ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 4 ཡོད།

སྦལ་འདྲའི་དུས་སུ་གདན་ལྟར་འདིངས་པ།

ཆུ་རགས་རྒྱག་ཐབས་ནི་ཆུ་རགས་ཀྱིས་ལྷ་སའི་ཕྱོགས་བཞི་ནས་མཐའ་བསྐོར་ཏེ་གདན་བཏིང་བ་ལྟར་རྒྱག་དགོས་པ་ནི། སློབ་དཔོན་པདྨའི་བཀའ་ཆེམས་ལྷོ་བྲག་ཁོ་མཐིང་ལྷ་ཁང་གི་གཏེར་མ་ལས། ཆུ་རགས་གཙུག་ཁང་གྲུ་བཞིར་བསྐོར། །ཟུར་བཞི་ཀུན་ཏུ་མཐོ་རེ་བརྩིགས། །ཁྲོ་བོ་གཤིན་རྗེ་གཤེད་པོ་དང༌། །རྟ་མགྲིན་དང་ནི་བདུད་རྩི་འཁྱིལ། །སྟོབས་པོ་ཆེ་བཞིར་མངའ་གསོལ་བྱ། །ཞེས་གསལ་བ་ལྟར་ཡིན

20171226

བདུད་བཞི་འཇོམས་པའི་ཁྲོ་བོ་བཞི།

ཀློང་ཆེན་མཛོད་བདུན་གྱི་ཚིག་དོན་མཛོད་ལས་བྱུང་བའི་བདུད་བཞི་འཇོམས་པའི་ཁྲོ་བོ་བཞི་ལ་གོ་བ་ཡིན།ཀློང་ཆེན་མཛོད་བདུན་གྱི་ཚིག་དོན་མཛོད་ལས་བྱུང་བ་སྟེ། 1.ཁྲོ་བོ་གཤིན་རྗེ་གཤེད། 2.སྟོབས་ཆེན། 3.རྟ་མགྲིན། 4.བདུད་རྩི་འཁྱིལ་བའོ༎འབྱུང་ཁུངས། 《ཀློང་ཆེན་མཛོད་བདུན་ག་པ》ཤ82ན3ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210811

འཕགས་པ་འཇམ་དཔལ།

གཡོན་པོ་ཏིས་མཚན་པའི་ཨུཏྤལ་ལའི་སྡོང་བུ་འཛིན་པ། རོལ་པའི་སྟབས་ཀྱིས་བཞུགས་ཤིང་མི་བསྐྱོད་པས་དབུ་ལ་སྤྲས་པ། ཟུར་ཕུད་ལྔ་པའམ་རལ་པའི་ཐོར་ཚུགས་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་ཀྱི་དྲུང་དུ་ཁྲོ་བོ་གཤིན་རྗེ་གཤེད་པོ་མཐིང་ནག་ཐོད་པའི་འཕྲེང་བ་ཅན། གཡས་འཇམ་དཔལ་གྱི་ཞབས་ལ་བརྟེན་པའམ་ཕྱག་འཚལ་བ། གཡོན་ཐོ་བ་རྭ་ཉི་ཤུ་པ་འཛིན་ཅིང་ཁྲོ་བོའི་ཆ་བྱད་རྫོགས་པའོ

20191024

ནང་མཆོད་བྱིན་གྱིས་བརླབ་ཚུལ་བཞི།

ལ་བསང་སྟེ་ཁངྒ་ངྷྲྀཀ་གཤེད་ཀྱི་ཚོགས་སུ་གྱུར་བ་སྤྲོས་ནས་ནང་མཆོད་ཀྱི་རྫས་ལ་གནས་པའི་བགེགས་རྣམས་སྐྲོད་པར་བྱེད་པ་ཡིན་ལ། ལས་བུམ་མེད་ཚེ་ཤྚཱི་བརྗོད་པ་དང་མཉམ་དུ་རང་གི་སྙིང་ག་ནས་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་ཚོགས་དཔག་ཏུ་མེད་པ་སྤྲོས་ནས་བགེགས་སྐྲོད་པར་བྱེད་པའོ།། སྭ་བྷཱ་ཝའི་སྔགས་བརྗོད་ཅིང་སྔགས་དོན་ཡིད་ལ་བསམས་ནས་རང་བཞིན་རྣམ་དག་གི་ངང་དུ་བསྒོམ་པའོ

20160801