ཨ་མྱེས་བལ་བོ་སྤུན་གསུམ།

ཨ་མྱེས་བལ་བོ་སྤུན་གསུམ་ནི་ཤར་བལ་བོའི་ཡུལ་ནས་འོང་བར་གྲགས་ལ། ཟི་ཁྲོན་བལ་བོའི་ས་ཆའི་ཡིན་པ་དང་ང་ཚོའི་མཚོ་སྔོན་གྱི་མི་ཡང་ལྷ་ས་ནས་ཁམས་དང་ཟི་ཁྲོན་བརྒྱུད་ནས་དར་རོ། །བལ་བོ་གསེར་མདོག་ཅན་ཆེ་བ་དགེ་བསྙེན་ཚུལ་བཟུང་བླ་མ་དང་འབྲིང་བ་རིག་འཛིན་ཆེན་པོ། ཆུང་བ་སྐྱེ་གཟི་སྐྱེམས་ཀྱི་དགྲ་ལྷ་ཅན། ཆེ་བ་དབུ་ལ་གསེར་ཞྭ་དང་ཕྱག་ཏུ་བུམ་པ་རྡོ་རྗེ་འཆི་འཕོ་བའི་སེམས་པས་རྟ་ངང་བ་དང་འབྲིང་འབྲོང་གཡག་ཆིབས་པ་ཕྱག་ཏུ་ཕུར་བུ་དང་ཐོད་པ་འཛིན་པ། ཆུང་བ་རྟ་སྔོན་ཆིབས་པ་གསེར་ཁྲབ་མནབས་པ་ཞིག་ཡིན།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

ཡུལ་སྐྱོང་ཆེན་པོ་ནོར་བུ་དགྲ་འདུལ་རྩལ།

ཡུལ་སྐྱོང་ཆེན་པོ་ནོར་བུ་དགྲ་འདུལ་རྩལ་འདིའི་གནས་རི་རྩི་གོར་ཐང་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ20ཙམ་གྱི་མཚམས་སུ་ཡོད་པའི་ཡུལ་སྐྱོང་ཆེན་པོ་ནོར་བུ་དགྲ་འདུལ་རྩལ་ཞེས་པའི་རྫ་རི་དེ་ཡིན། འདིའི་མཐོ་ཚད་ལ་མཚོ་ངོས་ལས་སྨི3300ཡོད། རིགས་དབྱེ། གཞི་བདག སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ། མཚོ་འཕགས། སྨི3300 གནས་ཡུལ། རྩི་གོར་ཐང་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཡོད།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

ཨ་མྱེས་བཙན་དམར།

ཨ་མྱེས་བཙན་དམར་འདིའི་གནས་རི་དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ30ཙམ་གྱི་རྨ་ཆུའི་འགྲམ་རྒྱུད། ཨ་ཚོགས་དགོན་པའི་གཡས་སུ་ས་དམར་གྱི་རི་ཞིག་ཡོད་པ་དེ་ཡིན། མཐོ་ཚད་ལ་མཚོ་ངོས་ལས་སྨི2580ཡས་མས་ཡོད། རིགས་དབྱེ། གཞི་བདག སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ། མཚོ་འཕགས། སྨི2580 གནས་ཡུལ། དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཡོད། ངོ་སྤྲོད། ཨ་མྱེས་བཙན་དམར་འདིའི་གནས་རི་དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ30ཙམ་གྱི་རྨ་ཆུའི་འགྲམ་རྒྱུད།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

བཅུད་པར་རྫ་རྒན།

བཅུད་པར་རྫ་རྒན་ནི་དབུ་ལ་གསེར་ཞྭ་དང་ཆིབས་པ་རྟ་མཆོག་ངང་བ་རྔོག་མ་སྔོན་པོ། སྐབས་འགར་སྟག་མོ་རུ་ཆིབས་དུས་ཡང་ཡོད། ཁོང་ནི་དཀར་ཕྱོགས་སྐྱོང་བའི་ལྷ་མཐུ་བོ་ཆེ་ཡིན་པ་དང་ས་བརྒྱད་པ་ཐོབ་པའི་གཞི་བདག་ཅིག་ཡིན། འབྲེལ་ཡོད་ངག་རྒྱུན། ངག་རྒྱུན་ཁག་དང་པོ། སྔོན་ཆད་ཞིག་ལ་བཅུད་པར་རྫ་རྒན་ལ་གངས་ཡོད་པར་བཤད་པ་དང་།  བླ་མ་དམ་པ་རྣམས་ཀྱི་གསུང་ལས་རྫ་རྒན་ཁོང་ལ་ཕྱི་མའི་སྐྱབས་གནས་ཡོད་གསུངས།  ཁ་དཔེར། བཅུད་པར་རྫ་རྒན་ཡ་འགང་ནས། །འབྲུ་ཡར་མོ་གཅིག་གིས་བཟའ་དགུ་སོས།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

ཝེ་ན་སི།

ཝེ་ན་སི་ལ་ཨ་ཧྥོ་ལོ་ཏེ་ཐི་ཡང་ཟེར། ཀེ་རེ་སིའི་ལྷ་སྒྲུང་ནང་གི་མཛེས་པའི་འདོད་པའི་ལྷ་མོ་ཡིན། ཨའོ་ལིན་ཕི་སིའི་གཙོ་ལྷ་བཅུ་གཉིས་གྲས་ཡིན། རོ་མའི་ལྷ་སྒྲུང་ལས་ཝེ་ན་སི་ཞེས་ཟེར། ཝེ་ན་སི་ནི་འདོད་པའི་ལྷ་རྐྱང་རྐྱང་མ་ཡིན་པར། མི་ཡུལ་གྱི་བརྩེ་དུང་བདག་འཛིན་བྱེད་མཁན་གྱི་ལྷ་ཡང་ཡིན། རྒྱ་ཡིག་གི་མིང་། 维纳斯 ཕྱི་ཡིག་གི་མིང་། Aphrodite མིང་གཞན། ཨ་ཧྥོ་ལོ་ཏེ་ཐི། མཚོན་དོན། བརྩེ་དུང་། ཁུངས། ཀེ་རེ་སིའི་ལྷ་སྒྲུང་། ངོ་སྤྲོད། ཝེ་ན་སི་ནི་ཀེ་རེ་སིའི་ལྷ་སྒྲུང་ནང་གི་འདོད་པའི་ལྷ་མོ་ཡིན་པ་དང་ཨ་ཧྥོ་ལོ་ཏེ་ཐི་ཡང་ཟེར།  ལྷ་མོ་དེ་ནི་ནུབ་ཕྱོགས་ཀྱི་རི་མོའི་བྲི་གཞི་ཁྱབ་ཆེ་བ་ཞིག་ཡིན།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

ཨ་མྱེས་ལྡོང་རི།

ཨ་མྱེས་ལྡོང་རི་འདིའི་གནས་རི་ནི་ཀ་རིང་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ5ཙམ་གྱི་མཚམས་ན་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3800ཙམ་ཡོད། རྒྱ་ཡིག་གི་མིང་། 阿尼东日 ལ་ཏིང་གི་མིང་། a myes gdong ri མིང་གཞན། ཨ་མྱེས་གདོང་རི། རིགས་དབྱེ། གཞི་བདག སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ། མཚོ་འཕགས། སྨི3800 གནས་ཡུལ། ཀ་རིང་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་ཡོད། ངོ་སྤྲོད། ཨ་མྱེས་ལྡོང་རི་འདིའི་གནས་རི་ནི་ཀ་རིང་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ5ཙམ་གྱི་མཚམས་ན་ཡོད།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

ཨ་མྱེས་གཟི་འབར།

ཨ་མྱེས་གཟི་འབར་འདིའི་གནས་རི་ནི་ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ28ཡི་མཚམས་ན་ཡོད། ལྷ་ཁང་ཐང་སྡེ་བའི་རྒྱབ་རི་ཡིན། རིགས་དབྱེ། གཞི་བདག སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ། མཚོ་འཕགས། སྨི2600 གནས་ཡུལ། ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་ཡོད། ངོ་སྤྲོད། ཨ་མྱེས་གཟི་འབར་འདིའི་གནས་རི་ནི་ལ་ཟེ་བ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ28ཡི་མཚམས་ན་ཡོད། ལྷ་ཁང་ཐང་སྡེ་བའི་རྒྱབ་རི་ཡིན། མཐོ་ཚད་ལ་མཚོ་ངོས་ལས་སྨི2600ཡས་མས་ཡོད།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

ཨ་མ་ཟོ་དགུ།

ཨ་མ་ཟོ་དགུར་དཔྱད་པ་ལ་དོའུ་ཐང་གསུམ་དང་ཁྲི་ཀའི་ལུང་ཁོག་གསུམ། མང་འབའ་བྱ་གསུམ་བྲག་དཀར་གྱི་རྫོང་བར་ཟོ་བ་དགུའི་ཚུལ་དུ་གནང་བས་དེ་ལྟར་ཐོགས་སོ། ། འབྲེལ་ཡོད་ངག་རྒྱུན། ངག་རྒྱུན་ཁག་དང་པོ། ཨ་མྱེས་བྲག་དཀར་གྱི་སྲིང་མོ་ཨ་མ་ཟོ་དགུ་ཡིན་ཞིང་ཁོ་མོས་ཨ་མྱེས་བྲག་དཀར་ལ་ཞུ་རྒྱུར།  ང་རང་རྒྱ་ཁོག་སྐམ་པོ་འདི་ནས་མགོ་སྐུས་ཞིག་ཀྱང་མེད་པས་གནས་འདིར་འདུག་རྒྱུ་དཀའ་ཟེར་བས་ཁྱེད་སྡོད་དང་བདག་གིས་དབྱར་གཞུང་དག་ལ་ཆར་བ་འབབ་པ་དང་སེར་བ་སོགས་ཐོན་པ་དང་དགུན་དཔྱིད་བཅས་ལ་ཁ་བ་འབབ་པ་སོགས་བྱེད་ངེས།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

དགེ་བསྙེན་ཕྱིང་དཀར་བ།

དགེ་བསྙེན་ཕྱིང་དཀར་བས་ཕྱིང་ཞྭ་མནབས་པ་དང་རྟ་མཆོག་དཀར་པོ་ཆིབས་སུ་བཅིབས། བོད་ལྭ་མནབས་ནས་སངས་རྒྱས་ཀྱི་བསྟན་པ་སྤེལ་ཕྱིར་གནས་འདིར་ཕེབས་པ་དང་། སྔོན་ཆད་མི་ཐམས་ཅད་ཀྱི་མཐོང་ལམ་དུ་འོང་བ་མ་ཟད་ཧོར་རན་སྐེ་ཐལ་མ་ནས་བླ་མ་བར་བཀག་པའི་དུས་དེར་དགེ་བསྙེན་ཆེན་པོ་སླེབས་ནས་བསྐོར་བརྒྱབ་པ་དང་། དེ་ནས་ཟོག་རྫི་ཀུན་གྱིས་མཐོང་བའི་བཤད་ཚུལ་མཆིས། འབྲེལ་ཡོད་ངག་རྒྱུན། ངག་རྒྱུན་ཁག་དང་པོ། དགེ་བསྙེན་ཕྱིང་དཀར་བས་ཕྱིང་ཞྭ་མནབས་པ་དང་རྟ་མཆོག་དཀར་པོ་ཆིབས་སུ་བཅིབས།  བོད་ལྭ་མནབས་ནས་སངས་རྒྱས་ཀྱི་བསྟན་པ་སྤེལ་ཕྱིར་གནས་འདིར་ཕེབས་པ་དང་།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

དགྲ་འདུལ་པདྨ་དབང་ལྡན།

དགྲ་འདུལ་པདྨ་དབང་ལྡན་ནི་བཅུད་པར་རྫ་རྒན་གྱི་འཁོར་ཞིག་གདན་དྲངས་པར་བཤད་ཅིང་། ཁོང་གི་བཅིབ་པ་རྟ་རག་རག་ཡིན། འབྲེལ་ཡོད་ངག་རྒྱུན། ངག་རྒྱུན་ཁག་དང་པོ། བན་སེར་ལ་ལབ་ཙེ་ཞིག་ཡོད་ཅིང་མཚན་ལ་དགྲ་འདུལ་པདྨ་དབང་ཕྱུག་ཟེར་ཞིང་།  བཀྲ་ཤིས་འདུས་རི་ནི་མེར་གན་དགོན་གྱི་གཤོང་བ་རྡོ་རྗེས་མཚན་བཏགས་པ་ཡིན་པ་དང་།  ཨ་ལགས་མ་ཎི་ཚང་གིས་དགྲ་འདུལ་པདྨ་དབང་ལྡན་གྱི་ཉེ་འཁོར་ཞིག་ནས་མིང་བཏགས་པ་ནི་ལབ་ཙེ་འདིའི་བློན་པོ་མཆོག་གྱུར་ཞིག་ཡིན་ཚོད་འདུག་ཀྱང་མཚན་མ་ངེས།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

ཨ་མྱེས་ཡུལ་ལྷ།

ཨ་མྱེས་ཡུལ་ལྷའི་གཟུངས་འཇུག་འབུལ་མཁན་ནི་ཧོར་ཀྱཱའི་སྐུ་ཕྱོགས་ཨ་ཀྱཱ་ཚང་ཡིན་པར་གསུངས་པ་དང་། ཨ་མྱེས་ཡུལ་ལྷ་ལ་སྐུ་རབས་བཅོ་བརྒྱད་ཡོད་པར་བཤད། འབྲེལ་ཡོད་ངག་རྒྱུན། ངག་རྒྱུན་ཁག་དང་པོ། ཁྲི་ཀའི་ཡུལ་ལྷའི་ཨ་ཞང་ནི་ཨ་མྱེས་རི་ལང་ཡིན་པ་དང་ཁོའི་བུ་མོ་ཡུལ་ལྷའི་བཙུན་མོ་ཡིན་པར་བཤད་པ་དང་དེ་ལ་རྒྱུ་མཚན་ཡོད་པ་སྟེ།  དབྱར་ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་ཁྲི་ཀའི་ལྷ་འཁུར་བར་འབྲེལ་བ་དམ་པོ་ཞིག་ཡོད།  དེང་སང་ཡུལ་ལྷའི་ལྷ་ཁང་དུ་ཨ་མྱེས་རི་ལང་གི་འབག་སྐུ་བཞེངས་ཡོད་པ་ལ་ལོ་རྒྱུས་མང་པོ་ཡོད་རུང་ད་སྔ་གསལ་བོ་ཞིག་མ་མཐོང་། ཁྲི་ཀའི་ཁྲེ་ཙེ་གསུམ་ནི་ས་འཛིན་གྱི་སྔ་བ་དང་སོ་སྔོན་གྱི་རི་མ།  རྟ་བདག་གི་ཕུར་བ་འདི་གསུམ་ཁྲི་ཀའི་སྔ་བའི་ས་འཛིན་མཁན་ཡིན།  ལྷ་འབབ་པའི་སྐབས་སུ་ཨ་ཞང་ཐོན་དགོས་པ་དང་དེ་མིན་ཨ་མྱེས་སྲིན་པོ་དང་བྲག་དཀར་སོགས་གཞི་བདག་ཐམས་ཅད་ཐོན་ན་བདག་ཡོང་ཟེར་བའང་ཡོད།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

རྒྱལ་ཆེན་ཤེལ་ཁྲབ།

འདི་ནི་བོན་གྱི་སྲུང་མ་ཞིག་ཡིན་ཞིང་སྔོན་གྱི་བསྐལ་པ་དང་པོ་ལ། སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་རི་རབ་རི་ཡི་རྩེ་མོ་རུ། དབལ་གསས་རྔམ་པར་སྤྲུལ་ནས་འཇིག་རྟེན་ཁམས་ཀྱི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དམ་ལ་བཏགས་ནས་སྲོག་སྙིང་ཕུལ་བའི་དུས་སུ། རྒྱལ་ཆེན་ཤེལ་ཁྲབ་ཅན་ནི་སྟོབས་ཆེ་ལ་རྩལ་དྲག་པ་ཞིག་ཡིན་པས། གཡུང་དྲུང་བོན་ཕྱི་ནང་གསང་གསུམ་གྱི་བསྟན་པ་སྲུང་བའི་དབང་བསྐུར་ཞིང༌། གསང་མཚན་ཤར་ཕྱོགས་རྒྱལ་པོ་ཤེལ་དཀར་འོད་དུ་གསོལ། ཁོངས་གཏོགས། བོན་སྐྱོང་སྲུང་མ། ངོ་སྤྲོད།  ཁུངས་བཙུན་པའི་ཕྱིར་སྔོན་བྱུང་ལོ་རྒྱུས་ཀྱི་ཁོག་དབུབ་སྟེ་འཆད་པ་ལ།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

བཙོད་ལུང་དམག་དཔོན།

བཙོད་ལུང་དམག་དཔོན་ནི་སྐབས་འགར་ཁྲབ་དང་སྤྱིར་བཏང་གི་ཝ་ཞྭ་སོགས་མནབས་པ་ཞིག་ཡིན། གཞི་བདག་འདི་ནི་དམག་དཔོན་གྱི་ཚུལ་དུ་མཐུ་ནུས་ཅན་ཞིག་ཡིན་ལ། རྟ་ངང་བ་ཞིག་ལ་བཅིབས་ཡོད་པ་དང་ཧ་ཅང་ལྷ་དྲག་རྩལ་ཅན་ཞིག་ཡིན། འབྲེལ་ཡོད་ངག་རྒྱུན། ངག་རྒྱུན་ཁག་དང་པོ། བཙོད་ལུང་དམག་དཔོན་ནི་གཞི་བདག་དྲག་རྩལ་ཅན་ཞིག་ཡིན་པ་དང་མི་ཕྱུགས་སོགས་ལ་ཁ་འཛིན་མགོན་སྐྱབས་བྱེད་བཞིན་ཡོད་ཅིང་།  ཡོངས་འཛིན་རིན་པོ་ཆེས་བསང་ཡིག་ཞིག་བརྩམས་ཡོད་པ་འདི་ཁ་འདོན་བྱས་ན་བསམ་དོན་ཡིད་བཞིན་འགྲུབ་པ་དང་བགེགས་ཐམས་ཅད་ཞི་བར་འགྱུར་ཞེས་གསུངས་ཡོད།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

ཨ་མྱེས་གོ་ར།

ཨ་མྱེས་གོ་ར་ནི་གཞི་བདག་ནག་ཕྱོགས་པ་ཞིག་ཡིན་ཞིང་ཁོང་རུ་འོང་ཞིག་ཡིན་སྟབས་གཞན་གྱི་རུ་འོང་ལ་བཟང་། བླ་མ་སེར་མོ་སླེབས་ན་ཆར་རླུང་ལ་སོགས་གཏོང་བར་བཤད། འབྲེལ་ཡོད་ངག་རྒྱུན། ངག་རྒྱུན་ཁག་དང་པོ། ཨ་མྱེས་གོ་ར་ནི་གཞི་བདག་ནག་ཕྱོགས་པ་ཞིག་ཡིན་ཞིང་ཁོང་རུ་འོང་ཞིག་ཡིན་སྟབས་གཞན་གྱི་རུ་འོང་ལ་བཟང་།  བླ་མ་སེར་མོ་སླེབས་ན་ཆར་རླུང་ལ་སོགས་གཏོང་བར་བཤད། སྤྱི་ལོ2011ལོར་གོ་རའི་ལབ་ཙེ་མེས་འཚིག་པས་ཨ་ལགས་སྤྱང་ཚེ་ཚང་གིས་གནས་བདག་འདི་སྔགས་པ་ཞིག་ཡིན།  ད་ལྟ་སླར་གསོ་བྱ་ཆེད་བདག་གི་སྐུ་མདུན་དུ་སླེབས་པ་ཡིན། ལབ་ཙེ་ཐོག་གིས་འཚིགས་རྗེས་ཁོང་ཚང་གི་སྐུ་མདུན་དུ་ཞོ་ཟོའུ་གང་ཁྱེར་ནས་ཕེབས་བྱུང་ཞེས་གསུངས།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

གཉན་ཆེན།

གཉན་གྱི་སྐྱེ་མཆོག་རྡོ་རྗེ་མཆོག་རབ་རྩལ་གྱི་མཚན་གཞན་ལ་གཉན་བྲང་བའང་ཟེར། འདིའི་གནས་རི་ནི་ཐང་ནག་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ25ཙམ་གྱི་མཚམས་ན་ཡོད། རྒྱ་ཡིག་གི་མིང་། 念乾 ལ་ཏིང་གི་མིང་། gnyan chen མཚན་གཞན། གཉན་བྲང་བ། རིགས་དབྱེ། གཞི་བདག སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཐང་ནག་ཡུལ་ཚོ། མཚོ་འཕགས། སྨི3469 གནས་ཡུལ། ཐང་ནག་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་ཡོད། ངོ་སྤྲོད། གཉན་གྱི་སྐྱེ་མཆོག་རྡོ་རྗེ་མཆོག་རབ་རྩལ་གྱི་མཚན་གཞན་ལ་གཉན་བྲང་བའང་ཟེར།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

འབའ་ཡི་མཐོན་པོ་བཅུ་གསུམ།

འབའ་ཡི་མཐོན་པོ་བཅུ་གསུམ་ནི། རྒྱལ་པོ་གོ་ཆེན། བློན་པོ་ལྷ་ཀྱཱ། བསུ་མའི་དམག་དཔོན། བ་ཡན་གཡུ་ཐོད། ངང་ཚང་གཡུ་སྒོང་། ཉིན་ཤུག་བྲག་དཀར། བསེ་ལུང་རྡོ་རྗེ། ཆུ་ནག་བེའུ་ངུར། དགེ་བསྙེན་རབ་གཟིགས། ལྷ་ཡི་ལྕམ་མོ། ཟ་ཁུ་དེའུ་ཟླ། ཝ་ལུང་རྫ་དམར། ཁེ་རབ་ཕག་ཆེན་དང་བཅས་འབའ་ཡི་མཐོན་པོ་བཅུ་གསུམ་མོ། ། འབྲེལ་ཡོད་ངག་རྒྱུན། བཅུད་པར་པར་མཐོན་པོ་བཅུ་གསུམ།  གཡས་ན་ཤ་བོའི་རྭ་མཁར་རྡུང་བ།  གཡོན་ན་རྣ་བའི་རྣ་མཁར་རྡུང་བ།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

ཨ་མྱེས་ཁྲ་ཆེན་རྡོ་རྗེ།

ཨ་མྱེས་ཁྲ་ཆེན་གྱི་ཕྱག་ཏུ་རྡོ་རྗེ་དང་ཆིབས་སུ་གཡག་ངང་སེར་ཡིན་ཞིང་གཞི་བདག་མཐུ་ནུས་ཅན་ཞིག་ཡིན་ལ། འདིའི་འཁོར་ཏུ་གཞི་བདག་ཆེ་ཆུང་མང་པོ་ཡོད་པ་ཡིན། འབྲེལ་ཡོད་ངག་རྒྱུན། ངག་རྒྱུན་ཁག་དང་པོ། ཁྲ་ཆེན་བསང་རི་ལ་ཚ་ནག་རྙིང་བའི་ཨུབ་རྒན་གནས་པས་ས་དེ་ན་བསང་ཁྲི་ཡོད།  ཁྲ་ཆེན་སུམ་རག་གི་བསང་ཁྲི་ལ་ཐང་ཐལ་ཀུ་དམར་གནས་ཡོད་སྟབས་ཐང་ཐལ་བསང་ཁྲི་ཟེར། ཉེ་རྡེའུ་ལ་ཚ་ནག་དཔོན་རྒན་གནས་ཡོད་ཅིང་དབུ་ཞྭ་ནུ་བཞི་ཞིག་མནབས་ཡོད་པ་དང་ཁོང་གི་གཏེར་སྒོ་མདུན་དུ་ཡོད།  འདིའི་མཚན་ལ་ཉེ་རྡེའུ་གྲོགས་ཡུལ་ཟེར།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

སྤོས་ལུང་དཔལ་གྱི་རྡོ་རྗེ།

སྤོས་ལུང་དཔལ་གྱི་རྡོ་རྗེ་ནི་སྔོན་ཆད་སྤྲུལ་སྐུ་ཞིག་ཡིན་ཞིང་། ཁོང་མདོ་རྩེ་བརྒྱུད་སྐབས་གཞོན་ནུ་ལང་ཚོ་དར་ལ་བབས་པ་རལ་བ་ཅན་སྐེ་ལ་མུ་མེན་མུ་ཏིག་གི་རྒྱན་ཆ་བཏགས་པ་ཞིག་རི་དེ་ལ་འཐིམ་པ་མཐོང་བས་དེ་ནི་མདོ་རྩེ་སྤོས་ལུང་དཔལ་རྡོར་ཡིན་པར་བཤད། འབྲེལ་ཡོད་ངག་རྒྱུན། ངག་རྒྱུན་ཁག་དང་པོ། ས་ཆ་འདིར་མདོ་རྩེ་སྤང་དབྱིབས་ཟེར་བ་ལ་དེང་སང་སྤོས་ལུང་ཞེས་བཏགས་ཡོད་པ་འདི་ལ་ཨ་ལགས་མཁན་པོ་ཆུང་བ་གནས་འདིར་བརྒྱུད་སྐབས་སྨྲ་ཁམས་ཀྱིས་ཞུས།  ཁོང་སྤོས་ལུང་ཉག་ཁར་ཐོན་མ་ཐག་སྨན་གྱི་དྲི་ཞིག་འཐུལ་ནས་འོང་།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

ཨ་མྱེས་རྨ་ཆེན།

ཨ་མྱེས་རྨ་ཆེན་ནི་བོད་ཀྱི་སྲིད་པ་ཆགས་པའི་ལྷ་དགུའི་ནང་གི་གཅིག་ཡིན་ཞིང་། ཨ་མྱེས་རྨ་ཆེན་གྱི་གངས་རི་འདི་ནི་སངས་རྒྱས་སྟོང་གི་བླ་རི་ཡིན་ཞིང་ས་བཅུ་བའང་ཐོབ་ཡོད། གནམ་གྱི་སྲས་ཡིན་ཟེར་བའི་བཤད་སྲོལ་ཡོད་ལ། རིགས་ལ་དབྱེ་ན་གསུམ་ཡོད་དེ། སེང་བཅིབས་དང་རྟ་བཅིབས། དཀྱིལ་ཀྲུང་གིས་བཞུགས་པ་སོགས་གསུམ་ཡོད། མང་ཆེ་བ་རྟར་བཅིབས་ནས་ཡོད་པ་དང་ཁོང་ལ་སྲས་དགུ་དང་སྲས་མོ་དགུ་ཡོད་ཅིང་། འཁོར་ལ་གཉེར་བ་བློན་པོ་མོ་བ་མཛོད་སོགས་ཡོད་ལ་རྨ་རྒྱལ་ཁོང་ནི་ཤར་ཕྱོགས་སྐྱོང་བའི་ལྷ་མཐུ་ཆེན་ཞིག་ཡིན། རྒྱ་ཡིག་གི་མིང་།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

མགར་གྲོང་ཨ་མྱེས་བསྟན་སྐྱོང་།

མགར་གྲོང་ཨ་མྱེས་བསྟན་སྐྱོང་གི་སྐུ་མདོག་དཀར་ལ་ཕྱག་གཡས་ཐོ་བ་དང་གཡོན་པ་སྐམ་པ་འཛིན་པ་དང་ཆིབས་སུ་གཡག་སེར་ཡིན། རྒྱ་ཡིག་གི་མིང་། 葛尔中阿尼丹君 ལ་ཏིང་གི་མིང་། mgar grong a myes bstan skyong རིགས་དབྱེ། གཞི་བདག སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ། མཚོ་འཕགས། སྨི3000 གནས་ཡུལ། འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་ན་ཡོད། ངོ་སྤྲོད། འདིའི་གནས་རི་ནི་འཕྲང་དམར་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་ཧ་ལམ་སྤྱི་ལེ7ཡི་མཚམས་ཏེ། བྲག་དམར་མདའ་བསྒྱིངས་ཀྱི་ཤར་ཕྱོགས་སུ་ཡོད།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

གཉན་སྤྲུལ་ཟླ་བ་ཆེན་པོ།

གཉན་སྤྲུལ་ཟླ་བ་ཆེན་པོ་འདིའི་གནས་རི་བྲག་དཀར་རྫོང་གི་དབུས་རྒྱུད་ནས་ལྷོ་ནུབ་ཕྱོགས་སུ་གཞོལ་བའི་སྤྱི་ལེ30ཙམ་གྱི་མཚམས་ཀྱི་བྲག་དཀར་སྤྲེལ་རྗོང་ན་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3300ཙམ་ཡོད། རིགས་དབྱེ། གཞི་བདག སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཐང་ནག་ཡུལ་ཚོ། མཚོ་འཕགས། སྨི3300 གནས་ཡུལ། བྲག་དཀར་རྫོང་གི་དབུས་རྒྱུད་ནས་ལྷོ་ནུབ་ཕྱོགས་སུ་གཞོལ་བའི་ཕྱོགས་སུ་ཡོད། ངོ་སྤྲོད། གཉན་སྤྲུལ་ཟླ་བ་ཆེན་པོ་འདིའི་གནས་རི་བྲག་དཀར་རྫོང་གི་དབུས་རྒྱུད་ནས་ལྷོ་ནུབ་ཕྱོགས་སུ་གཞོལ་བའི་སྤྱི་ལེ30ཙམ་གྱི་མཚམས་ཀྱི་བྲག་དཀར་སྤྲེལ་རྗོང་ན་ཡོད།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

ཨ་མྱེས་ཁུ་ཇོ།

ཨ་མྱེས་ཁུ་ཇོ་འདིའི་གནས་རི་ནི་དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ24ཙམ་གྱི་མཚམས་ན་ཡོད་པའི་ཁུ་ཇོ་རྫ་རྒན་ཞེས་པ་དེ་ཡིན་ཞིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4008ཡོད། རྒྱ་ཡིག་གི་མིང་། 阿尼克角 རིགས་དབྱེ། གཞི་བདག སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ། མཚོ་འཕགས། སྨི4008 གནས་ཡུལ། དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་ཡོད། ངོ་སྤྲོད། ཨ་མྱེས་ཁུ་ཇོ་འདིའི་གནས་རི་ནི་དཔལ་ཁ་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ24ཙམ་གྱི་མཚམས་ན་ཡོད་པའི་ཁུ་ཇོ་རྫ་རྒན་ཞེས་པ་དེ་ཡིན་ཞིང་།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

ཨ་མྱེས་སྟག་གདོང་།

གླང་ཆེན་སྟག་གདོང་ནི་སྟག་གསུམ་བན་བོན་གྱི་བླ་རི་ཡིན་པ་དང་གནའ་དུས་སྟོང་ཆེ་ཡིས་ལབ་ཙེ་བསྟོད་རབས་བཤད། འབྲེལ་ཡོད་ངག་རྒྱུན། ངག་རྒྱུན་ཁག་དང་པོ། གླང་ཆེན་སྟག་གདོང་ནི་བསང་ཡིག་ལས་སྲས་དང་བཙུན་མོ་ཡོད་པ་མ་ཟད་བོན་པོའི་ལྷ་ཞིག་ཡིན་ལ་སྔོན་ཆད་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་རིང་ཉིན་གཅིག་ལ་ལབ་ཙེ་བརྒྱ་དང་བརྒྱད་བསྟད་པ་དེའི་ནང་གི་གཅིག་ཡིན་ཟེར།  དང་པོ་ཞིག་ལ་གླང་ཆེན་གྱི་རྫ་རྒྱུད་ཀྱི་ཕྱོགས་སུ་མི་དང་བུད་མེད་ཁྱི་སོགས་འགྲོ་མི་རུང་བའི་རྒྱུ་མཚན་ནི་ཨ་ལགས་རྙེ་ཚང་ཕ་ཡུལ་མང་སྟོད་ལ་འགྲོ་སྐབས་སྟག་གདོང་ཉག་ཁར་བརྒྱུད་སྐབས་ཁོང་གི་ཇ་མ་ཐོག་གིས་བསད་པས་སྐུ་ཕྲེང་ཞོལ་མས་སྟག་གདོང་ལབ་ཙེ་མེ་ལ་བསྲེགས།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

ཨ་མ་ལྕམ།

ཨ་མ་ལྕམ་ནི་ཨ་མྱེས་བྲག་དཀར་གྱི་སྲིང་མོ་ཡིན་ཞིང་། མོ་ནི་ཀླུ་མོ་ཞིག་ཡིན། སྔོན་ཆད་ཞིག་ལ་ཨ་མྱེས་འབའ་ཙེ་ལ་བག་མར་བྱིན་ནས་རྗེས་སུ་འདུག་མ་འདོད་པར་ཕྱིར་འོང་སྐབས་ཨ་མྱེས་བལ་བོ་མདུན་དུ་ཆབ་གསང་ལ་བཞུགས་ཡོད་པ་མཐོང་བས་མོའི་ཁ་ཤར་ཕྱོགས་སུ་འཁོར་ནས་བསྡད། འབྲེལ་ཡོད་ངག་རྒྱུན། ངག་རྒྱུན་ཁག་དང་པོ། ཨ་མ་ལྕམ་ནི་བྲག་དཀར་གྱི་སྲིང་མོ་ཡིན་པ་དང་ཨ་མྱེས་འབའ་ཙེ་ལ་བག་མར་བྱིན། ཨ་མྱེས་འབའ་ཙེ་ཡི་ཞལ་ཅུང་མི་མཛེས་བ་ལ་དམིགས་ཏེ་འབུད་ཤིང་དང་ཕྱུགས་ཟོག་ལ་སོགས་མེད་པ་དང་ཐ་ན་དཀར་པོ་འོ་ཞོ་སོགས་ཡང་མེད་པ་སོགས་ཨ་མྱེས་བྲག་དཀར་ལ་ཞུས་ཚེ། 

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

ཨ་མྱེས་རྨ་ཆེན།

མདོ་སྨད་གཞི་བདག་གི་རྒྱལ་བོར་འབོད་པའི་ཨ་མྱེས་རྨ་ཆེན་ནི། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་རྫོང་གི་གངས་རི་ཡུལ་ཚོ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་གི་འབྲོང་འཐུས་ཡུལ་ཚོ་གཉིས་ཀྱི་བར་ན་ཡོད། རྒྱ་ཡིག་གི་མིང་། 阿尼玛卿 ལ་ཏིང་གི་མིང་། a myes rma chen རིགས་དབྱེ། གཞི་བདག སྲིད་འཛིན་ཁོངས་གཏོགས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་གངས་རི་ཡུལ་ཚོ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་གི་འབྲོང་འཐུས་ཡུལ་ཚོ།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

མ་གཅིག་སྲིད་པའི་རྒྱལ་མོ།

མ་གཅིག་སྲིད་པའི་རྒྱལ་མོ་ནི། མ་ཞེས་བྱ་བ་ཀུན་འབྱུང་ཡུམ་དང་གཅིག་ཞེས་བྱ་བ་ཉག་གཅིག་སེམས། སྲིད་ཅེས་བྱ་བ་སྣོད་བཅུད་གཞི་ཡིན་ཞིང་རྒྱལ་ཞེས་བྱ་བ་ཀུན་ལས་འཕགས་པ། མོ་ཞེས་བ་འབྱུང་བའི་གནས་ཞེས་པའི་དོན། གྲུབ་མཐའ། གཡུང་དྲུང་བོན། མིང་གཞན་ལ། མ་གཅིག་སྲིད་པའི་རྒྱལ་མོ་འགྲན་གྱི་ཟླ་མེད། ཁོངས་གཏོགས། བོན་གྱི་སྲུང་མ། ངོ་སྤྲོད།  མཁའ་ཀློང་གསང་བའི་མདོས་ཆེན་ལས། མ་གཅིག་སྲིད་པའི་རྒྱལ་མོ་ནི། ། མ་ཞེས་བྱ་བ་ཀུན་འབྱུང་ཡུམ།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

ཨ་མྱེས་དམག་དཔོན།

ཨ་མྱེས་དམག་དཔོན་ནི་རྨོག་གི་སྒང་ལ་གནས་ཡོད། དང་པོ་བཤད་ཚུལ་ལ་གླིང་གེ་སར་རྒྱལ་པོའི་རྨོག་ཞྭ་ཡིན་སྲོལ་ཞིག་འདུག་ཅིང་དེ་ལ་རྨོག་དཔོན་ཞེས་ཐོགས་པ་དང་ལབ་ཙེ་ཡང་བརྩིགས། རྟ་གྲོ་གྲོ་ལ་བཅིབས་པ་དང་ཕྱག་ཏུ་མདུང་ལྕགས་དཀྲིས་མ་ཅན་ཐོགས་པ་ཡིན། འབྲེལ་ཡོད་ངག་རྒྱུན། ངག་རྒྱུན་ཁག་དང་པོ། ཨ་མྱེས་དམག་དཔོན་ནི་རྨོག་གི་སྒང་ལ་གནས་ཡོད།  དང་པོ་བཤད་ཚུལ་ལ་གླིང་གེ་སར་རྒྱལ་པོའི་རྨོག་ཞྭ་ཡིན་སྲོལ་ཞིག་འདུག་ཅིང་དེ་ལ་རྨོག་དཔོན་ཞེས་ཐོགས་པ་དང་ལབ་ཙེ་ཡང་བརྩིགས། སྔགས་འཆང་སྨན་བླ་སྐྱབས་ཀྱི་རྨི་ལམ་དུ།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

འཛམ་སྔོན།

འདི་ནི་བོན་གྱི་སྲུང་མ་ཞིག་སྟེ། འདི་ལ་ཞི་བའི་དབང་དུ་བྱས་ན་དཀར་པོ་དང༌། རྒྱས་པའི་དབང་དུ་བྱས་ན་སྔོན་པོ། དབང་གི་དབང་དུ་བྱས་ན་སེར་པོ། དྲག་པོའི་དབང་དུ་བྱས་ན་ནག་པོ་ཞེས་ལྷ་བོན་ཡོངས་སུ་དག་པས་སྒྲུབ་ཐབས་བཞི་རུ་གསུངས་ཚུལ་འདུག གྲུབ་མཐའ། བོན་ཆོས། ཁོངས་གཏོགས། བོན་སྐྱོང་སྲུང་མ། གཟུགས་བྱད། ཞལ་གཅིག་ཕྱག་གཉིས སྐུ་མདོག མཐིང་སྔོན་ནམ་མཁའི་གཟི་མདངས། ངོ་སྤྲོད།  བདག་ཅག་གི་སྟོན་པས་སྔོན་བསགས་བསོད་ནམས་ཕུང་པོའི་དཔལ་ལས་རྒྱལ་བསྟན་རིན་པོ་ཆེ་ཞབས་ནས་འདེགས་པའི་ཆ་རྐྱེན་དུ། གསས་མཁར་ཤམ་པོ་ལྷ་རྩེའི་བྱང་ཕྱོགས་སུ་དམུ་རྒྱལ་གཤེན་གྱི་དཀོར་མཛོད་ལ་དབང་བསྒྱུར་ཞིང་རང་འབྱུང་རྫུས་སྐྱེས་ཀྱི་ཚུལ་དུ་བཞུགས་པའོ།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

ཨ་མྱེས་རྒོད་རྩེ།

ཨ་མྱེས་རྒོད་རྩེ་འདིའི་གནས་རི་ཀ་རིང་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ3ཙམ་གྱི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4489ཡོད། རྒྱ་ཡིག་གི་མིང་། 阿尼果什则 ལ་ཏིང་གི་མིང་། a myes rgod rtse རིགས་དབྱེ། གཞི་བདག སྲིད་འཛིན་ཁོངས་གཏོགས། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ། མཚོ་འཕགས། སྨི4489 གནས་ཡུལ། ཀ་རིང་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་ཡོད། ངོ་སྤྲོད། ཨ་མྱེས་རྒོད་རྩེ་འདིའི་གནས་རི་ནི་ཀ་རིང་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ3ཙམ་གྱི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4489ཡོད།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།

ཀྱཱ་ཚང་དཔའ་བོ་དགྲ་འཇོམས།

སྔོན་ཆད་ཡིན་ན་ཀྱཱ་ཚང་ནི་དགུང་ལོ་རྒན་པ་ཞིག་དང་འགྲམ་སྤུ་སོགས་ཡོད། དེང་དུས་སྐུ་མདོག་སེར་པོ་ཡིན་པ་མ་ཟད་གཞོན་པ་ཞིག་གི་ཚུལ་བཟུང་བར་འདུག སྔོན་ཆད་ཕྱག་གཡས་དུང་དང་གཡོན་པ་ནོར་བུ་དང་ཕྲེང་བ། དེང་དུས་ཀྱི་ཨ་མྱེས་ལ་ཕྱག་གཉིས་ཀར་ནོར་བུ་བསྣམས་པ་ཡིན། འབྲེལ་ཡོད་ངག་རྒྱུན། ངག་རྒྱུན་ཁག་དང་པོ། ཀྱཱ་ཚང་དཔའ་བོ་དགྲ་འཇོམས་ཟེར་དོན་ནི་སྔོན་ཆད་དབུས་ཀྱི་གྲྭ་བའི་སྐྱེས་པ་བླངས་ནས་དབུས་ཀྱི་ཆོས་མཛོད་རྒྱ་ར་ཟེར་བའི་གྲྭ་བ་སྟོང་ཕྲག་གཉིས་ཀྱི་དབུ་མཛད་པར་བཤད།  དེ་ནས་ཚེ་མཐར་ཕྱིན་ནས་དབུས་ལམ་ནས་འབྲོང་རི་དམར་གྱི་སྐྱེ་བ་བླངས་ཏེ་རྒྱ་ལྡང་རྣི་ལི་ཟེར་བར་སྐྱེས།

རིགས་དབྱེ།   མི་སྣ། རྟོག་བཟོའི་མི་སྣ།