དེའི་ལྟེ་བར་པདྨ་ཉི་མ་སྲིན་པོ་ཕོ་མོ་བསྣོལ་བའི་གདན་ལ་གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་ཕྱག་གཡས་ནོར་བུ་རིན་པོ་ཆེ་དང་། གཡོན་གསེར་གྱི་བུམ་པ་རིན་པོ་ཆེས་གང་བ་འཛིན་པ། སྐུ་མདོག་ནག་པོ་ཁྲོ་ཞིང་བརྗིད་པ། སྤྱན་གསུམ། མཆེ་བ་གཙིགས་ཤིང་ལྗགས་འགྲིལ་བ

20191122

ཆུ་དཀར་སྣའི་བདུད་འདུལ་མཆོད་རྟེན།

ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ་སོགས་སྐྱེས་བུ་དམ་པ་དུ་མའི་བཀའ་ལུང་དུ། ས་གནད་འདིར་དམ་སྲི་མནན་པའི་མཆོད་རྟེན་བཞེང་ན་བསྟན་འགྲོ་སྤྱི་ལ་ཕན་པར་གསུངས་པ་བཞིན། དགུ་རུ་བླ་མ་གསང་ཆེན་རྡོ་རྗེས་སྤྱི་ལོ1938ལོར་རྡོ་རྗེ་ཕུར་བའི་འཕྲིན་ལས་ཀྱི་སྒོ་ནས་དམ་སྲི་མནན་པའི་ལས་སྦྱོར་སྔོན་དུ་འགྲོ་བའི་བདུད་འདུལ་མཆོད་རྟེན་ལེགས་པར་བཞེངས

20231206

གནོད་སྦྱིན་གང་བ་བཟང་བོ།

​རྣམ་རྒྱལ་གྱི་གཞུང་ལས་བྱུང་བའི་གནོད་སྦྱིན་གང་བ་བཟང་བོ་ལ་གོ།རྣམ་རྒྱལ་གྱི་གཞུང་ལས། གཤེན་རབ་དེ་བཀའ་འཁོར་ནི། གནོད་སྦྱིན་ཕྱྭ་གཡང་སྐོང་བརྒྱད་དེ། ཤར་ཕྱོགས་པདྨའི་གདན་སྟེང་ན། གནོད་སྦྱིན་གང་བ་བཟང་བོ་ནི། སྐུ་མདོག་དཀར་ལ་འོད་ཟེར་འབར། ཕྱག་མཚན་ནོར་བུ་ཤེལ་ལྟར་བསྣམས། དེ་ལ་ཕྱག་འཚལ་མཆོད་པ་འབུལ། ཕྱྭ་གཡང་སྐྱོང་བརྒྱད་ཀྱི་གཟུངས་ནི

20230823

གནོད་སྦྱིན་ནོར་བུ་བཟང་པོ།

​རྣམ་རྒྱལ་གྱི་གཞུང་ལས་བྱུང་བའི་གནོད་སྦྱིན་ནོར་བུ་བཟང་པོ་ལ་གོ།རྣམ་རྒྱལ་གྱི་གཞུང་ལས། བྱང་ཤར་པངྨའི་གདན་སྟེང་ན། གནོད་སྦྱིན་ནོར་བུ་བཟང་བོ་ནི། སྐུ་མདོག་དཀར་ལྗང་རྒྱན་དང་ཆས། ཕྱག་མཚན་ནེའུ་ལེའི་རྐྱལ་པ་བསྣམས། དེ་ལ་ཕྱག་འཚལ་མཆོད་པ་འབུལ། ཕྱྭ་གཡང་སྐྱོང་བརྒྱད་ཀྱི་གཟུངས་ནི། ཨཱོྃ་སུརྣ་པ་ཏྲ་ཡེ་སྭཱཧཱ། ཨཱོྃ་མ་ཎི་བྷ་ཏྲ་ཡེ་སྭཱཧཱ

20230823

གནོད་སྦྱིན་ཆེན་པོ་མཛོད་ལྡན།

རྣམ་རྒྱལ་གྱི་གཞུང་ལས་བྱུང་བའི་གནོད་སྦྱིན་ཆེན་པོ་མཛོད་ལྡན་ལ་གོ།རྣམ་རྒྱལ་གྱི་གཞུང་ལས། ལྷོ་ཕྱོགས་པདྨའི་གདན་སྟེང་ན། གནོད་སྦྱིན་ཆེན་པོ་མཛོད་ལྡན་ནི། སྐུ་མདོག་མཐིང་ཁ་རྒྱན་དང་ཆས། ཕྱག་མཚན་ནོར་བུ་ལྕགས་འོད་བསྣམས། དེ་ལ་ཕྱག་འཚལ་མཆོད་པ་འབུལ། ཕྱྭ་གཡང་སྐྱོང་བརྒྱད་ཀྱི་གཟུངས་ནི། ཨཱོྃ་སུརྣ་པ་ཏྲ་ཡེ་སྭཱཧཱ། ཨཱོྃ་མ་ཎི་བྷ་ཏྲ་ཡེ་སྭཱཧཱ

20230823

གནོད་སྦྱིན་ཆེན་པོ་འབྲོག་གནས།

རྣམ་རྒྱལ་གྱི་གཞུང་ལས་བྱུང་བའི་གནོད་སྦྱིན་ཆེན་པོ་འབྲོག་གནས་ལ་གོ།རྣམ་རྒྱལ་གྱི་གཞུང་ལས། ནུབ་ཕྱོགས་པདྨའི་གདན་སྟེང་ན། གནོད་སྦྱིན་ཆེན་པོ་འབྲོག་གནས་ནི། སྐུ་མདོག་དམར་ལ་འོད་ཟེར་འབར། ཕྱག་མཚན་ནོར་བུ་དམར་པོ་བསྣམས། དེ་ལ་ཕྱག་འཚལ་མཆོད་པ་འབུལ། ཕྱྭ་གཡང་སྐྱོང་བརྒྱད་ཀྱི་གཟུངས་ནི། ཨཱོྃ་སུརྣ་པ་ཏྲ་ཡེ་སྭཱཧཱ། ཨཱོྃ་མ་ཎི་བྷ་ཏྲ་ཡེ་སྭཱཧཱ

20230823

གནོད་སྦྱིན་ཆེན་པོ་ཀུ་བེ་ར།

​རྣམ་རྒྱལ་གྱི་གཞུང་ལས་བྱུང་བའི་གནོད་སྦྱིན་ཆེན་པོ་ཀུ་བེ་ར་ལ་གོ།རྣམ་རྒྱལ་གྱི་གཞུང་ལས། བྱང་ཕྱོགས་པདྨའི་གདན་སྟེང་ན། གནོད་སྦྱིན་ཆེན་པོ་ཀུ་བེ་ར། སྐུ་མདོག་ལྗང་ཁུ་རྒྱན་དང་ཆས། ཕྱག་མཚན་ནོར་བུ་གཡུ་མདོག་བསྣམས། དེ་ལ་ཕྱག་འཚལ་མཆོད་པ་འབུལ། ཕྱྭ་གཡང་སྐྱོང་བརྒྱད་ཀྱི་གཟུངས་ནི། ཨཱོྃ་སུརྣ་པ་ཏྲ་ཡེ་སྭཱཧཱ། ཨཱོྃ་མ་ཎི་བྷ་ཏྲ་ཡེ་སྭཱཧཱ

20230823

གནོད་སྦྱིན་ཆེན་པོ་ཡང་དག་ཤེས།

རྣམ་རྒྱལ་གྱི་གཞུང་ལས་བྱུང་བའི་གནོད་སྦྱིན་ཆེན་པོ་ཡང་དག་ཤེས་ལ་གོ།རྣམ་རྒྱལ་གྱི་གཞུང་ལས། བྱབ་ནུབ་པངྨའི་གདན་སྟེང་ན། གནོད་སྦྱིན་ཆེན་པོ་ཡང་དག་ཤེས། སྐུ་མདོག་ལྗང་གུ་རྒྱན་དང་ཆས། ཕྱག་མཚན་ནུའུ་ལེའི་རྐྱལ་པ་བསྣམས། དེ་ལ་ཕྱག་འཚལ་མཆོད་པ་འབུལ། ཕྱྭ་གཡང་སྐྱོང་བརྒྱད་ཀྱི་གཟུངས། ཨཱོྃ་སུརྣ་པ་ཏྲ་ཡེ་སྭཱཧཱ། ཨཱོྃ་མ་ཎི་བྷ་ཏྲ་ཡེ་སྭཱཧཱ

20230823

གནོད་སྦྱིན་ཆེན་པོ་མཛོད་སྲུང་།

གཡུང་དྲུང་བོན་གྱི་བྱང་ནུབ་གཤེན་རབ་འདོད་པ་དགུ་འགྱུར་གཙོ་འཁོར་བཅུ་གསུམ་གྱི་ཡ་གྱལ་གནོད་སྦྱིན་ཆེན་པོ་མཛོད་སྲུང་།རྣམ་རྒྱལ་གྱི་གཞུང་ལས། ལྷོ་ཤར་པདྨའི་གདན་སྟེང་ན། གནོད་སྦྱིན་ཆེན་པོ་མཛོད་སྲུང་ནི། སྐུ་མདོག་སྔོ་སྐྱ་རྒྱན་དང་ཆས། ཕྱག་མཚན་ནེའུ་ལེའི་རྐྱལ་པ་བསྣམས། དེ་ལ་ཕྱག་འཚལ་མཆོད་པ་འབུལ། ཕྱཱ་གཡང་སྐྱོང་བརྒྱད་ཀྱི་གཟུངས་ནི

20231024

མཁའ་འགྲོ་རྡོ་རྗེ་ཕག་མོ།

གཡུང་དྲུང་བོན་གྱི་གསང་ཆེན་རིགས་བཞིའི་མཁའ་འགྲོ་སྐོར་གྱི་ཡ་གྱལ་མཁའ་འགྲོ་རྡོ་རྗེ་ཕག་མོ།ཕག་མོ་ཆེན་མོ་ཡུམ་སྒྲུབ་ལས། མ་མཆོག་ཡུམ་ཆེན་མོ། རྡོ་རྗེ་དྲག་མོ་མངོན་གསུམ་དུ། དུར་ཁྲོད་འབར་བའི་གཅལ་ཚོགས་དབུས། མཁའ་འགྲོ་ཆེན་མོ་འཇིགས་བྱེད་མ། སྨུག་ནག་ཞལ་གཅིག་ཕྱག་གཉིས་ཀྱི། གར་གྱི་འགྱིང་སྟབས་གདན་ལ་བཞེངས། དབུ་ཡི་རལ་པའི་ཐོར་ཅོག་གསེབ

20231229