ལུའོ་ཡུས་ལིན།

ད་ལྟ་མཚོ་སྔོན་ཞིང་ཆེན་རྒྱུན་ལས་ཨུ་ཡོན་གྱི་ཨུ་ཡོན་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ། མཚོ་སྔོན་ཞིང་ཆེན་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ལ་དབང་བའི་མ་རྩ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཏང་ཨུ་ཧྲུའུ་ཅི། ཟི་ལིང་གྲོང་ཁྱེར་གྱི་ཧྲུའུ་ཅི་གཞོན་པའམ་ཧྲི་ཀྲང་། ཟི་ལིང་གྲོང་ཁྱེར(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་དང་ཚ་འདམ(རྒྱལ་ཁབ་རིམ་པ)འཁོར་སྐྱོད་དཔལ་འབྱོར་ཚོད་ལྟའི་ས་ཁུལ། མཚོ་ཤར་བཟོ་ལས་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས་ཡོད།

རིགས་དབྱེ།  

ཁྲོ་ཐུང་།

གླིང་མ་བཞིའི་དཔོན་པོ་ཁྲོ་ཐུང་ནི་ལྕགས་སྤྲེལ་ལོར་ས་གླིང་དཀར་སྟོད་དུ་ཡུམ་ཆོས་སྒྲོན་མ་ལས་འཁྲུངས་ཤིང་། གླིང་ལ་ཆེ་རྒྱུད་དང་ཆུང་རྒྱུད། འབྲིང་རྒྱུད་ཅེས་ཚོ་ཤོག་གསུམ་ཡོད་པའི་ནང་ཚན་ཆེ་རྒྱུ་ཚང་གི་འགོ་དཔོན་ཡིན། ལོ་བཅུ་བཞི་མེ་ལུག་ལོར་འདན་ཁ་རག་བཟའ་ཡི་གསེར་མཚོ་ཞེས་པ་འདན་ལྷུན་གྲུབ་རྡོ་རྗེའི་སྲས་མོ་གཟུགས་མཛེས་ཡིད་འོང་མ་དེ་ཆུང་མར་བསུས་ནས། རོང་སྲས་ལྷ་རྒོད་འབུམ་ལུ་དང་སྟག་རོང་ཨ་ནུ་གཟུག་འཕེན་གཙོས་བུ་དགུ་འཁྲུངས།

རིགས་དབྱེ།  

ཀྲུའུ་ཏེ།

ཀྲུའུ་ཏེ། མཚན་གཞན་ལ་ཀྲུའུ་ཏའེ་ཀྲེན་དང་ཀྲུའུ་ཅན་ཏུ་སོགས་ཟེར། ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་མི་དམངས་བཅིངས་བཀྲོལ་དམག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་སྐྲུན་པ་དང་འགོ་ཁྲིད་པ་གཙོ་བོ་ཞིག་ཡིན་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་མོ་བཅུའི་ནང་འགོར་བཞུགས་ཡོད་པ་ཞིག་ཡིན།

རིགས་དབྱེ།  

ཧུའུ་ཡའོ་པང་།

ཧུའུ་ཡའོ་པང་ནི་ཧུའུ་ནན་ལིའུ་དབྱང་གི་མི་ཡིན་ལ། ཀྲུང་གོའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་པ་ཡིན། སྤྱི་ལོ1981ལོའི་ཟླ6པའི་ནང་ལ་ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་འདེམས། སྤྱི་ལོ1982ལོའི་ཟླ9བའི་ནང་ལ་ཀྲུང་གུང་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་འདེམས། སྤྱི་ལོ1987ལོའི་ཟླ1པོའི་བར་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་ཁུར།

རིགས་དབྱེ།  

ཅང་ཅེ་ཧྲི།

ཅང་ཅེ་ཧྲི། མཚན་གཞན་ལ་ཅང་ཀྲུང་ཀྲེན་ཟེར། ཆིན་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཀྲེ་ཅང་ཞིང་ཆེན་ཧྥེང་ཧྭ་རྫོང་ནས་འཁྲུངས། ཀྲུང་གོ་གོ་མིན་ཏང་གིས་སྲིད་འཛིན་སྐབས་སུ་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་པ་གཙོ་བོ། ཀྲུང་གོ་གོ་མིན་ཏང་གི་སྤྱི་ཁྱབ་དཔོན། གོ་མིན་ཏང་སྲིད་གཞུང་གི་ཙུང་ཐུང་། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་མནའ་འབྲེལ་རྒྱལ་ཁབ་ཀྲུང་གོའི་གཡུལ་སའི་ཆེས་མཐོའི་དམག་སྤྱི་ཆེན་མོ། སྤྱི་ལོ1949ལོར་གོ་མིན་ཏང་དང་གུང་ཁྲན་ཏང་གི་ནང་འཁྲུག་ལ་ཕམ་ཁ་ཐེབས་རྗེས་ཐའེ་ཝན་ལ་ཕྱིར་འཐེན་བྱས།

རིགས་དབྱེ།  

སུན་ཀྲུང་ཧྲན།

སུན་ཀྲུང་ཧྲན། མཚན་གཞན་ལ་ཀྲུང་ཧྲན་ཡང་ཟེར་ཞིང་། དབྱིན་ཡིག་གི་མཚན་ལ Sun Yat-Sen ཟེར། ཀྲུང་གོའི་ཀོང་ཏུང་ཞིང་ཆེན་ཞང་ཧྲན་རྫོང་གི་མི་ཡིན། སྲིད་ཏང་ནི་ཀྲུང་གོའི་གོ་མིན་ཏང་ཡིན་ཞིང་། ཀྲུང་གོའི་ཆབ་སྲིད་པ་དང་། སྨན་པ་འབུམ་རམས་པ། གསར་བརྗེ་པ། ཀྲུང་ཧྭ་མི་རིགས་རིང་ལུགས་པ་བཅས་ཡིན། ཀྲུང་གོའི་གོ་མིན་ཏང་གི་ཙུང་ལི་དང་ཀྲུང་ཧྭ་མིན་གོ་རྒྱལ་ཁབ་ཀྱི་སྐབས་འཕྲལ་ཙུང་ཐུང་ཆེན་མོ་སོགས་ཀྱི་ཕྱག་འགན་བཞེས་མྱོང་། མི་སེར་དོན་གསུམ་རིང་ལུགས་དགོངས་པའི་གསར་སྐྲུན་མཁན་ཡང་ཡིན། སྤྱི་ལོ1940ལོར་གོ་མིན་སྲིད་གཞུང་གིས་རྒྱལ་ཡོངས་ལ་ཁོང་ཉིད་ཀྲུང་ཧྭ་མིན་གོ་རྒྱལ་ཁབ་ཀྱི་ཡབ་ཆེན་གྱི་མཚན་སྙན་གཟེངས་སུ་བསྔགས་ནས་ཁྱབ་བསྒྲགས་བྱས།

རིགས་དབྱེ།  

ཡོན་ཧྲི་ཁའེ།

ཡོན་ཧྲི་ཁའེ་ནི་ཀྲུང་གོའི་དེང་རབས་ལོ་རྒྱུས་ཐོག་གི་ཆབ་སྲིད་པ་དང་། དམག་དོན་པ། བྱང་ཕྱོགས་རྒྱ་མཚོ་ཆེན་མོའི་དམག་དཔུང་གསར་སྐྲུན་བྱེད་མཁན་བཅས་ཡིན། ཆིན་རྒྱལ་རབས་ཀྱི་དུས་མཇུག་ཏུ་དེང་རབས་ཅན་གྱི་བཅོས་བསྒྱུར་སྐུལ་འདེད་བྱས་ཤིང་། ལྕགས་ཕག་ལོའི་གསར་བརྗེའི་སྐབས་སུ་ཆིན་རྒྱལ་རབས་ཀྱི་གོང་མ་ཕུའུ་དབྱི་གནས་ལས་ཕྱིར་འཐེན་བྱེད་དུ་བཅུག་ཅིང་ཞི་བདེའི་ངང་ནས་ཆིན་རྒྱལ་རབས་རྩ་རྫོགས་བྱས་ཏེ། ཀྲུང་ཧྭ་མིན་གོའི་ཙུང་ཐུང་ཆེན་མོའི་ཕྱག་འགན་བཞེས། དཔོན་གནས་སུ་བཞུགས་སྐབས་ལས་དོན་གོང་འཕེལ་དང་། གཅིག་གྱུར་གྱིས་དངུལ་སྒོར་གསར་སྐྲུན་བྱས་པ། དེང་རབས་ཅན་གྱི་ཁྲིམས་འཛིན་དང་སློབ་གསོའི་ལམ་ལུགས་བཙུགས། སྤྱི་ལོ1916ལོའི་ཟླ6པཅི་ཚེས6ཉིན་སྐུ་གཤེགས་ཤིང་། དགུང་གྲངས57ཡིན།

རིགས་དབྱེ།  

ཀྲོའུ་ཨུན་ལའེ།

ཀྲོའུ་ཨུན་ལའེ་ནི་མར་ཁེ་སིའི་རིང་ལུགས་པ་དང་ཀྲུང་གོའི་འབྱོར་མེད་གྲལ་རིམ་གསར་བརྗེ་བ། ཆབ་སྲིད་པ། དམག་དོན་པ། ཕྱི་འབྲེལ་པ་བཅས་ཡིན་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གལ་ཆེན་ནང་གི་གཅིག་ཡིན། སྤྱི་ལོ1949ལོ་ནས་བཟུང་སྤྱི་ལོ1976ལོར་སྐུ་མྱ་ངན་ལས་འདས་པའི་བར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་ཕྱག་འགན་བཞེས། སྤྱི་ལོ1949ལོ་ནས་བཟུང་སྤྱི་ལོ1958ལོའི་བར་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་ཀྱིས་བཞེས་པ་ཡིན།

རིགས་དབྱེ།  

ཇིང་གིར་རྒྱལ་པོ།

ཇིང་གིར་རྒྱལ་པོ་ནི་སོག་རིགས་ཡིན། མཚན་གཞན་ལ་པེ་ཨེར་ཀྲི་ཅིན.ཐིས་མོའུ་ཀྲིན་དང་ཕྱིས་སུ་ཁྲིན་ཅིས་སི་ཧན་ཞེས་ཟེར། སོག་པོའི་ཆབ་སྲིད་པ་དང་དམག་དོན་པ་ཡིན། མེ་སྟག་སྟེ་སྤྱི་ལོ1206ལོར་སོག་པོ་རྒྱལ་པོའི་གསེར་ཁྲིར་མངའ་གསོལ། མཚན་ལ་ཇིང་གིར་རྒྱལ་པོ་ཞེས་བཏགས།

རིགས་དབྱེ།  

ཏེང་ཞའོ་ཕིང་།

ཏེང་ཞའོ་ཕིང་ནི་སི་ཁྲོན་ཞིང་ཆེན་ཀོང་ཨན་རྫོང་གི་མི་ཡིན། འབྱོར་མེད་གྲལ་རིམ་གསར་བརྗེ་པ་དང་། ཆབ་སྲིད་པ། དམག་དོན་པ། ཕྱི་འབྲེལ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛུགས་པར་ཕྱག་རྗེས་མཛད་མཁན་ནང་གི་གཅིག་ཡིན་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གལ་ཆེན་ནང་གི་གཅིག་ཀྱང་ཡིན། ཏེང་ཞའོ་ཕིང་རིག་པའི་གཞུང་ལུགས་གསར་སྐྲུན་བྱས་ཤིང་། བཅོས་སྒྱུར་སྒོ་འབྱེད་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་བཞེད་དགོངས་འདོན་སྤེལ་བྱས།

རིགས་དབྱེ།  

ལི་ཧྲི་མིན།

ཐང་ཐེ་ཙུང་ལི་ཧྲི་མིན་ནི་ཐང་ཀའོ་ཙུའུ་ལི་ཡོན་གྱི་སྲས་གཉིས་པ་ཡིན་ལ། ཐང་རྒྱལ་རབས་ཀྱི་གོང་མ་རྒྱལ་རབས་གཉིས་པ་ཡིན། ལོ་ངོ23རིང་ལ་ཐང་རྒྱལ་རབས་ཀྱི་རྒྱལ་སྲིད་བསྐྱངས། ལོ་ཚིགས་ཀྲིན་ཀོན་ཡིན། ལི་ཧྲི་མིན་གོང་མ་བཞུགས་སྐབས་རྒྱལ་ཁབ་སྟོབས་དང་ལྡན་ཞིང་དམངས་ལ་བདེ་འཇགས་ཡོང་བའི་རྣམ་པ་ཤར་ནས་ཀྲུང་གོའི་ལོ་རྒྱུས་ཐོག་ཏུ་མིང་དུ་གྲགས་པའི་ཀྲིན་ཀོན་སྲིད་སྐྱོང་ཞེས་སུ་གྲགས།

རིགས་དབྱེ།  

ཞི་ཐུ་ལུ།

ཨ་ཏའོ་ཧྥུའུ.ཞི་ཐུ་ལུ་ནི་འཇར་མན་ན་ཙི་ཏང་གི་འགོ་ཁྲིད་ཡིན་ཞིང་། འཇར་མན་རྒྱལ་ཁབ་ཀྱི་ཙུང་ལི། སྤྱི་ལོ1939ལོར་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་སློང་མཁན་ཡིན།

རིགས་དབྱེ།  

གུ་ཤྲི་ཤཱཀྱ་རྒྱལ་མཚན།

གུ་ཤྲི་ཤཱཀྱ་རྒྱལ་མཚན་ནི་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་རབས་གཉིས་པ་ཡིན་ལ། ཁོང་གིས་སྤྱི་ལོ1365ནས་སྤྱི་ལོ1373བར་སྲིད་ལོ་དགུ་ལ་བསྐྱངས། མིང་གོང་མ་ཐའི་ཙུའུ་ཀྲུའུ་ཡོན་ཀྲང་གིས་ཀྭ་ཏིན་གུ་ཤྲི(灌顶国师)སྟེ་རྒྱལ་ཁབ་སློབ་དཔོན་གཙུག་གི་ནོར་བུ་ཞེས་པའི་ཆོ་ལོ་དང་དམ་ཁ་གནང་། དེ་ནས་བཟུང་ཁོང་གི་མཚན་ལའང་གུ་ཤྲི་ཤཱཀྱ་རྒྱལ་མཚན་ཞེས་ཡོངས་སུ་གྲགས་པ་བྱུང་།

རིགས་དབྱེ།  

ངག་དབང་བཀྲ་ཤིས་གྲགས་པ།

ངག་དབང་བཀྲ་ཤིས་གྲགས་པ་ནི་ཕག་གྲུ་སྡེ་སྲིད་ཀྱི་སྲིད་རབས་དགུ་བ་ཡིན། དགུང་ལོ་བཅུ་གཉིས་པ་སྤྱི་ལོ1499ལོ་ལ་ཕག་གྲུ་སྡེ་སྲིད་ཀྱི་ཁྲིར་ཕེབས། ཁོང་གི་དུས་སུ་རིན་སྤུངས་པ་སོགས་ཀྱིས་ཕག་གྲུའི་སྲིད་དབང་འཕྲོག་པའི་སྡེ་གཟར་མང་ཙམ་ལངས་པས། ཕག་གྲུའི་སྲིད་དབང་རྒུད་པའི་གནས་སུ་ལྷུང་བར་གྱུར་ཏོ། །

རིགས་དབྱེ།  

ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན།

ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ནི་ཕག་གྲུ་སྡེ་སྲིད་ཀྱི་སྲིད་རབས་ཐོག་མ་ཡིན་ལ། ཡོན་གོང་མ་ཐོ་གན་ཐེ་མུར་གྱིས་གསེར་ཡིག་པ་མངགས་ནས་ཏའི་སི་ཏུའི་མཚན་དང་། དམ་ཁས་གཟེངས་བསྟོད་གནང་། བོད་ཡོངས་ལ་དབང་བསྒྱུར་ནས། ཆོས་ཕྱོགས་ལ་བྱ་བ་རྒྱ་ཆེན་པོ་བསྒྲུབས། སྲིད་ཕྱོགས་ནས། རི་རྒྱ་ཀླུང་རྒྱ་བསྡམས་པ། ཆུ་ཆེན་ལ་ཟམ་དང་། ཀོ་གྲུ་གསར་འཛུགས། འབྲོག་པ་རྣམས་པ་ཁྲལ་འོས་འབབ་ཅིག་ལས། ཧོར་ལྟར་ཁྲལ་ཆེན་བསྡུ་མི་ཆོག་པར་མཛད། རྫོང་ཆེན་གསར་བརྩིགས་དང་ཁྲིམས་ཀྱི་ལུགས་སྲོལ་བཅོས་བསྒྱུར་དང་སླར་གསོ་མཛད་པ་སོགས་ཕྱག་རྗེས་ཧ་ཅང་ཆེའོ། །

རིགས་དབྱེ།  

དབང་གྲགས་པ་འབྱུང་གནས།

དབང་གྲགས་པ་འབྱུང་གནས་ནི་ཕག་གྲུའི་སྲིད་རབས་དྲུག་པ་ཡིན་ཞིང་། ཁོང་གིས་སྤྱི་ལོ1432ལོ་ནས་སྤྱི་ལོ1445ལོའི་བར་ལོ་བཅུ་གསུམ་ལ་སྲིད་བསྐྱངས། ཁོང་ནི་ཕག་གྲུ་དང་རིན་སྤུངས་གཉེན་བསྲེས་པའི་སྡེ་སྲིད་ཐོག་མ་ཡིན་ལ། དབང་གྲགས་པ་རྒྱལ་མཚན་སྐུ་གཤེགས་རྗེས་ཕག་གྲུ་སྡེ་སྲིད་ཀྱི་ཁྲིར་ཡབ་སྲས་སུ་བསྐོའི་གནད་དོན་ལ་རྩོད་གཞི་སོགས་བྱུང་བ་ཡོད། །

རིགས་དབྱེ།  

དབང་གྲགས་པ་རྒྱལ་མཚན།

དབང་གྲགས་པ་རྒྱལ་མཚན་ནི་ཕག་གྲུ་སྡེ་སྲིད་ཀྱི་སྲིད་རབས་ལྔ་བ་ཡིན། ཁོང་གིས་སྤྱི་ལོ1385ལོ་ནས་སྤྱི་ལོ1432ལོའི་བར་སྲིད་ལོ་བཞི་བཅུ་ཞེ་བདུན་བསྐྱངས། ཆོས་ཕྱོགས་ལ་ཞབས་ཏོག་བློར་མི་ཤོང་བ་མཛད། ཆབ་སྲིད་ཕྱོགས་ནས་དམངས་ལ་བརྩེ་བ་དང་། ཁྲིམས་སྲོལ་བཟང་བོ་རྒྱུན་འཁྱོངས་བྱས་སྟབས། མཆོག་དམན་ཀུན་གྱིས་གོང་མ་ཆོས་རྒྱལ་ཆེན་པོ་ཞེས་འབོད་པ་ཡིན་ནོ། །

རིགས་དབྱེ།  

མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ།

འདི་ཉིད་ནི་བྱང་སྟག་ལུང་དུ་ཡབ་ངག་དབང་ཚངས་པ་དང་ཡུམ་མདང་དྲུང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་མེ་གླང(སྤྱི་ལོ1697)ལོར་འཁྲུངས། ལོ་དྲུག་ནས་བཅུ་བཞི་བར་བོད་ཀྱི་ཡིག་རྩིས་སྙན་ངག་བཅས་སྦྱངས། ལོ་བཅོ་ལྔ་ནས་ལོ་གསུམ་རིང་སྨིན་གླིང་དུ་ལོ་ཙཱ་བ་དྷརྨ་ཤྲིའི་དྲུང་སྙན་ངག་ལེའུ་གསུམ་དང་། རྩིས་སྐོར། ཡིག་རིགས་སྣ་ཚོགས། སྒྲ་མདོ་དབྱངས་ཅན་མའི་རི་མོ་ཡོངས་རྫོགས། སྡེབ་སྦྱོར། རྙིང་མའི་ཆོས་ལུགས་བཅས་ལ་སྦྱངས། ཁོང་ནི་དུས་རབས་བཅོ་བརྒྱད་པའི་སྐབས་བོད་ཀྱི་དཔོན་རིགས་ནང་གི་ཆབ་སྲིད་མཁས་ཅན་ཞིག་ཡིན་ལ་ལྷག་པར་སྐྱ་བོའི་ཁྲོད་ཀྱི་རྩོམ་རིག་མཁས་ཅན་ཞིག་ཀྱང་ཡིན་པས་མཚན་སྙན་ཆེན་པོ་ཡོད་ཅིང་། གསུང་རྩོམ་ནི《མི་དབང་རྟོགས་བརྗོད》དང་། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》《སངས་རྒྱས་ཀྱི་འཁྲུངས་རབས་སྐད་གཉིས་ཤན་སྦྱར》ལེའུ་མང་པོ་ཡོད་པ། 《རྒྱ་གར་སྐད་དང་བོད་སྐད་གཉིས་ཤན་སྦྱར་གྱི་ཉེར་མཁོའི་བརྡའ་སྤྲོད་གསལ་བྱེད་ཀྭ་ལིའི་འཕྲེང་བར་བསྒྲིགས་པ》སོགས་ཡོད། སྤྱི་ལོ1763ལོར་སྐུ་གཤེགས།

རིགས་དབྱེ།  

ཝང་ཀུན་དགའ་ལེགས་པ།

ཝང་ཀུན་དགའ་ལེགས་པ་ནི་ཕག་གྲུའི་སྡེ་སྲིད་ཀྱི་སྲིད་རབས་བདུན་པ་ཡིན། ཁོང་གིས་སྤྱི་ལོ1448ལོ་ནས་སྤྱི་ལོ1481ལོའི་བར་སྲིད་ལོ་སུམ་ཅུ་སོ་གསུམ་ལ་བསྐྱངས། འདི་པས་སྲིད་སྐྱོང་སྐབས་བོད་ཡོངས་ཀྱི་དཔལ་འབྱོར་དང་ཆོས་ལུགས་སོགས་སྔར་བཞིན་གོང་འཕེལ་བྱུང་ཡང་ཆབ་སྲིད་སྟེང་རིན་སྤུངས་པའི་སྟོབས་ཤུགས་ཇེ་ཆེར་སོང་བར་བརྟེན་ནས། ཕག་གྲུའི་སྲིད་དབང་ཉམས་རྒུད་དུ་འགྲོ་བའི་འགོ་ཚུགས་པ་ཡིན་ནོ། །

རིགས་དབྱེ།  

སྡེ་སྲིད་བསོད་ནམས་གྲགས་པ།

སྡེ་སྲིད་བསོད་ནམས་གྲགས་པ་ནི་ཕག་གྲུ་སྡེ་སྲིད་ཀྱི་སྲིད་རབས་བཞི་བ་ཡིན་ལ། ཁོང་གིས་སྤྱི་ལོ1381ལོ་ནས་སྤྱི་ལོ1385ལོའི་བར་སྲིད་ལོ་ལྔ་བསྐྱངས། ཁོང་གིས་སྲིད་ཀྱི་མཛད་འཕྲིན་སྐྱོང་སྐབས་ལོ་ཕྱུགས་ལེགས་པར་བྱུང་བས་བསོད་ནམས་ཅན་གྱི་རྒྱལ་བོར་གྲགས་པ་བྱུང་ངོ་། །

རིགས་དབྱེ།  

སྡེ་སྲིད་བསོད་ནམས་ཆོས་འཕེལ།

སྡེ་སྲིད་བསོད་ནམས་ཆོས་འཕེལ་ནི་དགའ་ལྡན་ཕོ་བྲང་བས་སྲིད་དབང་བཙུགས་མ་ཐག་པའི་སྐབས་ནས་ཆོས་སྲིད་འཛིན་སྐྱོང་སྐོར། ཏཱ་ལའི་བླ་མ་ལྔ་བ་ཆེན་པོས་ཆོས་ཕྱོགས་ཀྱི་མཛད་པ་གཙོ་བོ་བཞེས་པ་དང་། སྲིད་དོན་གྱི་བྱ་བ་སྒྲུབ་མཁན་སྡེ་སྲིད་རིམ་པ་བསྐོ་བཞག་བསྩལ་བའི་ཐོག་མ་ཡིན་ལ། ཁོས་ལོ་ངོ་དུ་མར་དགའ་ལྡན་ཕོ་བྲང་གི་ཕྱག་མཛོད་དང་སྡེ་སྲིད་ཀྱི་འགན་ལེགས་པར་བཞེས་པ་ཡིན་ནོ། །

རིགས་དབྱེ།  

སྡེ་སྲིད་འཕྲིན་ལས་རྒྱ་མཚོ།

སྡེ་སྲིད་འཕྲིན་ལས་རྒྱ་མཚོ་ནི་དགའ་ལྡན་ཕོ་བྲང་བས་སྲིད་དབང་བཙུགས་མ་ཐག་པའི་སྐབས་ནས་ཆོས་སྲིད་འཛིན་སྐྱོང་སྐོར། ཏཱ་ལའི་བླ་མ་ལྔ་བ་ཆེན་པོས་ཆོས་ཕྱོགས་ཀྱི་མཛད་པ་གཙོ་བོ་བཞེས་པ་དང་། སྲིད་དོན་གྱི་བྱ་བ་སྒྲུབ་མཁན་སྡེ་སྲིད་རིམ་པ་བསྐོ་བཞག་བསྩལ་བའི་གཉིས་པ་ཡིན་ལ། ཁོས་ལོ་ངོ་དུ་མར་དགའ་ལྡན་ཕོ་བྲང་གི་སྨན་པ་དང་སྡེ་སྲིད་ཀྱི་འགན་ལེགས་པར་བཞེས། ཁོང་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མེས་པོ་ཡིན་ནོ། །

རིགས་དབྱེ།  

སྡེ་སྲིད་སངས་རྒྱས་རྒྱ་མཚོ།

སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་སྤྱི་ལོ1653ལོར་སྐུ་འཁྲུངས། རྒྱལ་དབང་ལྔ་བའི་སྐུ་རིང་སྡེ་སྲིད་སྔ་ཕྱི་ལྔ་བྱོན་པའི་ཕྱི་མ་དང་། རྒྱལ་དབང་དྲུག་པ་ཆེན་པོའི་སྐབས་སུ་བྱོན་པའི་བོད་ཀྱི་ཆོས་སྲིད་ཐམས་ཅད་ཀྱི་གཙོ་བོ་གཅིག་པུ་ཡིན་ཏེ། ཁོང་ནི་རྒྱལ་དབང་ལྔ་བ་ཆེན་པོས་སྐུ་ཆུང་ངུའི་དུས་ནས་བསྐྱངས་ཤིང་། ཅི་བྱེད་མཐའ་དག་རྒྱལ་དབང་རང་ནས་བྱེད་པ་དང་ཁྱད་མེད་པའི་བཀའ་ཁྱབ་བསྩལ་ཡོད་པའི་སྡེ་སྲིད་གཅིག་ཀྱང་ཡིན་སྟབས། རྒྱལ་དབང་ལྔ་བའི་དགོངས་བཞེས་ཀྱི་མཛད་འཕྲིན་ཐམས་ཅད་ལུགས་བཞིན་བསྐྱངས་པར་མ་ཟད། རྒྱལ་དབང་ལྔ་བ་ཆེན་པོ་སྐུ་གཤེགས་ནས་གསང་རྒྱ་ཡུན་རིང་དང་ཡང་སྲིད་དྲུག་པ་ཆེན་པོ་ངོས་འཛིན་ཞུས་པ་སོགས་མཛད་འཕྲིན་རྒྱ་ཆེར་སྤེལ་ཏེ། བོད་ཁམས་བདེ་སྡུག་ཐམས་ཅད་ཀྱི་ཁུར་ཆེན་རང་ཉིད་གཅིག་བུའི་ཕྲག་ཏུ་བླངས། བོད་སོག་མཆོད་ཡོན་བར་གྱི་འགལ་རྩོད་དང་། ཆིང་གོང་མའི་བཀའ་ལུང་ལྕི་ཡང་བཅས་སྤྱི་ཚོགས་རྙོག་འཛིང་གི་ནང་དུ་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་བྱ་བ་མཐའ་དག་བསྐྱངས་གནང་མཛད་མཁན་ཞིག་ཡིན་སྟབས། བོད་ཀྱི་ལོ་རྒྱུས་སྟེང་གྲགས་སྙན་འབར་བའི་སྐྱེས་བུ་དམ་པ་ཞིག་ཏུ་བགྲང་གྱིན་ཡོད་པར་མ་ཟད། བོད་རྒྱ་སོག་གསུམ་གྱི་ལོ་རྒྱུས་ནང་དུའང་ཤུགས་རྐྱེན་ཆེ་བའི་མི་སྣ་སྐད་གྲགས་ཅན་ཞིག་ཡིན། ཕྱིས་བོད་སོག་འགལ་འདུའི་ཁྲོད་དུ་སྤྱི་ལོ(1705)ལོར་གཅེས་པའི་ལུས་སྲོག་ཀྱང་བཏང་ངོ་། །

རིགས་དབྱེ།  

སྤྱན་སྔ་གྲགས་པ་བྱང་ཆུབ།

སྤྱན་སྔ་གྲགས་པ་བྱང་ཆུབ་ནི་ཕག་གྲུ་སྡེ་སྲིད་ཀྱི་སྲིད་རབས་གསུམ་པ་ཡིན་ལ། ཁོང་གིས་སྤྱི་ལོ1374ལོ་ནས་སྤྱི་ལོ1381ལོའི་བར་སྲིད་ལོ་བརྒྱད་ལ་བསྐྱངས། དཔལ་ལྡན་བླ་མ་དམ་པ་དང་། སྤྱན་སྔ་གྲགས་པ་ཤེས་རབ། ལོ་ཆེན་བྱང་ཆུབ་རྩེ་མོ་སོགས་མཁས་གྲུབ་དུ་མའི་མདུན་ནས་མདོ་སྔགས་ཀྱི་ཟབ་ཆོས་མང་པོ་གསན་བསམ་མཛད་པས་ཉམས་དང་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་འཁྲུངས་སོ། །

རིགས་དབྱེ།  

སྤྱན་སྔ་ངག་གི་དབང་པོ།

སྤྱན་སྔ་ངག་གི་དབང་པོ་ནི་ཕག་གྲུ་སྡེ་སྲིད་ཀྱི་སྲིད་རབས་བརྒྱད་པ་ཡིན། ཁོང་གིས་སྤྱི་ལོ1481ལོ་ནས་སྤྱི་ལོ1490ལོའི་བར་སྲིད་ལོ་དགུ་ལ་བསྐྱངས། སྤྱན་སྔ་ངག་གི་དབང་པོ་སྐུ་གཤེགས་རྗེས་ཞྭ་དམར་ཆོས་ཀྱི་གྲགས་པས་སྤྱིའི་ཁ་འཛིན་དང་རིན་སྤུངས་པ་མཚོ་སྐྱེས་རྡོ་རྗེས་དཔོན་ཚབ་ཐེལ་གཏོང་ཚང་མའི་འགན་གཙོ་ལོ་ངོ་དགུའི་རིང་ཁུར་ཐོག་ཇུས་གཞི་རྣམས་བློན་པོ་གཞན་དག་དང་གྲོས་མེད་པར་གང་འདོད་ལྟར་བྱས་རྐྱེན་སྡེ་དཔོན་གཞན་རྣམས་མ་འདོད་པའི་དབང་གིས་ཡར་ལུང་དུ་སྡེ་གཟར་ལངས་པ་ཡིན།

རིགས་དབྱེ།  

གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ།

གུ་ཤྲཱི་ཧན་བསྟན་འཛིན་ཆོས་རྒྱལ་ནི་རབ་བྱུང་བཅུ་བའི་ཆུ་རྟ་སྤྱི་ལོ1582ལོར་འཁྲུངས། ཆུང་དུས་ཀྱི་མཚན་ལ་སོག་སྐད་དུ་ཐུ་རལ་པའི་ཧུ་ཞེས་འབོད་པ་བོད་སྐད་དུ་བསྟན་སྲིད་ལ་རྒྱ་འཛིན་མཁན་ཞེས་པའི་དོན་ཡིན། ཆུང་དུས་ནས་བློ་སྟོབས་དང་། དཔའ་རྩལ་འཛོམས་ཤིང་བློ་རྒྱ་ཆེ་བ་ཞིག་ཡིན། སོག་པོའི་རྒྱལ་པོ་འདིས་སྤྱི་ལོ1642ལོར་གཙང་པ་སྡེ་སྲིད་ཀྱི་སྲིད་གཞུང་གཏོར་ཕམ་བཏང་ནས། བོད་ཀྱི་སྲིད་དབང་ཡོངས་རྫོགས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བའི་ཕྱག་ཏུ་ཕུལ་ཏེ། བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་ཤིང་ཏཱ་ལའི་བླ་མ་དང་དགེ་ལུགས་པའི་ཕྱོགས་ལ་དད་ཞེན་ཧ་ཅང་ཆེ་བའི་རྒྱལ་བོ་ཞིག་དང་། ཏཱ་ལའི་བླ་མ་ལྔ་པ་ཆེན་པོས་གུ་ཤྲཱི་ཧན་ལ་བསྟན་འཛིན་ཆོས་ཀྱི་རྒྱལ་བོ་ཞེས་པའི་མཚན་བསྟོད་གནང་། དགུང་ལོ་དོན་གསུམ་པ་རབ་བྱུང་བཅུ་གཅིག་པའི་ཤིང་རྟ་སྤྱི་ལོ1654ལོར་སྐུ་གཤེགས།

རིགས་དབྱེ།  

ཀྲོའུ་ཀུང་།

ཀྲོའུ་ཀུང་ནི་ཀྲོའུ་ནུབ་མའི་ཆབ་སྲིད་པ་དང་བསམ་བློ་བ་སྟེ། མིང་ལ་ཏན་ཟེར་ཞིང་། ཀྲོའུ་ཝུན་ཝང་གི་ནུ་བོ་དང་། ཁྲུན་ཝང་གི་ཁུ་བོ་ཡིན་པས། ཁུ་བོ་ཏན་ཞེས་ཀྱང་འབོད། ཁོང་གི་མངའ་གཞིས་ཀྲོའུ་ས་ཆ(ད་ལྟའི་ཧྲན་ཞི་ཞིང་ཆེན་གྱི་བྱང་ཕྱོགས)ཡིན་པས་རྗེས་རབས་པས་ཀྲོའུ་ཀུང་ཞེས་འབོད་པ་རེད།

རིགས་དབྱེ།  

ཁྲུན་ཆིའུ་བཙན་ལྔ།

ཁྲུན་ཆིའུ་དུས་སྐབས་སུ་རྒྱལ་ཕྲན་ཕན་ཚུན་བར་བཙན་དབང་ཧམ་རྩོད་ཀྱི་འཐབ་འཁྲུག་རྒྱུན་ཆད་མེད་པར་བརྒྱབ་ཅིང་། མཐར་རྒྱལ་ཕྲན་རྒྱལ་པོ་ཆི་ཧོན་ཀུང་དང་ཅིན་ཝུན་ཀུང་། ཁྲུའུ་ཀྲོང་ཝང་། ཝུའུ་རྒྱལ་བོ་ཧོ་ལུའེ། ཡུའེ་རྒྱལ་པོ་ཀོའུ་ཅེན་བཅས་ཀྱིས་བཙན་བདག་གི་གོ་གནས་བཟུང་བར་བཙན་ལྔ་ཞེས་འབོད།

རིགས་དབྱེ།  

ཁྲེང་ཐང་།

ཞ་རྒྱལ་རབས་ཀྱི་རྒྱལ་པོ་ཆེས་མཐའ་མ་ཅེ་ཞེས་པ་དེ་ནི་རང་རློམ་ཆེ་ཞིང་གདུག་རྩུབ་ཅན་ཞིག་ཡིན་པས་འབངས་རྣམས་ཤིན་ཏུ་སྡང་ཞིང་སྲིད་དབང་ལ་ངོ་རྒོལ་མང་པོ་བྱས། མཐའ་མར་ཤར་ཕྱོགས་སུ་ཡོད་པའི་ཧྲང་ཚོ་བའི་ཚོ་དཔོན་ཁྲུང་ཐང་ཞེས་པ་དེས་བློན་པོ་ཤེས་རྒྱ་ཅན་ལ་མཐོང་ཆེན་གྱིས་རང་གི་སྟོབས་ཤུགས་རྒྱས་པར་འབད་པ་དང་། ཞ་ཅར་གྱི་བག་མེད་འདོད་གཡེང་དང་ནང་ཁུལ་གྱི་འགལ་བ་ཛ་དྲག་ཡིན་པའི་གླགས་དང་བསྟུན་ནས་ཞ་རྒྱལ་རབས་བསྣུབས་ཏེ་ཧྲང་རྒྱལ་རབས་བཙུགས་པ་རེད།

རིགས་དབྱེ།  

ནཱ་ཕོ་ལུན་སྐུ་ཕྲེང་དང་བོ།

ནཱ་ཕོ་ལུན་སྐུ་ཕྲེང་དང་བོ་ནི་ཧྥ་རན་སིའི་ཆབ་སྲིད་པ་དང་དམག་དོན་པ་ཞིག་ཡིན་ཞིང་། ཧྥ་རན་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་བོ་ཡིན་པ་དང་། ཧྥ་རན་སི་བཙན་རྒྱལ་དང་བོ་འཛུགས་མཁན་དང་ཧྥ་རན་སིའི་གོང་མ་བཅས་ཀྱང་ཡིན། སྤྱི་ལོ1799ནས་སྤྱི་ལོ1804ལོའི་བར་སྲིད་འཛིན་གྱི་ཁྲིར་བཞུགས་པ་དང་སྤྱི་ལོ1804ལོ་ནས་སྤྱི་ལོ1814ལོའི་བར་གོང་མའི་ཁྲིར་བཞུགས།

རིགས་དབྱེ།