ཡོངས་འཛིན་རིག་མཛོད། >མི་སྣ། >ལོ་རྒྱུས་མི་སྣ། >གཞན་དག

ཁྲེན་ཀུང་པོ།

ཁྲེན་ཀུང་པོ་ནི་སྤྱི་ལོ1892ལོའི་ཟླ10པའི་ཚེས19ཉིན་ཀོང་ཏུང་གི་ནུ་ཡོན་རྫོང་ནས་སྐྱེས་ཤིང་། ཁོང་ཆུང་དུས་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་མྱོང་། ཀྲུང་གུང་ཚོགས་ཆེན་ཐེངས་དང་པོའི་འཐུས་མི་ཡིན་པ་དང་། དེ་རྗེས་ཏང་དང་ཁ་བྲལ་ནས་གོ་མིན་ཏང་གི་གྲལ་དུ་ཚུད།“གཡོན་ཕྱོགས་པ”ཞེས་རང་བསྟོད་བྱས་ཏེ། དེ་སྔ་གོ་མིན་ཏང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཀྲུང་དབྱང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་འགན་བཞེས། རྗེས་སུ་ཅང་ཅེ་ཧྲིར་ངོ་རྒོལ་བྱེད་མཁན་བཅོས་འཛུགས་ཕྱོགས་ཁག་གི་ཚབ་བྱེད་མི་སྣར་གྱུར་མོད། འོན་ཀྱང་མི་རིང་བར་ཡང་ཅང་ཅེ་ཧྲི་དང་ངན་འབྲེལ་བྱས་ཏེ་ཅང་ཅེ་ཧྲིའི་མགྲོན་པོར་གྱུར། མཇུག་ཏུ་ཁོང་གིས་ཝང་ཅིན་ཝེའི་རྗེས་སུ་འབྲངས་ནས་རྒྱལ་ཁབ་ལ་རྒྱབ་གཏོད་ཀྱིས་དགྲ་བོར་མགོ་བཏགས་ནས་ཀྲུང་གོའི་ནང་རྒྱལ་འཚོང་ངོ་ལོག་པ་ཨང་གཉིས་པར་གྱུར། སྤྱི་ལོ1946ལོའི་ཟླ6པའི་ཚེས3ཉིན། ཁྲེན་ཀུང་པོ་ལ་སྲོག་ཁྲིམས་བཅད།

རིགས་དབྱེ།  

ཀུན་བྷེ།

ཁོང་ནི་སྤྱི་ལོ1971ལོར་མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་ནས་སྐྱེས་ཤིང་། སྤྱི་ལོ1991ལོའི་ཟླ7པར་མཚོ་སྔོན་ཞིང་ཆེན་མི་དམངས་ཉེན་རྟོགས་པའི་སློབ་གྲྭ་ནས་སློབ་མཐར་ཕྱིན། དེའི་རྗེས་སུ་མཚོ་སྔོན་གསེར་ཆེན་རྫོང་ཅང་ཤེས་ཞང་སྤྱི་བདེ་ཅུའུ་རུ་ལས་བགོས་བྱས།

རིགས་དབྱེ།  

མའོ་ཙེ་ཐེན།

མའོ་ཙེ་ཐེན་ནི་སྤྱི་ལོ1905ལོའི་ཟླ9པའི་ཚེས25ཉིན་ཧུའུ་ནན་ཞང་ཐན་རྫོང་གི་ཧྲའོ་ཧྲན་ཁྲུང་ནས་སྐྱེས་ཤིང་། མའོ་ཙེ་ཏུང་གི་གཅུང་པོ་གསུམ་པ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་ཡིན། སྤྱི་ལོ1923ལོའི་ཟླ10པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སྤྱི་ལོ1934ལོའི་ཟླ10པར་ཀྲུང་དབྱང་དམར་དམག་གི་གཙོ་ཤུགས་རྒྱང་སྐྱོད་བྱས་རྗེས་ཀྲུང་གུང་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་ཡན་ལག་ཅུའུ་ཡི་ཨུ་ཡོན་དང་། དམར་དམག་རང་ཚུགས་ཁྲི་ཤོག་གི་ཧྲི་དཔོན། ཧྥུ་ཅན་ཀན་དམག་ཁུལ་ཁང་གི་སི་ལིང་ཡོན་བཅས་ཀྱི་འགན་བཞེས། སྤྱི་ལོ1935ལོའི་ཟླ4པའི་ཚེས26ཉིན་ཅང་ཞི་རུའེ་ཅིན་ཧུང་ལིན་རི་ཁུལ་དུ་གོ་མིན་ཏང་གི་དམག་དཔུང་གིས་བསྐོར་ནས་ངེས་མེད་རྒོལ་རྡུང་རུ་ཁག་གི་ཉེན་ཁ་ལས་ཐར་བར་འགེབས་སྲུང་བྱེད་ཆེད་རང་སྲོག་བློས་བཏང་བ་དང་། སྐབས་དེར་དགུང་ལོ་སུམ་ཅུ་ཡིན།

རིགས་དབྱེ།  

ཏིང་ཀྲེན་ཅུན།

ཏིང་ཀྲེན་ཅུན་ནི་སྤྱི་ལོ1997ལོའི་ཟླ4པར་ཅང་ཞི་ཀན་ཀྲོའུ་ནས་སྐྱེས་ཤིང་། སི་ཁྲོན་ཞིང་ཆེན་ལེང་ཧྲན་ཁུལ་ཞི་ཁྲང་ནགས་ཚལ་མེ་གསོད་རུ་ཆེན་གྱི་རུ་འབྲིང་གསུམ་པའི་འཛིན་གྲྭ་དང་པོའི་མེ་གསོད་མི་སྣ་ཞིག་ཡིན། སྤྱི་ལོ2019ལོའི་ཟླ3པའི་ཚེས31ཉིན་ཚེ་ལས་འདས།

རིགས་དབྱེ།  

ཁྲ་ཝེ་ཀོང་།

ཁྲ་ཝེ་ཀོང་ནི་སྤྱི་ལོ1997ལོའི་ཟླ2པར་ཡུན་ནན་ཞིང་ཆེན་ཏ་ལི་པའེ་རིགས་རང་སྐྱོང་ཀྲོའུ་ནན་ཅན་དབྱི་རིགས་རང་སྐྱོང་རྫོང་པི་ཞི་ཤང་སུང་ལིན་སྲིད་འཛིན་གྲོང་ཚོར་སྐྱེས་ཤིང་། སི་ཁྲོན་ཞིང་ཆེན་ཞི་ཁྲང་ནགས་ཚལ་མེ་གསོད་རུ་ཆེན་གྱི་རུ་འབྲིང་གསུམ་པའི་མེ་གསོད་མི་སྣ་ཡིན། སྤྱི་ལོ2019ལོའི་ཟླ3པའི་ཚེས31ཉིན་ཚེ་ལས་འདས།

རིགས་དབྱེ།  

ཁྲེན་དབྱི་པོ།

ཁྲེན་དབྱི་པོ་ནི་སྤྱི་ལོ1998ལོའི་ཟླ12པར་ཡུན་ནན་ཞིང་ཆེན་ཆུས་ཅིང་གྲོང་ཁྱེར་ཧུའེ་ཙེ་རྫོང་ཝུའུ་ཤིང་ཤང་ཀན་སུང་ལིན་གྲོང་ཚོ་ནས་སྐྱེས་ཤིང་། སི་ཁྲོན་ཞིང་ཆེན་ཞི་ཁྲང་ནགས་ཚལ་མེ་གསོད་རུ་ཆེན་གྱི་རུ་འབྲིང་གསུམ་པའི་འཛིན་གྲྭ་དང་པོའི་པན་ཀྲང་གཞོན་པ་ཡིན། སྤྱི་ལོ2019ལོའི་ཟླ3པའི་ཚེས31ཉིན་ཚེ་ལས་འདས།

རིགས་དབྱེ།  

པེ་ཨེར་ཐི་ཨའེ།

མིང་གཞན་ལ་ནཱ་ཞ་ཐའེ་ཨེར་ཆིན་ཝང་ཟེར་ཞིང་། ཧྥ་རན་སིའི་དམག་སྤྱི་ཞིག་ཡིན་ལ། སྤྱི་ལོ1808ལོར་ཧྥ་རན་སིའི་སྐམ་དམག་གི་དམག་སྤྱི་གཞོན་པའི་འགན་ཁུར་བ་དང་། ནཱ་ཕོ་ལུན་གྱི་མངའ་འོག་གི་དྲག་ཇུས་དམག་དཔོན་ཞིག་ཡིན། ཧྥན་ཨེར་སའེ་རུ་སྐྱེས།

རིགས་དབྱེ།  

ཧྲེང་མ་ཏིང་།

ཁོང་ནི་སྤྱི་ལོ1778ལོའི་ཟླ2པའི་ཚེས25ཉིན་སྐྱེས་ཤིང་། ལ་ཏིང་མེ་གླིང་རང་ཚུགས་དམག་འཁྲུག་གི་གཙོ་འཛིན་ཡིན་པ་དང་། ཕུལ་དུ་བྱུང་བའི་དམག་དོན་སྤྱི་ཁྱབ་བཀོད་འདོམས་པ་ཞིག་ཡིན་ལ། ཨ་ཀེན་ཐིན་གྱི་མི་རིགས་དཔའ་བོ་ཞིག་ཡིན། སྤྱི་ལོ1850ལོའི་ཟླ8པའི་ཚེས17ཉིན་འདས།

རིགས་དབྱེ།  

ཅཱ་ལི་པོ་ཏི།

ཁོང་ནི་སྤྱི་ལོ1807ལོའི་ཟླ7པའི་ཚེས4ཉིན་སཱ་ཏིང་རྒྱལ་བོའི་རྒྱབ་ཁབ་ཏུ་སྐྱེས་ཤིང་། དབྱི་ཐ་ལིའི་རྒྱལ་ཁབ་རང་ཚུགས་དང་གཅིག་གྱུར་ལས་འགུལ་གྱི་ཕུལ་བྱུང་གཙོ་འཛིན་དང་དམག་དོན་པ་ཡིན། སྤྱི་ལོ1882ལོའི་ཟླ6པའི་ཚེས2ཉིན་འདས།

རིགས་དབྱེ།  

ཁུ་ཉིའེ་ཧྥུའུ།

ཁོང་ནི་སྤྱི་ལོ1897ལོའི་ཟླ12པའི་ཚེས28ཉིན་སྐྱེས་ཤིང་། སུའུ་ལེན་གྱི་དམག་སྤྱི་དང་དམག་དོན་བཀོད་འདོམས་པ། དམག་དོན་པ་བཅས་ཡིན་ལ། འཁྲུག་ཆེན་གཉིས་པའི་ཁྲོད་ཀྱི་ཀྲུའུ་ཁུ་ཧྥུའུ་དང་ལུའོ་ཁུ་ཧྥུའུ་སི་ཅི་བཅས་སུའུ་ལེན་སྐམ་དམག་གི་དམག་དཔོན་ཆེན་མོ་གསུམ་གྱི་གྲས་ཡིན། ཁོར་དམག་དོན་ཐད་ཁྱད་དུ་འཕགས་པའི་ཚོར་བ་རྣོན་པོ་ཡོད་ཅིང་། ཁོང་གིས་སྤྱི་ལོ1943ལོའི་རྗེས་སུ་རྩེར་སོན་གྱི་ཕར་རྒོལ་དམག་འཐབ་རབས་དང་རིམ་པ་བརྒྱབ་མྱོང་བ་དང་། སྤྱི་ལོ1973ལོའི་ཟླ5བའི་ཚེས21ཉིན་འདས།

རིགས་དབྱེ།  

ཧྲེན་ཅིན་རུའུ།

ཁོང་ནི་སྤྱི་ལོ1875ལོའི་ཟླ1པོའི་ཚེས2ཉིན་སུའུ་ཀྲོའུ་རུ་འཁྲུངས་ཤིང་། ཧྲེན་ཅུན་རུའུ་ཡི་ཕ་ཁྱིམ་ནི་ཅཱ་ཞིན་གྲོང་ཁྱེར་ལྷོ་འགྲམ་གྱི་ཨང2པར་གནས་པ་དང་། ད་ལྟ་ཧྲེན་ཅུན་རུའུ་དྲན་གསོ་ཁང་དུ་བསྒྱུར་ཡོད། ཆིང་ཀོང་ཞུའུ་ཅ་ཁྲེན(སྤྱི་ལོ1904ལོ)ལོར་ཅིན་ཧྲི་བླངས། སྤྱི་ལོ1963ལོའི་ཟླ6པའི་ཚེས11ཉིན་འདས།

རིགས་དབྱེ།  

ཧྥང་མིང་ཧྲེང་།

ཁོང་ནི་སྤྱི་ལོ1906ལོར་ཧུའུ་པེ་ཞིང་ཆེན་ཧོང་ཕི་རྫོང་ནས་སྐྱེས་ཤིང་། སྤྱི་ལོ1930ལོར་ཀྲུང་གོའི་བཟོ་ཞིང་དམར་དམག་ལ་ཞུགས་པ་དང་། སྤྱི་ལོ1932ལོར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་ལ། ས་ཞིང་གསར་བརྗེའི་དམག་འཁྲུག་གི་དུས་སྐབས་སུ་ཝང་ཧུའུ་པེ་ཧོང་ཀྲི་ངེས་མེད་རྒོལ་རྡུང་ཧྲི་ཤོག་གི་ལྡིང་དཔོན་དང་། དམར་དམག་གི་ངོས་ཕྱོགས་དཔུང་ཚོགས་བཞི་བའི་ཅུན་ཤོག་ཉེར་ལྔ་བའི་ཧྲི་ཤོག་དོན་གཉིས་པའི་མདའ་ཤོག་གཉིས་པའི་བརྒྱ་དཔོན་དང་། དམར་དམག་ཅུན་ཤོག་ཉེར་ལྔ་བའི་མཁོ་སྤྲོད་པུའུ་ཡི་དོ་དམ་ཁའོ་ཡི་ཁའོ་ཀྲང་། ཆབ་སྲིད་སློབ་སྟོན་པ་བཅས་ཀྱི་འགན་ཁུར་གནང་བ་དང་རྒྱང་སྐྱོད་ལ་ཞུགས་པ་ཡིན།

རིགས་དབྱེ།  

ཞའོ་སན།

ཁོང་ནི་སྤྱི་ལོ1896ལོའི་ཟླ10བའི་ཚེས10ཉིན་འཁྲུངས་ཤིང་། དེང་རབས་ཀྱི་སྙན་ངག་པ་གྲགས་ཅན་དང་ལོ་ཙཱ་བ་གྲགས་ཅན་ཞིག་ཡིན། ཁོང་གིས་ཁྲང་ཧྲ་ཧུའུ་ནན་དགེ་འོས་སློབ་གྲྭ་དང་པོར་སློབ་གཉེར་གནང་མྱོང་བ་དང་། མའོ་ཙེ་ཏུང་དང་སློབ་གྲོགས་གནང་མྱོང་། ཁོང་གི་ཕུ་བོ་ཞའོ་ཙི་ཧྲེང་དང་མའོ་ཙེ་ཏུང་། ཚའེ་ཧོ་སེན་བཅས་དང་མཉམ་དུ་དམངས་གསར་སློབ་ཚོགས་བཙུགས་པ་དང་། དུས་རབས20བའི་དུས་མགོར་གསར་བརྗེའི་ལས་འགུལ་ནང་ཞུགས། སྤྱི་ལོ1983ལོའི་ཟླ2པའི་ཚེས4ཉིན་འདས།

རིགས་དབྱེ།  

ཧྲི་ཏི་ཝེ།

སྤྱི་ལོ1904ལོར་ཞི་ཏེན་དམག་དོན་སློབ་གྲྭ་ནས་ཐོན་ཞིང་། འཛམ་གླིང་འཁྲུག་ཆེན་ཐེངས་དང་པོར་ཞུགས་མྱོང་ལ། ཀྲུང་གོར་སྡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་དྲག་དཔོན་གྱི་འགན་བཞེས་མྱོང་། སྤྱི་ལོ1926ལོ་ནས་སྤྱི་ལོ1929ལོའི་བར། ཨ་རིའི་དམག་དཔུང་གི་ཐེན་ཅིན་དུ་བཅའ་སྡོད་བྱེད་པའི་རྐང་དམག་མདའ་ཤོག15པའི་དཔུང་ཚོགས་ཀྱི་རུ་དཔོན་དང་དྲག་ཇུས་དམག་དཔོན་གྱི་ལས་ཚབ་གནང་ནས་ཀྲུང་ཞའོ་ཡི་གོ་རྟགས་ཐོབ། སྤྱི་ལོ1942ལོར་ཀྲུང་ཅང་གི་གོ་རྟགས་སྤྲད་པ་དང་། སྔ་རྗེས་སུ་ཀྲུང་གོའི་འཐབ་ཁུལ་གྱི་དྲག་ཇུས་དམག་དཔོན་དང་། ཀྲུང་གོ་དང་། འབར་མ། རྒྱ་གར་གཡུལ་འགྱེད་ས་ཁུལ་གྱི་ཨ་རིའི་སྤྱི་ཁྱབ་དམག་སྤྱི། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དམག་དཔུང་གི་སི་ལིང་གཞོན་པ། རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་དམག་གི་དམག་སྤྱི། ཨ་རིའི་ཀྲུང་གོར་རོགས་སྐྱོར་བྱེད་པའི་དངོས་རྫས་ཀྱི་འགན་འཁུར་བ་སོགས་ཀྱི་གོ་གནས་ཁུར་མྱོང་བ་དང་། རྗེས་སུ་ཧྲང་ཅང་གི་གོ་རྟགས་ཐོབ།

རིགས་དབྱེ།  

མཱ་ཅུན།

མཱ་ཅུན(འཁྲུངས་འདས་ལོ་ཚིགས་མི་གསལ)ནི་རྒྱལ་ཁབ་གསུམ་གྱི་དུས་སྐབས་ཀྱི་ཚའོ་ཝེ་གསར་གཏོད་པ་ཞིག་རེད། ཧྥུའུ་ཧྥེང(ད་ལྟའི་ཧྲའན་ཞི་ཞིང་ཆེན་ཞིང་ཕིང་གྲོང་ཁྱེར)གི་མི་ཡིན། ཀྲུང་གོའི་གནའ་རབས་ཚན་རྩལ་ལོ་རྒྱུས་ཐོག་སྐད་གྲགས་ཆེ་ཤོས་ཀྱི་འཕྲུལ་ཆས་གསར་གཏོད་པ་ཞིག་ཡིན།

རིགས་དབྱེ།  

སེང་དབྱི་ཧང་།

སེང་དབྱི་ཧང་ནི(སྤྱི་ལོ673ལོ་ནས་སྤྱི་ལོ727ལོའི་བར་འཚོ་བཞུགས་གནང་མྱོང)ཐང་རྒྱལ་རབས་ཀྱི་བཙུན་པ་ཞིག་ཡིན། ཀྲུང་གོའི་ཐང་རྒྱལ་རབས་ཀྱི་གནམ་དཔྱད་རིག་པ་བ་དང་འགྲེལ་བཤད་རིག་པ་བ་གྲགས་ཅན་ཞིག་ཡིན་ཞིང་། དེའི་མིང་ལ་ཀྲང་སུའེ་ཟེར་ཞིང་། ཝེ་ཀྲོའུ་ཁྲང་ལེའི(ད་ལྟའི་ཧུ་ནན་ཞིང་ཆེན་ཕུའུ་དབྱང་གྲོང་ཁྱེར་ནན་ལེ་རྫོང)མི་ཡིན། ཆོ་ལོར“སློབ་དཔོན་ཤེས་རབ་བསམ་གཏན”ཟེར། དབྱི་ཧང་སྤྱང་གྲུང་འཛོམས་ཤིང་ལོ་རྒྱུས་ལ་མཁས་པ། ལྷག་པར་དུ་རྩིས་དང་གདགས་སྲིབ། འབྱུང་བ་ལྔའི་རིག་པ། སྐབས་དེའི་ཏའོ་ཧྲི་དབྱི་ཁྲུང་དང་ཤེས་རབ་མཉམ་པ་རེད།

རིགས་དབྱེ།  

སུའུ་སུང་།

སུའུ་སུང(སྤྱི་ལོ1020ལོའི་ཟླ12པའི་ཚེས10ཉིན་ནས་སྤྱི་ལོ1101ལོའི་ཟླ6པའི་ཚེས18ཉིན་བར་འཚོ་བཞུགས་གནང)གི་འཁྲུངས་ཡུལ་ཧྥུའུ་ཅན་ལུའུ་ཆོན་ཀྲོའུ་ཐུང་ཨན་རྫོང་ཡིན།(དེང་གི་ཞཱ་མོན་གྲོང་ཁྱེར་ཐུང་ཨན་ཆུའུ་རུ་གཏོགས)རྗེས་སུ་རུན་ཀྲོའུ་ཏན་དབྱང་རྫོང་དུ་གནས་སྤོ་བྱས། ཀྲུང་གོའི་སུང་བྱང་མའི་དུས་དཀྱིལ་གྱི་དཔོན་རིགས་དང་ཕུལ་དུ་བྱུང་བའི་གནམ་དཔྱད་རིག་པ་བ་དང་གནམ་རིག་འཕྲུལ་ཆས་བཟོ་སྐྲུན་པ། སྨན་རྫས་རིག་པ་བ་བཅས་ཡིན།

རིགས་དབྱེ།  

ཏུའུ་ཧྲི།

ཏུའུ་ཧྲི་ནི(?—38ལོའི་བར་འཚོ་བཞུགས་གནང་མྱོང་མཁན་ཞིག་ཡིན)ཧུ་ནན་ཅི་རྫོང(ད་ལྟའི་ཧུ་ནན་ཞིང་ཆེན་གྱི་ཝེ་ཧུའེ་གྲོང་ཁྱེར)གི་མི་ཡིན་ཞིང་། ཧན་ཤར་མའི་དཔོན་རིགས་དང་ཆུ་བེད་རིག་པ་བ་དང་གསར་གཏོད་པ་བཅས་ཡིན། གོང་མ་ཀོང་ཝུའུ་ཏིའི་དུས་སུ་གོང་མའི་ལོ་རྒྱུས་ལ་ཞབས་ཕྱི་པ་བྱས། ཝུའུ་ཅན་ལོ་བདུན་པར(སྤྱི་ལོ31ལོ)ནན་དབྱང་ཐའེ་ཧུའུ་ཡི་འགན་བཞེས་སྐབས་ཆུ་འབུད(ཆུ་ཤུགས་རླུང་སྦུད་འཕྲུལ་འཁོར)གསར་དུ་བསྐྲུན་ནས་ཆུ་ཤུགས་བརྒྱུད་སྒུལ་འཕྲུལ་ཆས་ལ་བརྟེན་ཏེ། ཀོ་བའི་རླུང་སྣོད་བསྟུད་མར་ཕྱེ་ནས་མཁའ་རླུང་ལྕགས་བཞུ་ཐབ་ནང་དུ་བསྐྱལ་ནས་ཞིང་ཆས་བཟོ་བར་ཤུགས་ཆུང་ལ་ཕན་ནུས་ཆེན་པོ་ཐོན་ཡོད། ཁོང་གིས་ད་དུང་རྫིང་རགས་བཟོ་བར་འགོ་འཛིན་མཛད་དེ་ཆུ་རྫིང་རྒྱ་ཆེར་ཕྱེ་ནས་ཅུན་ནང་ཁུལ་གྱི་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་བཏང་བས། “ཏུའུ་མ་ཡུམ”ཞེས་འབོད་ཀྱིན་ཡོད། ནན་དབྱང་གི་མིས“སྔོན་ལ་ཀྲའོ་ཡབ་ཆེན་དང་རྗེས་སུ་ཏུའུ་མ་ཡུམ”ཞེས་བསྔགས་བརྗོད་བྱས་ཡོད།

རིགས་དབྱེ།  

ཧོང་ཏའོ་ཕོ།

ཧོང་ཏའོ་ཕོ(སྤྱི་ལོ1245ལོ་ནས་སྤྱི་ལོ1330ལོའི་བར)ནི་སུང་ཅང་ཧྥུའུ་ཝུའུ་ཉི་ཅིན(ད་ལྟ་ཧྲང་ཧའེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས)གྱི་མི་ཡིན། སུང་དུས་མཇུག་གི་སྲིང་བལ་འཁེལ་འཐག་མཁན་དང་ལག་རྩལ་བསྒྱུར་བཅོས་པ་གྲགས་ཅན་ཞིག་ཡིན། བྱིས་པའི་དུས་སུ་བྱིས་གཉོར་བྱེད་དགོས་པ་དང་། མནར་གཅོད་ཚད་དྲག་པའི་དབང་གིས་ཡཱ་ཀྲོའུ(དེང་གི་ཧའེ་ནན་ཞིང་ཆེན་སན་ཡཱ་གྲོང་ཁྱེར་གྱི་གྲོང་རྡལ)དུ་ལོ40ཙམ་ལ་གནས་ཤིང་། ལི་རིགས་བུད་མེད་ལ་སྲིང་བལ་འཁེལ་འཐག་ལག་རྩལ་སྦྱངས་པར་མ་ཟད་ལེགས་བཅོས་ཀྱང་བྱས་པས། “ཚོས་སྡེབ། ཕྱོགས་བསྡུས་ཐིག”བཅས་ཀྱི་འཁེལ་འཐག་ལག་རྩལ་ཐོབ། ཡོན་རྒྱལ་རབས་ཀྱི་ཡོན་ཀྲེན་གྱི་དུས་སུ(སྤྱི་ལོ1295ལོ་ནས་སྤྱི་ལོ1297ལོའི་བར)ཕ་ཡུལ་དུ་ལོག་ནས་ཡུལ་གཞན་ལ་འཁེལ་འཐག་ཡོ་བྱད་ལེགས་བཅོས་བྱེད་པའི་སློབ་ཁྲིད་བྱས་པ་དང་། ལྕགས་དང་། མདེའུ། འཁེལ་འཐག་སོགས་ཆེད་སྤྱོད་འཕྲུལ་ཆས་བཟོས་ནས་རི་མོ་སྣ་ཚོགས་ཀྱི་སྲིང་བལ་བཏགས་རྫས་བཟོས་པ་རེད།

རིགས་དབྱེ།  

མའོ་ཧུ་ཧྥ།

ཁོང་ནི་ཧོ་ནན་ཞིང་ཆེན་ཀུའུ་ཁྲི་ཤོག་རྫོང་ནས་སྐྱེས་ཤིང་། སྤྱི་ལོ1931ལོར་ལོ12ལས་མ་སོང་བར་ཀྲུང་གོའི་བཟོ་ཞིང་དམར་དམག་ལ་ཞུགས། སྤྱི་ལོ1934ལོར་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པར་ཞུགས། སྤྱི་ལོ1935ལོར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས།ས་ཞིང་གསར་བརྗེའི་དམག་འཁྲུག་གི་སྐབས་སུ་སྐུ་སྲུང་བཅུ་དཔོན་དང་བརྒྱ་ཤོག་གི་དྲུང་ཡིག་གི་འགན་ཁུར་གནང་བ། ཧུའུ་པེ་དང་། ཧོ་ནན།ཨན་ཧུའེ་བཅས་ཀྱི་གསར་བརྗེའི་གནས་གཞིའི་ས་ཁུལ་དུ“བསྐོར་བཅོམ”ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ཞུགས་པ་དང་། ཁྲོན་ཧྲའན་གསར་བརྗེའི་གནས་གཞིའི་ས་ཁུལ་གྱི་དམག་སྡེ་གསུམ་པར་ངོ་རྒོལ་དང་། དམག་སྡེ་དྲུག་པའི་སྐོར་བཅོམ།དམར་དམག་དཔུང་ཕྱོགས་བཞི་བའི་རྒྱང་སྐྱོད་བཅས་ལ་ཞུགས། རི་འགོག་དམག་འཁྲུག་གི་སྐབས་སུ་དམག་སྡེ་བརྒྱད་པའི་ཁྲི་ཤོག115པའི་སྟོང་ཤོག344པའི་མདའ་ཤོག687པའི་ལེན་གྱི་ཆབ་སྲིད་སློབ་སྟོན་པ་དང་རུ་དཔོན་གཞོན་པ། སྐམ་དམག་གསར་སྒྲིག་ཅུན་ཤོག་བཞི་པའི་ཁྲི་ཤོག3པའི་སྟོང་ཤོག24པའི་རུ་དཔོན། ཁྲི་ཤོག3པའི་དམིགས་བསལ་ལས་དོན་ཐོན་གྱི་ཚོགས་གཙོ་གཞོན་པ་བཅས་ཀྱི་འགན་ཁུར་གནང་བ། “ཚར་གཅོད”དང་ངན་རེངས་པར་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཞུགས། བཅིངས་འགྲོལ་དམག་འཁྲུག་གི་སྐབས་སུ་བྱང་ཤར་དམངས་གཙོ་མཉམ་འབྲེལ་དམག་གི་ཙུང་ཏུའེ་རུ་ཁག7པའི་ཁྲི་ཤོག261པའི་ཐོན་ཀྲང་གི་འགན་ཁུར་གནང་།

རིགས་དབྱེ།  

མོ་ཁྲུན་ཧུ།

ཁོང་ནི་སི་ཁྲོན་གྱི་ལི་ཀྲུང་གི་མི་ཡིན་པ་དང་། སྤྱི་ལོ1933ལོར་ཀྲུང་གོའི་བཟོ་ཞིང་དམར་དམག་ལ་ཞུགས། སྤྱི་ལོ1934ལོར་ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་གཞོན་ནུ་ཚོགས་པར་ཞུགས། སྤྱི་ལོ1936ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀུའེ་ཀྲོའུ་ཞིང་ཆེན་དམག་ཁུལ་ཁང་གི་དེ་སྔའི་དམག་སྤྱི་གཞོན་པའི་འགན་བཞེས་མྱོང་། སྤྱི་ལོ2002ལོའི་ཟླ6པའི་ཚེས29ཉིན་པེ་ཅིང་དུ་ཚེ་ལས་འདས།

རིགས་དབྱེ།  

ཝང་ཅིང་མིན།

ཁོང་ནི་སྤྱི་ལོ1918ལོར་སྐྱེས་ཤིང་། ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་གྱི་མི་ཡིན་པ་དང་། ནན་ཅིན་དམག་ཁུལ་གྱི་དེ་སྔའི་ཆབ་སྲིད་ཨུ་ཡོན་གཞོན་པ་ཡིན། སྤྱི་ལོ1935ལོར་ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་ན་གཞོན་ཚོགས་པར་ཞུགས་པ་དང་ལོ་དེར་བྱང་ཤར་དུ་འཇའ་འགོག་དམག་འཁྲུག་ལ་ཞུགས། སྤྱི་ལོ1936ལོར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་དུ་བསྒྱུར། སྤྱི་ལོ2003ལོར་འདས།

རིགས་དབྱེ།  

ཝང་ཞའོ་མིང་།

ཁོང་ནི་སྤྱི་ལོ1909ལོར་སྐྱེས་ཤིང་། ལིའོ་ཉིང་ཞིང་ཆེན་ཁྲང་ཐུའུ་རྫོང་ནས་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཧྲའོ་ཅང་ཡིན། སྤྱི་ལོ1932ལོར་གསར་བརྗེར་ཞུགས། སྤྱི་ལོ1935ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ཤིང་། ས་ཞིང་གསར་བརྗེ་དང་། འཇའ་འགོག་དམག་འཁྲུག བཅིངས་འགྲོལ་དམག་འཁྲུག་བཅས་སུ་ཞུགས། སྤྱི་ལོ1955ལོར་ཧྲའོ་ཅང་གི་གོ་རྟགས་ཐོབ། སྤྱི་ལོ1991ལོའི་ཟླ11པའི་ཚེས30ཉིན་ཚེ་ལས་འདས་པ་དང་དགུང་ལོ82ཡིན།

རིགས་དབྱེ།  

ཕེང་ཧྲི་ལུའུ།

ཕེང་ཧྲི་ལུའུ་ནི་སྤྱི་ལོ1916ལོར་ཧོ་ནན་ཞིང་ཆེན་ཝུའུ་ཡུས་རྫོང་དུ་སྐྱེས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཧྲའོ་ཅང་དང་དེ་སྔའི་རྒྱལ་སྲུང་ཚན་རིག་ལས་དོན་ཨུ་ཡོན་ལྷན་ཁང་གི་བློ་འདྲི་ས་བཅས་ཡིན། སྤྱི་ལོ1934ལོར་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པར་ཞུགས། སྤྱི་ལོ1935ལོར་བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་ལ་ཞུགས། སྤྱི་ལོ1936ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ2009ལོའི་ཟླ11པའི་ཚེས7ཉིན་པེ་ཅིང་དུ་ཚེ་ལས་འདས།

རིགས་དབྱེ།  

སྣང་སྟོན་ཟླ་བ་རྒྱལ་མཚན།

སྣང་སྟོན་ཟླ་བ་རྒྱལ་མཚན་ནི་ཡུལ་མདོ་སྨད་ཤར་ཁོག་ཏུ་ཡབ་སྣང་ཞིག་ནོར་བུ་དང་ཡུམ་ཁ་སློ་བཟའ་སྐྱུ་རིགས་མཚོ་གཉིས་ཀྱི་སྲས་སུ་མེ་འབྲུག་སྤྱི་ལོ1796ལོར་སྐུ་འཁྲུངས། སྐུ་འཁྲུངས་མ་ཐག་ནས་ཀ་ཁ་མ་བསླབ་པར་ཐོལ་ཤར་དུ་བརྗོད་པ་དང་འབྲི་ཀློག་ལ་སོགས་ལན་རེ་ཙམ་བསླབས་པས་མཁྱེན་པར་གྲགས། ཁུ་བོས་གཙོས་པའི་བླ་མ་དུ་མའི་དྲུང་ནས་མདོ་སྔགས་དབང་ལུང་མང་དུ་གསན། དེ་ནས་དབུས་གཙང་སྟོད་དུ་ཕེབས་ནས་སྨན་རི་དགོན་གྱི་གྲྭ་སར་བཞུགས། མཁན་ཆེན་བསོད་ནམས་བློ་གྲོས་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་བཞེས་མཚན་ལ་ཟླ་བ་རྒྱལ་མཚན་གསོལ། གཙང་རོ་འབྲས་ཡུལ་སྐྱེད་ཚལ་དུ་བྱོན་ནས་གཞུང་པོད་ཆེན་དྲུག་ལ་རིག་པས་བརྒལ་བརྟག་དང་བགྲོ་གླེང་དཔྱིས་ཕྱིན་པར་མཛད་ནས་དགུང་གྲངས་ཉེར་ལྔའི་ཐོག་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས། མཁན་ཆེན་བསོད་ནམས་བློ་གྲོས་ཀྱི་ལུང་བསྐུལ་ལྟར་ཤིང་རྟ་སྤྱི་ལོ1834ལོར་བོན་གྱི་གྲྭ་ས་འོག་མར་གྲགས་པའི་རུ་ལག་གཡུང་དྲུང་གླིང་དགོན་པ་ཕྱག་བཏབ།

རིགས་དབྱེ།  

ཉི་མ་བསྟན་འཛིན།

མཁན་ཆེན་ཉི་མ་བསྟན་འཛིན་ནི་ཡུལ་མདོ་སྨད་སྡེ་དགེ་ལྷ་ཐོག་གི་མངའ་ཁོངས་སུ་ཡབ་གཡུང་དྲུང་བཀྲ་ཤིས་དང་ཡུམ་རག་བཟའ་བསོད་དབངགཉིས་ཀྱི་སྲས་སུ་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ1813ལོར་སྐུ་འཁྲུངས། རིགས་རུས་ནི་ འོད་གསལ་ལྷ་ལས་ཆད་པའི་སྐམ་རིགས་ཀྱི་གདུང་དུ་གཏོགས། བྱིས་པའི་མཚན་ལ་ཁྲོ་བོ་འབུམ་ཞེས་གསོལ།

རིགས་དབྱེ།  

ཀུན་གྲོལ་གྲགས་པ།

ཀུན་གྲོལ་གྲགས་པ་ནི་ཡབ་སྨོན་རྒྱལ་ནམ་མཁའ་ལྷུན་གྲུབ་དང་ཡུམ་ཇོ་མོ་ཁམས་མོའི་སྲས་སུ་ལྕགས་འབྲུག་སྤྱི་ལོ 1700 ལོར་སྐུ་འཁྲུངས། མཚན་གཞན་ཞིག་ལ་སྨོན་རྒྱལ་འཇའ་ཚོན་སྙིང་པོ་ཞེས་ཟེར།

རིགས་དབྱེ།  

ཤར་རྫ་བཀྲ་ཤིས་རྒྱལ་མཚན།

ཤར་རྫ་བཀྲ་ཤིས་རྒྱལ་མཚན་ནི་བོད་རབ་བྱུང་བཅུ་བཞི་པའི་ས་ལུག་ལོ་སྟེ་སྤྱི་ལོ1859ལོར་མདོ་སྨད་དངུལ་རྫ་ཟལ་མོ་སྒང་གི་རིའི་རྒྱུད་རྫ་ཁོག་འབོད་པའི་ས་ཆར་ཆེན་པོ་ཧོར་གྱི་རིགས་རྒྱུད་ལས་བྱུང་བའི་ཡབ་བོན་གྱི་སྔགས་འཛིན་པ་དགེ་བསྙེན་བཀྲ་ཤིས་དགའ་དང་ཡུམ་རིགས་བཟང་པོ་ལེགས་གཉིས་ལས་སྐུ་བལྟམས། སྐྱེས་མིང་ལ་རྣམ་རྒྱལ་ཚེ་བརྟན་ཞེས་སུ་གསོལ།

རིགས་དབྱེ།  

དགེ་སློང་བསྟན་འཛིན་དབང་གྲགས།

དགེ་སློང་བསྟན་འཛིན་དབང་གྲགས་རིན་པོ་ཆེ་ནི་རབ་བྱུང་བཅོ་ལྔའི་ཆུ་ཁྱི་སྤྱི་ལོ1922ལོར་བྱང་ཕྱོགས་ཧོར་ཚོ་སོ་དགུའི་ནང་གསེས་ཧོར་ཡེ་ཐ་ཚོ་པའི་ནང་སྐུ་འཁྲུངས། དགུང་ལོ་ལྔ་ལ་སྤ་ཚང་དགོན་དུ་རབ་བྱུང་གི་སྡོམ་པ་བཞེས་ནས་བོན་གྱི་སྒོ་ལ་ཞུགས་ཏེ་རིག་པའི་གནས་ཀུན་ལ་སྦྱངས་པ་མཛད། དགུང་ལོ་བཅུ་དྲུག་ཐོག་ལ་མཚན་ཉིད་མཐར་ཕྱིན་ནས་དགེ་བཤེས་ཀྱི་མཚན་སྙན་བླངས་ནས་སྙན་པའི་གྲགས་པ་ཕྱོགས་བཞིར་ཁྱབ།

རིགས་དབྱེ།  

པད་མ་ཆོས་འཕེལ།

སྤྱི་ཁྱབ་སྟོང་དཔོན་དཀར་བརྗིད་པད་མ་ཆོས་འཕེལ་ནི། སྤྱི་ལོ1747ལོར་སྐྱེས། དགུང་ལོ་ཞེ་གཅིག་ཐོག་ནས་བཟུང་བརྒྱ་དཔོན་དང་སྟོང་དཔོན་འཁུར།

རིགས་དབྱེ།