ཡོངས་འཛིན་རིག་མཛོད། >མི་སྣ། >ལོ་རྒྱུས་མི་སྣ། >མཛངས་མི།

ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་།

ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ནི་ཇོ་བོ་རྗེའི་སློབ་མའི་གཙོ་བོ་ཁུ་རྔོག་འབྲོམ་གསུམ་གྱི་ནང་གསེས་མཚན་གཞན་དགེ་བཤེས་ཁུ་ཆེན་པོ་ཡང་ཟེར། ལྕགས་མོ་ཕག་ལ་སྐུ་འཁྲུངས་ཏེ་ནག་ཚོ་དང་འཁྲུངས་ལོ་གཅིག ཕྱིས་སུ་རྔོག་ལེགས་པའི་ཤེས་རབ་དང་འབྲེ་ཤེས་རབ་འབར་གཉིས་དང་ལྷན་བར་ཁམས་ལྡན་ཀློང་ཐང་དུ་བྱོན་ནས་བླ་མ་སེ་བཙུན་གྱི་སློབ་མར་མཛད་དེ་ཆོས་མང་དུ་གསན། མཁས་པ་ཆེན་པོར་གྱུར་ནས་སློབ་མའི་སྡེ་མང་དུ་འཕེལ།

རིགས་དབྱེ།  

ཐང་སྟོང་རྒྱལ་བོ།

ཐང་སྟོང་རྒྱལ་བོའམ་བརྩོན་འགྲུས་བཟང་བོ་ནི་བོད་ཀྱི་ལོ་རྒྱུས་སྟེང་ཆེས་མཚན་སྙན་ཡོད་པའི་མི་སྣ་ཞིག་སྟེ། ཁོས་བོད་ཀྱི་བཟོ་ལས་འཛུགས་སྐྲུན་ལ་སྦྱངས་པ་བླ་ན་མེད་པ་མཛད་དེ། ལྕགས་ཀྱི་གཏེར་ཁ་འདོན་པ་དང་། ཆུ་བོ་ཆེན་པོ་དག་ལ་ལྕགས་ཟམ་བཙུགས་པ་སོགས་སྐུ་ཚེ་གཅིག་རིང་དམངས་ཕན་གྱི་ལས་མཐའ་ཡས་པ་མཛད་དོ། །

རིགས་དབྱེ།  

དུང་དཀར་བློ་བཟང་འཕྲིན་ལས།

དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་ཇོ་མོ་ཤང་དུ་སྐུ་འཁྲུངས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་ཇོ་མོ་རྫོང་བཀྲ་ཤིས་ཆོས་འཁོར་གླིང་དགོན་གྱི་དུང་དཀར་སྤྲུལ་སྐུ་སྐུ་ཕྲེང་བདུན་པའི་ཡང་སྲིད་དུ་ངོས་འཛིན་མཛད། འདུལ་འཛིན་པ་ངག་དབང་ཡོན་ཏན་ཀློག་གི་སློབ་དཔོན་ལ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔའི་རྩ་བ་དང་དགོན་པའི་ཚོགས་འདོན་ཐུགས་འཛིན་གནང་། སེར་སྨད་གྲྭ་ཚང་དུ་གཞུང་བཀའ་པོད་ལྔ་ལ་སློབ་གཉེར་མཛད། ལྷ་ལྡན་སྨོན་ལམ་ཆེན་མོའི་ལྷ་རམས་དགེ་བཤེས་མཚན་རྟགས་བཞེས་པ་སོགས་མདོ་སྔགས་ཀུན་ལ་མཁས་པ་ཕུལ་དུ་ཕྱིན་པར་གྱུར། ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་སྐད་ཡིག་ཚན་ཁག་གི་བོད་ཡིག་ཞིབ་འཇུག་འཛིན་གྲྭའི་དགེ་རྒན་གྱི་ཐུགས་འགན་བཞེས་པ་སོགས་ལས་ཞོར་དུ་བརྩམས་ཆོས་མང་དུ་མཛད།

རིགས་དབྱེ།  

བློ་བཟང་རྡོ་རྗེ།

བློ་བཟང་རྡོ་རྗེ་མཆོག་ནི་བོད་ལྗོངས་ལྷོ་ཁ་སྣ་དཀར་རྩེ་རྫོང་ཁོངས་སུ་འཁྲུངས་ཤིང་། སྐུ་ན་ཕྲ་མོའི་དུས་ནས་ཟློས་གར་སྒྱུ་རྩལ་ལ་དུང་ཟབ་པ་དང་། ཕྱིས་ཏཱ་ལའི་ཟློས་གར་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། འགྲོ་བ་བཟང་མོ་ཞེས་པའི་ནང་གི་གཟེ་མ་ར་མགོ་འཁྲབ་སྟོན་མཛད་པར་དམིགས་བསལ་གྱི་ཁྱད་ཆོས་མངའ་པས། གཙང་མོ་རྒྱའུ་ཞེས་པའི་མཚན་ཐོགས་ཤིང་སྐད་གྲགས་ཆེན་པོར་གྱུར། རིག་གནས་སྒྱུ་རྩལ་ཐད་བོད་ཀྱི་རྒྱུན་སྲོལ་ལྷ་མོ་གཟུགས་ཀྱི་ཉི་མ་ལ་རོལ་དབྱངས་སྡེབ་སྦྱོར་གྱི་བཅོས་སྒྲིག་གནང་བ་སོགས་མཛད་རྗེས་ཧ་ཅང་ཆེའོ། །

རིགས་དབྱེ།  

ཞང་སྟོན་བསྟན་པ་རྒྱ་མཚོ།

ཞང་སྟོན་བསྟན་པ་རྒྱ་མཚོ་མཆོག་ནི་དགུང་ལོ་ཕྲ་མོའི་དུས་ནས་མདོ་སྔགས་གཞུང་ལུགས་ཆེ་ཕྲ་མཐའ་དག་གསན་སྦྱོང་མཛད་དེ་བསྟན་པའི་མཛེས་རྒྱན་དུ་གྱུར་བ་ཞིག་ཡིན་ལ། འཆད་རྩོད་རྩོམ་གསུམ་ལས་རྩོམ་པའི་ཕྱོགས་ལ་འགྲན་ཟླ་དང་བྲལ་བ་ཞིག་སྟེ། བརྗོད་བྱ་ཟབ་ཅིང་གོ་བདེ་བ། རྗོད་བྱེད་སྙན་ཞིང་འཇེབས་པ། ཁ་གསལ་ཞིང་དོན་གྱི་གནད་འདུ་བའི་ཁྱད་ཆོས་དང་ལྡན་པས། ཀུན་གྱིས་སྔགས་བརྗོད་ཀྱི་མེ་ཏོག་གཏོར་བའི་གནས་སུ་ལགས་སོ། །

རིགས་དབྱེ།  

སྤྱན་སྔ་ཚུལ་ཁྲིམས་འབར།

སྤྱན་སྔ་ཚུལ་ཁྲིམས་འབར་ནི་འཕན་པོ་ཉན་སྣ་ར་སྒང་དུ་སྐུ་འཁྲུངས། ཁོང་སྔོན་གོམས་ཀྱི་བག་ཆགས་བཟང་བོ་ཐུགས་ལ་མངའ་མཛད་པ་ཞིག་ཡིན་པས་བྱིས་པའི་དུས་ནས་སྟོང་པ་ཉིད་ལ་ངེས་པ་སྐྱེས་ཤིང་། ཐུགས་རབ་ཤིན་ཏུ་ཆེ་བ་ཞིག་ཡིན། སྟོད་ལུངས་པ་ཆེན་པོ་སོགས་སློབ་མའི་སྡེ་མང་དུ་ཡོད་དོ། །

རིགས་དབྱེ།  

ཙནྡྲ་གོ་མི།

སློབ་དཔོན་ཙནྡྲ་གོ་མི་ནི་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་དབང་བོ་མཆོག་ཏུ་གྱུར་བ་ཞིག་སྟེ། ཆུང་ངུའི་དུས་ནས་རིག་པས་ཀློང་རྡོལ་ཞིང་། ཆོས་མདོ་སྔགས་གཞུང་ཆེན་ཡོད་ཚད་རང་ཆགས་སུ་ཐུགས་ལ་ཆུད་པ་དང་། ལྷག་པར་དུ་འཕགས་ཡུལ་གྱི་སྒྲའི་གཞུང་ཆེན་བཅུའི་ཡ་གྱལ་བྱཱ་ཀ་ར་ཎཱ་ཙནྡྲ་བ་ཁོང་གིས་བརྩམས། ཕྱི་རོལ་མུ་སྟེགས་པའི་སློབ་དཔོན་དུ་མ་ནང་བའི་ཆོས་སྒོར་བཅུག་པ་སོགས་ཕྱག་རྗེས་བླ་ན་མེད་པ་ཞིག་ཡིན་ནོ། །

རིགས་དབྱེ།  

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།

ཁོང་ནི་རབ་བྱུང་བཅུ་བཞི་པའི་ནང་དུ་བྱོན་ཞིང་། མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་པད་མ་ལྷ་རྩེའི་མདུན་རོལ་རོང་རྒྱབ་སྦས་པའི་ཡུལ་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་གྲུབ་མཐའ་རིས་མེད་ཀྱི་བླ་མ་དགེ་བའི་བཤེས་གཉེན་ལྔ་བཅུ་ལྷག་ཙམ་བསྟེན་ནས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཆོས་བརྒྱུད་བོད་ཡུལ་དུ་ཡོད་པ་ཡོངས་རྫོགས་གསན་བཞེས་མཛད། གསུང་རྩོམ་ལ་མཛོད་ཆེན་ལྔ་དང༌། དེ་འབྲེལ་སྨན་དང་གཏམ་ཚོགས་གཏེར་ནས་བཏོན་པ། གསུང་ཐོར་བུ་སྣ་ཚོགས་བཅས་པོ་ཏི་བརྒྱ་ལ་ཉེ་བ་ཞིག་མཛད།

རིགས་དབྱེ།  

གཙང་སྨྱོན་ཧེ་རུ་ཀ

ཁོང་ནི་རབ་བྱུང་བརྒྱད་པའི་ནང་དུ་བྱོན་ལ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་ཡིན། རབ་ཏུ་བྱུང་སྟེ་སློབ་གཉེར་མཛད་ཅིང་། རྗེ་བཙུན་ཤ་ཧ་རབ་འབྱམས་པ་སངས་རྒྱས་སེང་གེ་སོགས་ཀྱི་མདུན་ནས་བཀའ་བརྒྱུད་ཀྱི་ཆོས་སྐོར་ཡོངས་སུ་རྫོགས་པ་གསན་ཏེ། ཙ་རི་སོགས་གནས་ངེས་མེད་དུ་ཕེབས་ནས་སྒྲུབ་པ་ཉམས་ལེན་མཛད་དེ་སྐུ་ཚེ་མཐའ་འཁྱོལ་བ་གནང་ངོ་། །

རིགས་དབྱེ།  

བྱང་བདག་རྣམ་རྒྱལ་གྲགས་བཟང་།

ཁོང་ནི་རབ་བྱུང་བཅུ་བདུན་པའི་ནང་དུ་བྱོན་ཞིང་། སྐུ་ན་ཆུང་དུས་ནས་བློ་གྲོས་ཤིན་ཏུ་ཆེ་བར་གྲགས། བོ་དོང་ཕྱོགས་ལས་རྣམ་རྒྱལ་སོགས་མཁས་གྲུབ་དུ་མ་བསྟེན་ནས་རིག་པའི་གནས་མཐའ་དག་ལ་མཁྱེན་རྒྱ་ཡངས་ཤིང་ལྷག་པར་དུ་གསོ་རིག་རྒྱུད་བཞི་རང་གི་ལག་ལེན་དང་སྦྲགས་ནས་བཅོས་ཐབས་དང་དེའི་སྐོར་གྱི་གཞུང་ལུགས་ཀྱང་མང་དུ་མཛད།

རིགས་དབྱེ།  

ཚེ་ཏན་ཞབས་དྲུང༌།

ཁོང་ནི་རབ་བྱུང་བཅོ་ལྔ་བའི་ནང་དུ་བྱོན་ཞིང་། སྐུ་ན་ཆུང་དུས་སུ་རྗེ་ཞྭ་དམར་པཎྜི་ཏས་ཚེ་ཏན་ཞབས་དྲུང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། རྗེ་གསེར་རིའི་མ་ཎི་པཎྜི་ཏ་སྐུ་ཕྲེང་ལྔ་པ་ལས་རབ་ཏུ་བྱུང་། རྗེ་ངག་དབང་ཆོས་འཛིན་དཔལ་བཟང་པོ་དང་ཡོངས་འཛིན་བློ་བཟང་དཔལ་ལྡན་སོགས་བསྟེན་ནས་མདོ་སྔགས་རིགས་གནས་ཀུན་ལ་མཁས་པར་སྦྱངས། ཁོང་གིས་རྒྱལ་བསྟན་སྤྱི་དང་ལྷག་པར་བོད་ཀྱི་རིགས་གཞུང་འཕེལ་རྒྱས་ཀྱི་ཕྱིར་དུ་སྤྱི་ཚོགས་སློབ་གྲྭ་གང་མང་དུ་ཕེབས་ནས་ཕྱག་ལས་གནང་བ་མ་ཟད། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་སོགས་ཀྱི་འགན་བཞེས་ཏེ་མི་རིགས་དང་ཆོས་ལུགས་ཀྱི་བྱ་བའི་དོན་མཐའ་ཡས་པ་མཛད་ཅིང་ཞོར་དུ་བསྟན་འགྲོ་ཀུན་ལ་ཕན་པའི་གསུང་རྩོམ་ཀྱང་མང་དུ་མཛད་ཡོད་དོ། །

རིགས་དབྱེ།  

འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

མཁས་པའི་དབང་པོ་འདི་ཉིད་རབ་བྱུང་བཅུ་བཞི་པའི་ནང་དུ་བྱོན་ཞིང་། མཁྱེན་རབ་ཤིན་ཏུ་ཆེ་བས་སྐུ་ན་ཆུང་དུས་ནས་རིག་པའི་གནས་ལ་སྦྱངས་བ་མཛད། ཕྱིས་སུ་རིག་པའི་གནས་མཐའ་དག་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ་མཁས་པའི་ཡང་རྩེར་སོན་ཞིང་། སྒྲ་ཚད་སྨན་རྩིས་སོགས་ཐུན་མོང་རིག་གནས་ཀྱི་སྐོར་དང་། མདོ་རྒྱུད་ཀྱི་གཞུང་འགྲེལ་སོགས་ནང་དོན་རིག་པའི་སྐོར་སོགས་བསྟན་འགྲོ་ལ་ཕན་པའི་གསུང་རྩོམ་ཡང་པོ་ཏི་སུམ་ཅུ་ལྷག་མཛད་པ་མ་ཟད་སློབ་བུ་མཁས་པ་མང་དུ་བྱོན་ནོ། །

རིགས་དབྱེ།  

རྡོ་རྗེ་རྒྱལ་པོ།

ཁོང་ནི་རབ་བྱུང་བཅོ་ལྔ་པའི་ནང་དུ་བྱོན་ཞིང་། ཆུང་དུས་ནས་བཀྲ་ཤིས་ལྷུན་པོ་སོགས་སུ་ཕེབས་ཏེ་སློབ་གཉེར་མཛད། པཎ་ཆེན་རིན་པོ་ཆེའི་དྲུག་ཡིག་ཀྱང་བྱས། ཕྱིས་སུ་ལྷ་སར་ཕེབས་ཏེ་དགེ་རྒན་གྱི་ཕྱག་ལས་གནང་། པེ་ཅིང་དང་ཁྲིན་ཏུའུ་སོགས་སུ་ཕེབས་ནས་དེང་རབས་བོད་ཀྱི་ཤེས་རིག་སྤྱི་དང་ལྷག་པར་དཔེ་སྐྲུན་གྱི་བྱ་བར་མཛད་རྗེས་མི་དམན་པ་བཞག་ཡོད་པའི་མཁས་དབང་ཞིག་ཡིན་ནོ། །

རིགས་དབྱེ།  

དངུལ་ཆུ་ངྷརྨ་བྷ་དྲ།

དངུལ་ཆུ་ངྷརྨ་བྷ་དྲའམ་བླ་མ་ཆོས་བཟང་ནི་ཁྱིམ་ཚང་དབུལ་བོ་ཞིག་ནས་འཁྲུངས་པས་སློབ་སྦྱོང་གི་མཐུན་རྐྱེན་སོགས་ཧ་ཅང་དཀོན་ན་ཡང་ཇི་མི་སྙམ་པར་སྦྱོང་བརྩོན་གྱི་ལས་ལ་རྒྱུན་འཁྱོངས་མཛད་པས་མཐར་མཁས་པ་ཆེན་པོར་གྱུར་ཏེ། མཁས་གྲུབ་གཉིས་ལྡན་གྱི་སློབ་མ་མང་དུ་བྱུང་བ་དང་བཀའ་ཆོས་ཀྱང་མང་པོ་མཛད་པ་མ་ཟད། དངུལ་ཆུའི་རི་ཁྲོད་དུ་བཞུགས་ནས་སྒྲུབ་པ་ཉམས་ལེན་གྱིས་སྐུ་ཚེའི་མཐའ་འཁྱོལ་བར་མཛད།

རིགས་དབྱེ།  

དཔའ་བོ་གཙུག་ལག་ཕྲེང་བ།

དཔའ་བོ་གཙུག་ལག་ཕྲེང་བ་ནི་རབ་བྱུང་བརྒྱད་པའི་ཤིང་བྱི་ལོར་འཁྲུངས་ཤིང་། ཞྭ་ནག་པ་སྐུ་ཕྲེང་གསུམ་པ་མི་བསྐྱོད་རྡོ་རྗེའི་སློབ་མ་ཡིན། ཁོང་གིས་ལྷོ་བྲག་ལྷ་ལུང་གི་གདན་ས་བསྐྱངས། སྤྱོད་འཇུག་འགྲེལ་ཆེན་དང་། རྩིས་ཀྱི་བསྟན་བཅོས། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་མང་དུ་བརྩམས། རབ་བྱུང་དགུ་བའི་མེ་སྟག་ལོར་འདས།

རིགས་དབྱེ།  

ཞང་ཞུང་ཆོས་དབང་གྲགས་པ།

ཞང་ཞུང་ཆོས་དབང་གྲགས་པ་ནི་རབ་བྱུང་བདུན་པའི་ནང་དུ་བྱོན་པའི་བོད་ཀྱི་མཁས་པ་ཆེན་པོ་ཞིག་ཡིན་ཏེ། སྐུ་ན་ཆུང་དུས་ནས་རབ་ཏུ་བྱུང་སྟེ་རྗེ་ཡབ་སྲས་གསུམ་སོགས་སྐྱེས་ཆེན་དམ་པ་མང་པོའི་ཞབས་ལ་གཏུགས་ནས་རིག་པའི་གནས་མཐའ་དག་ལ་ནང་བྱན་ཆུད་པར་སྦྱངས། ལྷག་པར་ཏུ་རཱ་མ་ཎའི་རྟོགས་བརྗོད་སོགས་བསྟན་བཅོས་མང་པོ་མཛད་ནས་དགའ་ལྡན་པའི་སྙན་པའི་ཅོད་པན་གཟེངས་སུ་བཏེགས།

རིགས་དབྱེ།  

ཐང་སྟོང་རྒྱལ་པོ།

རབ་བྱུང་དྲུག་པའི་ལྕགས་མོ་གླང་སྟེ་སྤྱི་ལོ1361ལོར་གཙང་ལ་སྟོད་གཡས་རུ་བྱང་མའི་ཆབ་འོག་འོ་བ་ལྷ་རྩེ་རིན་ཆེན་སྡིངས(ངམ་རིང་རྫོང་ཁོངས་མདོ་སྤེ་ཆུས)ལ་ཞིང་བའི་ཁྱིམ་ཚང་ཞིག་ཏུ་སྐུ་བལྟམས། སྤྱི་ལོ1430ལོར་ཐང་སྟོང་རྒྱལ་པོ་བརྩོན་འགྲུས་བཟང་པོས་བཟོ་བཀོད་བྱས་པའི་ལྕགས་ཐག་གི་ཟམ་པ་དང་པོ་དེ་སྐྱིད་ཆུའི་ལྷ་གདོང་ཤན་ཁར་བཙུགས་པ་རེད། དེའི་རྗེས་སུ་ཁོང་གི་བོད་ཡུལ་གྱི་ཆུ་ཆེན་ཡར་ཀླུང་གཙང་པོ་དང་འབྲི་ཆུ་རྫ་ཆུ་ཉང་ཆུ་ལ་སོགས་དྲག་ཏུ་འབབ་པའི་ཆུ་བུའི་ཐོག་ཏུ་ལྕགས་ཐག་གི་ཟམ་པ58ཤིང་ཟམ60ལ་སོགས་པ་བསྐྲུན་ཏེ་རང་ཉིད་ཀྱི་ཆུང་དུས་དམ་བཅའ་མངོན་གྱུར་བྱས་པ་རེད།

རིགས་དབྱེ།  

ཁུང་ཙི།

ཁུང་ཙི(སྔོན་གྱི551ལོ་ནས་སྔོན་གྱི479ལོ)ཡི་མིང་ལ་ཆུའུ་ཟེར་ཞིང་ཁྲུན་ཆིའུ་དུས་སྐབས་སུ་ལུའུ་རྒྱལ་ཕྲན་གྱི་མི་ཡིན་ལ་ཆུང་དུས་ཕ་ཚེ་ལས་འདས་པས་ཨ་མས་བསྐྱངས། ཆུང་དུས་ནས་རིག་གནས་སློབ་པར་དགའ་ཞིང་བརྩི་བཀུར་ཅན་ཞིག་ཡིན།

རིགས་དབྱེ།  

ཆུས་ཡོན།

ཆུས་ཡོན་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་རླབས་ཆེ་བའི་སྙན་ངག་པ་དང་པོ་དེ་ཡིན་ལ། ཀྲུང་གོའི་འཆར་ཡན་རིང་ལུགས་རྩོམ་རིག་གི་ཤིང་རྟའི་སྲོལ་འབྱེད་པའང་ཡིན།

རིགས་དབྱེ།  

ཐའོ་ཡོན་མིང་།

ཐའོ་ཡོན་མིང་ནི་ཅིན་སུང་དུས་རབས་ཀྱི་སྙན་ངག་པ་དང་བཅད་ལྷུག་སྤེལ་མ་མཁས་ཅན། ལྷུག་རྩོམ་མཁས་ཅན་བཅས་ཡིན།

རིགས་དབྱེ།  

ཚའོ་མི་གསུམ།

ཚའོ་མི་གསུམ་ཞེས་པ་ནི་ཚའོ་ཚའོ(曹操)དང་ཚའོ་ཕི(曹丕) ཚའོ་ཀྲི(曹植)བཅས་ཕ་བུ་གསུམ་ལ་ཟེར།

རིགས་དབྱེ།  

སི་མ་ཞང་རུའུ།

སི་མ་ཞང་རུའུ་ནི་ཧན་རྒྱལ་རབས་ནུབ་མའི་དུས་ཀྱི་རྩོམ་རིག་མཁས་པ་ཞིག་ཡིན།

རིགས་དབྱེ།  

ཐོན་མི་སམ་བྷོ་ཊ།

སློབ་དཔོན་ཐོན་མི་སམ་བྷོ་ཊ་ནི་སྤྱི་ལོ619ལོའི་དབྱར་ཁའི་མཚན་མོ་ཞིག་ལ། ཡུལ་ལྷོ་ཁ་གཉལ་ནང་ཞེས་པའི་ཡུལ་གྲུ་དེ་རུ་ཡབ་གཉལ་བ་སྣང་གྲགས་དང་ཡུམ་གནུབས་བཟའ་གཉིས་སུ་སྲས་སུ་བཀྲ་ཤིས་པའི་མཚན་མ་དང་བཅས་ཏེ་སྐུ་འཁྲུངས་ཤིང་། རིམ་བཞིན་ནར་སོན་ཚེ་བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་དུ་བསྐོས་པ་དང་། སྤྱི་ལོ633ལོར། ཐོན་མི་འཁོར་དང་བཅས་པ་ལྷོ་ཕྱོགས་རྒྱ་གར་དུ་འབྱོར་ཞིང་། རྒྱ་གར་ལྷོ་ཕྱོགས་ཀྱི་མཁས་པོ་ཆེན་པོ་བྲམ་ཟེ་ལི་བྱིན་སློབ་དཔོན་དུ་བསྟེན་ཏེ་ཡིག་རིགས་དུ་མ་ལ་མཁས་པར་སྦྱངས་པ་མ་ཟད། པཎྚི་ཏ་ལྷ་རིགས་པའི་སེང་གེ་ལས་སྒྲ་པཱ་ཎི་བ་དང་། ཀ་ལཱ་པ། ཙཱནྡྲ་པ་རྣམས་དང་། རྟོགས་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས། རྟོགས་དཀའ་བ་པཎྚི་ཏ་ལུགས་ཀྱི་བསྟན་བཅོས། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་བཅས་པ་མི་ལོ་བདུན་གྱི་རིང་ལ་བསླབས་ཤིང་འདྲིས་པར་བྱས་ཤིང་། ཕྱིར་བོད་དུ་ཕེབས་ནས་བོད་ཡིག་གསར་བཟོ་མཛད་པ་དང་། བརྡ་སྤྲོད་པའི་བསྟན་བཅོས་མཛད་པ། བཀའ་བསྟན་བོད་སྐད་དུ་བསྒྱུར་པ་སོགས་རླབས་ཆེན་གྱི་ཕྱག་རྗེས་མང་པོ་བཞག་གོ།།

རིགས་དབྱེ།  

ལྷ་བུ་མགོ་དཀར་གྱི་མཛད་རྗེས།

བློན་པོ་ལྷ་བུ་མགོ་དཀར་ནི། སྤྱི་ལོའི་དུས་རབས་དང་པོའི་དུས་མཇུག་ཏུ་བྱུང་བའི་བོད་ཀྱི་རྒྱལ་རབས་བཅུ་པ་ཨེ་ཤོ་ལེགས་ཀྱི་བློན་པོ་དང་། མཛངས་བློན་མདུན་གྱི་གཉིས་པ་ཡིན། སྐབས་འདིར་བོད་ཀྱི་ཆབ་སྲིད་ལ་འགྱུར་བ་ཆེན་པོ་ཞིག་བྱུང་ཞིང་། རྒྱལ་པོའི་མངའ་འོག་གི་རོང་ཁུལ་གྱི་འབངས་མི་རྣམས་ཀྱིས་བདག་ཏུ་བཟུང་བའི་ས་ཞིང་ལ“ཞིང་ལ་དོར་རྩིས”ཞེས་པའི་འབྲུ་ཁྲལ་བསྐོས་པ་དང༌། འབྲོག་ཁུལ་གྱི་འབངས་མི་རྣམས་ལ་ཡོད་པའི་ནོར་ཕྱུགས་ཀྱི་བཞོན་གྲངས་དང་བསྟུན་པའི“འབྲོག་ལ་ཐུལ་རྩིས”ཞེས་པའི་ཤེ་ཁྲལ་བསྐོས་ཡོད་པ་ནི། རྒྱལ་འབངས་འབྲེལ་བའི་བཀས་བཀོད་རྒྱུན་འཛིན་གྱི་ལམ་ལུགས་ཆ་ཡོངས་སུ་ཚང་བ་ཞིག་དར་སྲོལ་བྱུང༌ཡོད།

རིགས་དབྱེ།  

ཁྲི་ངོར་སྣང་བཙུན།

བློན་པོ་མོང་ཁྲི་ངོར་སྣང་བཙུན་ནི། སྤྱི་ལོའི་དུས་རབས་དྲུག་པའི་དུས་དཀྱིལ་ཙམ་བྱུང་བའི་རྒྱལ་རབས་སོ་གཅིག་པ་སྟག་རི་གཉན་གཟིགས་ཀྱི་བློན་པོ་དང་། བོད་ཀྱི་མཛངས་བློན་གསུམ་པ་ཡིན། ཁོང་གི་མཛད་རྗེས་གཙོ་བོ་བྲེ་དང་། ཕུལ་དང་། སྲང་རྣམས་ལེགས་བཅོས་བྱས་ཤིང་གཅིག་གྱུར་ཅན་གཏན་ལ་ཕབ། མངའ་འོག་གི་སྡེ་འབངས་རྣམས་ལ་འབྲུ་ཁྲལ་དང་། མར་ཁྲལ་རྣམས་ཀྱི་ཚད་གཞི་གཅིག་གྱུར་བྱས་པ་དང་། ཞིང་པའི་ས་ཁུལ་ནས་ཐོན་པའི་འབྲུ་རིགས་རྣམས་བྲེ་ལ་འཇལ་དང་། འབྲོག་པའི་ས་ཁུལ་ནས་ཐོན་པའི་མར་སོགས་སྲང་ལ་འཇལ་ནས་ཚོང་རྫས་བརྗེ་ལེན་གྱི་སྲོལ་གཏོད་པས་བོད་ཀྱི་ཚོང་རའི་དཔལ་འབྱོར་གཅིག་གྱུར་དང་དྲང་བདེན་གྱི་ལམ་དུ་བསྐྱོད་པའི་འགོ་ཚུགས། །

རིགས་དབྱེ།  

འཕྲུལ་བློན་མཛངས་མི་མི་བདུན།

བོད་ཀྱི་ལོ་རྒྱུས་སྟེང་བྱུང་བའི་བློན་པོ་གྲགས་ཆེ་བ་བདུན་སྟེ། བོད་ཀྱི་འཕྲུལ་བློན་མཛངས་མི་བདུན་དུ་འབོད། དེ་དག་གི་མཛངས་པའི་ལས་ཀྱིས་བོད་ཀྱི་སྤྱི་ཚོགས་ལ་སྔར་མེད་འཕེལ་རྒྱས་བྱུང་།

རིགས་དབྱེ།  

མོང་ཁྲི་ངོར་སྣང་བཙུན།

བློན་པོ་མོང་ཁྲི་ངོར་སྣང་བཙུན་ནི། སྤྱི་ལོའི་དུས་རབས་དྲུག་པའི་དུས་དཀྱིལ་ཙམ་བྱུང་བའི་རྒྱལ་རབས་སོ་གཅིག་པ་སྟག་རི་གཉན་གཟིགས་ཀྱི་བློན་པོ་དང་། བོད་ཀྱི་མཛངས་བློན་གསུམ་པ་ཡིན། ཁོང་གི་མཛད་རྗེས་གཙོ་བོ་བྲེ་དང་། ཕུལ་དང་། སྲང་རྣམས་ལེགས་བཅོས་བྱས་ཤིང་གཅིག་གྱུར་ཅན་གཏན་ལ་ཕབ། མངའ་འོག་གི་སྡེ་འབངས་རྣམས་ལ་འབྲུ་ཁྲལ་དང་། མར་ཁྲལ་རྣམས་ཀྱི་ཚད་གཞི་གཅིག་གྱུར་བྱས་པ་དང་། ཞིང་པའི་ས་ཁུལ་ནས་ཐོན་པའི་འབྲུ་རིགས་རྣམས་བྲེ་ལ་འཇལ་དང་། འབྲོག་པའི་ས་ཁུལ་ནས་ཐོན་པའི་མར་སོགས་སྲང་ལ་འཇལ་ནས་ཚོང་རྫས་བརྗེ་ལེན་གྱི་སྲོལ་གཏོད་པས་བོད་ཀྱི་ཚོང་རའི་དཔལ་འབྱོར་གཅིག་གྱུར་དང་དྲང་བདེན་གྱི་ལམ་དུ་བསྐྱོད་པའི་འགོ་ཚུགས། །

རིགས་དབྱེ།  

སྙགས་ཀྱི་ཁྲི་བཟང་ཡང་སྟོན།

བློན་པོ་སྙགས་ཁྲི་བཟང་ཡང་སྟོན་ནི། སྤྱི་ལོའི་དུས་རབས་བདུན་པའི་སྟོད་ཙམ་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཀྱི་བློན་ཆེན་ཞིག་དང་། འཕྲུལ་བློན་མཛངས་མི་བདུན་གྱི་ལྔ་པ་ཡིན། ཁོང་གི་མཛད་རྗེས་གཙོ་བོ་ལྷ་ས་གཙོས་པའི་བོད་ཀྱི་ཀླུངས་གཤིས་རྣམས་སུ་གྲོང་དང་གྲོང་ཁྱེར་གསར་དུ་འཛུགས་སྐྲུན་བྱས་པ་རེད། དུས་དེར་བོད་ཀྱི་རི་ལུང་ཁག་ཏུ་འཚོ་སྡོད་བྱས་པའི་མི་ཚང་རྣམས་ལྷན་ཏུ་བསྡུས་ཤིང་། ས་ཕྱོགས་གཅིག་ཏུ་འཚོགས་ཏེ་ཀླུངས་ཐང་དུ་ཁང་པ་བརྩིགས། གྲོང་དང་གྲོང་ཁྱེར་གྱི་རྣམ་པ་གསར་དུ་བཙུགས་པ་རེད། །

རིགས་དབྱེ།  

མགོས་ཁྲི་བཟང་ཡབ་ལྷག

བློན་པོ་མགོས་ཁྲི་བཟང་ཡབ་ལྷག་ནི། སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་ན་བྱུང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་བློན་པོ་དང་། མཛངས་བློན་དྲུག་པ་ཡིན། ཁོང་གི་མཛད་རྗེས་གཙོ་བོ་ནི། དམངས་ཁྲིམས་བྱང་བུར་ཆ་དགུ་གཏན་ལ་ཕབས། བསད་པ་སྟོང་གི་ཞལ་ལྕེ་དང་། རྨས་པ་ཁྲག་གི་ཞལ་ལྕེ་སོགས་གསར་དུ་བསྒྲགས་པ་དེ་ཡིན།

རིགས་དབྱེ།  

གཉེར་སྟག་བཙན་གདོང་གཟིགས།

བློན་པོ་གཉེར་སྟག་བཙན་གདོང་གཟིགས་ནི། རྒྱལ་སྲས་མུ་ནེ་བཙན་པོས་བོད་ཁམས་དབུལ་ཕྱུག་ཐེངས་གསུམ་སྙོམས་པའི་ཐབས་ཇུས་མཛད་པའི་སྐབས་ཀྱི་བློན་པོ་དང་། འཕྲུལ་བློན་མཛངས་མི་བདུན་པ་ཡིན། ཁོང་གི་མཛད་རྗེས་གཙོ་བོ་ནི། གྲོང་གི་འབངས་མི་དབུལ་པོ་རྣམས་ལ་རྟ་རེ། མཛོ་མོ་རེ། བ་རེ། གླང་རེ་གནང་སྟེ་གསོ་ཚགས་བྱ་དགོས་པའི་ལས་འགན་བསྐོས། གྲོང་སྡེའི་སྒོ་ཕྱུགས་རྣམས་ཀྱི་དགུན་གྱི་གཟན་རྩྭ་ཆེད་དུ་དབྱར་དུས་རྩྭ་སྔོ་འཐུ་ཞིང་བསྐམས་གསེད་བྱས་པ་དེ་དག་རྩྭ་མཛོད་དུ་ཉར་ཚགས་བྱའི་སྲོལ་ཕྱེ།

རིགས་དབྱེ།