ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 15 ཡོད།

ཁྱེད་ཀྱིས་འཚོལ་འདོད་པ་ནི ཀ་པ་ལའི་ཡུལ ཡིན་ནམ།

བཙལ་འབྲས་ནི ཀ་པ་ལའི་ཡུལ ཡིན་མོད། ཁྱེད་ཀྱིས་སྔར་བཞིན ཀོ་ས་ལའི་ཡུལ། འཚོལ་རྒྱུ་ཡིན་ནམ།

ཀ་པི་ལའི་ཡུལ

རྒྱ་གར་གྱི་གྲོང་ཁྱེར་སེར་སྐྱའི་དང་། བཅོམ་ལྡན་འདས་སྐུ་འཁྲུངས་པའི་གནས་ཡིན།རྒྱ་གར་གྱི་གྲོང་ཁྱེར་སེར་སྐྱའི་མིང་ཡིན་ཅིང༌། བཅོམ་ལྡན་འདས་སྐུ་འཁྲུངས་པའི་གནས་ཡིན། སློབ་དཔོན་ཐང་སེན་ཙང་གིས་མཛད་པའི《རྒྱ་གར་ལམ་ཡིག》ལས་སེར་སྐྱའི་གྲོང་ཁྱེར་གྱི་ཤུལ་ལ་མཐའ་བསྐོར་དུ༌ལེ་དབར་བཅོ་ལྔ་ཙམ་དང༌། གྲོང་སྟོང་བཅུ་ལྷག་ཙམ། ལྷ་ཁང་གོག་པོ་མང་པོ

20161102

མ་འགགས་པ།

མ་འགགས་པ་ཞེས་པ་ནི་ཡིད་བཞིན་གྲུབ་པའམ་འདོད་ཆགས་མེད་པའམ་འགགས་མེད་ཅེས་པའི་དོན། སངས་རྒྱས་ཀྱི་ཉན་ཐོས་ཉེ་འཁོར་བཅུའི་ཡ་གྱལ་ཞིག་སྟེ། གྲོང་ཁྱེར་སེར་སྐྱའི་ཤཱཀྱའི་རིགས་ལས་འཁྲུངས་ཤིང་། ཡབ་ནི་རྒྱལ་པོ་བདུད་རྩི་ཟས་ཡིན་པས། རྒྱལ་པོ་ཟས་གཙང་གི་ཚ་བོ་དང་། ཇོ་བོ་ཤཱཀྱ་ཐུབ་པའི་ནུ་བོ་ཡིན།མ་འགགས་པ་ཞེས་པ་ནི་ཡིད་བཞིན་གྲུབ་པའམ་འདོད་ཆགས་མེད་པའམ་འགགས་མེད

20190725

དྲང་སྲོང་སེར་སྐྱའི་གནས།

རྒྱ་གར་བྱང་ཕྱོགས་སངས་རྒྱས་ཤཱཀྱ་ཐུབ་པའི་འཁྲུངས་ཡུལ་གྱི་མིང༌། དེང་སང་བལ་ཡུལ་དང་ཐག་ཉེ་ས་ཞིག་ཏུ་དེའི་ཤུལ་ཡོད་འདུག ཟན་ཙང་གི་ལམ་ཡིག་བོད་ཡིག་ཏུ་བསྒྱུར་བ་ཞིག་གི་ནང་གསལ་དོན། སྐབས་དེར་གྲོང་ཁྱེར་སེར་སྐྱའི་ཕོ་བྲང་གི་ཤུལ་ཙམ་ལས་མེད་པ་དང༌། མཐའ་སྐོར་དུ་ལེ་དབར་བཅོ་ལྔ་ཙམ། གྲོང་ཚོ་སྟོང་ཕྲག་བཅུ་ཙམ། ལྷ་ཁང་གོག་པོ་མང་པོ་ཡོད་པར་བཤད

20170914

ཡི་དྭགས་གྲོང་ཁྱེར།

ཡངས་པ་ཅན་གྱི་ས་འོག་དཔག་ཚད་ལྔ་བརྒྱ(དེང་སང་གི་སྤྱི་ཁྲེར་རྩིས་ན་སྤྱི་ཁྲེ་ས་ཡ་བཞི་དང་བརྒྱད་འབུམ་སུམ་ཁྲི་ཉིས་སྟོང་ཐམ་པ་ཙམ་ཡིན)ན་ཡི་དྭགས་མང་ཆེ་བ་གནས་སའི་གྲོང་ཁྱེར་སེར་སྐྱ་ཟེར་བ་ཞིག་ཡོད་ཅེས་བཤད་སྲོལ་ཡོད། འདིའི་སྐོར་ཞིབ་ཆ《མདོ་དྲན་པ་ཉེར་བཞག》ཞེས་པ་བཀའ་འགྱུར་སྡེ་དགེ་དཔར་མའི་མདོ་ཕྱོགས[ར][ལ][ཤ]གསུམ་ལ་ཡོད་པས་དེར་གཟིགས

20180207

སྐུ་གདུང་ཆ་བརྒྱད་མཉམ་པར་བགོས།

བྱེད་སྐབས་སྡིག་ཅན་གྱི་ཡུལ་དུ་གནས་པའི་གྱད་མི་རྣམས་དང་རྟོག་གཡོའི་ཡུལ་གྱི་རྒྱལ་རིགས་པུ་ལུ་ཀ་དང༌། གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྒྱལ་པོ་ཀྲོདྷ། ཁྱབ་འཇུག་གླིང་དུ་གནས་པའི་བྲམ་ཟེ། གྲོང་ཁྱེར་སེར་སྐྱའི་ཡུལ་དུ་གནས་པའི་ཤཱཀྱ། གྲོང་ཁྱེར་ཡངས་པ་ཅན་དུ་གནས་པའི་ལི་ཙཱ་བྱི་བཅས་ཁག་བརྒྱད་སྔ་རྗེས་སུ་འོངས་ནས་སྐུ་གདུང་ང་ཚོར་དགོས་ཞེས་རྩོད་གླེང་བྱུང་སྐབས

20170706

སེར་སྐྱ་པ།

གཙོ་བོ་སོགས་ཉེར་ལྔར་གྲངས་ངེས་པར་གོ་གནས་རང་གིས་མཐོང་བའི་དེ་ཉིད་གཞན་ལ་བསྟན་ཕྱིར་གྲངས་ཅན་གྱི་བསྟན་བཅོས་བརྩམས་པ་སོགས་སྐྱེས་སྟོབས་ཀྱི་ཤེས་རབ་ལྡན་པ་ཞིག་ཡིན། དེའི་རལ་པའི་ཁ་དོག་སེར་སྐྱ་ཡིན་པས་སེར་སྐྱ་ཞེས་བརྗོད། སེར་སྐྱའི་བསྟི་གནས་བྱེད་ཡུལ་དེ་ལ་ཕྱིས་གྲོང་ཁྱེར་སེར་སྐྱ་ཟེར་ཞིང༌། སངས་རྒྱས་ཤཱཀྱ་ཐུབ་པའི་འཁྲུངས་ཡུལ་ཡང་གྲོང་ཁྱེར་དེར་ཡིན

20180322

ཝཱ་རཱ་ཎ་སི།

ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་སའི་གནས་ཡིན།ཝཱ་རཱ་ཎ་སི་ནི་སངས་རྒྱས་ཀྱིས་ཐོག་མར་ཆོས་གསུངས་པའི་གནས་ཡིན། སློབ་དཔོན་ཐང་ཟན་གཙང་གི་ལམ་ཡིག་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་ལས། གྲོང་ཁྱེར་སེར་སྐྱ་ནས་རྩིས་པའི་ལྷོ་ནུབ་མཚམས་ཀྱི་ལེ་དབར་བདུན་བརྒྱ་ལྷག་ཙམ་ན་ཆུ་བོ་གངྒའི་འགྲམ་དུ་གྲོང་ཁྱེར་ཝཱ་རཱ་ཎ་སི་དང་། དེ་ནས་བྱང་ཤར་མཚམས་ཆུ་བོ་ཝཱ་ར་ན་སི་བརྒལ་ནས་ལེ་དབར་བཅུས

20190418

ལུམ་བིའི་ཚལ།

། རྒྱ་ཡི་སློབ་དཔོན་ཆེན་པོ་ཐང་ཚན་ཙང་གི《རྒྱ་གར་ལམ་ཡིག》རྒྱ་ཡིག་ནས་བོད་ཡིག་ཐོག་བསྒྱུར་བ་ལས། མཉན་ཡོད་རྒྱལ་བྱེད་ཚལ་ནས་ཤར་ཕྱོགས་སུ་ལེ་དབར་བདུན་བརྒྱ་སོང་བ་ན་གྲོང་ཁྱེར་སེར་སྐྱ་ཞེས་བཅོམ་ལྡན་འདས་ཀྱི་ཡབ་རྒྱལ་པོ་ཟས་གཙང་མའི་ཕོ་བྲང་གི་ཤུལ་དང་། གྲོང་སྟོང་བཅུ་ལྷག ལྷ་ཁང་གོག་པོ་མང་པོ་ཡོད། ཕོ་བྲང་ཡོད་ས་དེའི་ཤར་ཕྱོགས་ཀྱི་ལེ་དབར་བརྒྱ་ཙམ་ན་ལུམྦིའི

20190415

གནས་ཆེན་པོ་བརྒྱད།

། རྒྱ་ཡི་སློབ་དཔོན་ཆེན་པོ་ཐང་ཟན་ཙང་གི《རྒྱ་གར་ལམ་ཡིག》རྒྱ་ཡིག་ནས་བོད་ཡིག་ཐོག་བསྒྱུར་བ་ལས། མཉན་ཡོད་རྒྱལ་བྱེད་ཚལ་ནས་ཤར་ཕྱོགས་སུ་ལེ་དབར་བདུན་བརྒྱ་སོང་བ་ན་གྲོང་ཁྱེར་སེར་སྐྱ་ཞེས་བཅོམ་ལྡན་འདས་ཀྱི་ཡབ་རྒྱལ་པོ་ཟས་གཙང་མའི་ཕོ་བྲང་གི་ཤུལ་དང༌། གྲོང་སྟོང་བཅུ་ལྷག ལྷ་ཁང་གོག་པོ་མང་པོ་ཡོད། ཕོ་བྲང་གི་ལྟེ་བར་ལྷུམས་སུ་ཞུགས་པའི་མཆོད་རྟེན་གྱི་ཤུལ

20170921

ཤཱཀྱ་ཐུབ་པའི་མཛད་པ་ཆིག་བརྒྱ་ཉེར་ལྔ།

གཟིགས་པ་ལྔ་ལ་གཟིགས་པ་དང༌། དགའ་ལྡན་ནས་འཕོས་ཏེ་ལྷུམས་སུ་འཇུག་པ་དང༌། ཡུམ་གྱི་ལྷུམས་སུ་མི་གཙང་བས་མ་གོས་པར་བཞུགས་པའི་གནས་སྐབས་དང༌། ལུམ་བིའི་ཚལ་དུ་སྐུ་བལྟམས་པ་དང༌། གྲོང་ཁྱེར་སེར་སྐྱར་གཤེགས་པ་དང༌། དྲང་སྲོང་ཉོན་མོངས་མེད་ཀྱིས་ལུང་བསྟན་པ་སོགས་དང༌། བཟོ་ཡི་གནས་ལ་སྦྱངས་པ་དང༌། སྒྱུ་རྩལ་གྱི་སྟོབས་བསྟན་པ་དང༌། ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་བཙུན་མོ་གྲགས་འཛིན་མ

20180308