ཡོངས་འཛིན་རིག་མཛོད། >མི་སྣ། >ལོ་རྒྱུས་མི་སྣ། >བཙུན་མོ།

འབྲོ་བཟའ་ཁྲི་མ་ལོད།

དུས་རབས་བདུན་པའི་དུས་དཀྱིལ་དུ་འཁྲུངས་ཤིང་། བཙན་པོ་མང་སྲོང་མང་བཙན་གྱི་བཙུན་མོར་བཞེས་ནས་སྲས་འདུས་སྲོང་མང་པོ་རྗེ་འཁྲུངས། སྲས་སྐུ་ན་ཆུང་བའི་སྐབས་སྲིད་ལོ་བཅུ་གསུམ་རིང་བསྐྱངས་པ་དང་། བཙན་པོ་འདུས་སྲོང་བཀྲོངས་རྗེས་བཙན་པོ་ཁྲི་ལྡེ་གཙུག་བརྟན་སྐུ་ན་ཕྲ་བས་ལོ་བརྒྱད་རིང་ཆབ་སྲིད་བསྐྱངས་བ་བཅས་སྔ་རྗེས་སུ་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་ལོ་ཉེར་གཅིག་ལ་བཟུང་། བཙུན་མོ་འདི་ནི་ཆབ་སྲིད་ཀྱི་འཇོན་ཐང་དང་། དབང་ཐང་སོགས་ལ་འགྲན་མི་བཟོད་པ་ཞིག་ཡིན། ཆུ་བྱི་སྤྱི་ལོ772ལོར་སྐུ་གཤེགས།

རིགས་དབྱེ།  

ཝུའུ་ཙི་ཐེན།

ཝུའུ་ཙི་ཐེན་ནི་ཀྲུང་གོའི་ལོ་རྒྱུས་སྟེང་ཆེས་ཐོག་མའི་རྒྱལ་མོ་དང་། ཆེས་མཐའ་མ་གཅིག་པུའང་རེད། ཁོ་མོ་དཔའ་སྤོབས་ཆེ་ཞིང་བློ་རིག་བཀྲ། ཐབས་ལ་མཁས་ཤིང་ཤེས་རྒྱ་ཆེ་བར་མ་ཟད། ཆབ་སྲིད་ཀྱི་འཇོན་ནུས་ངེས་ཅན་ལྡན་པའི་རྒྱལ་མོ་ཞིག་ཡིན།

རིགས་དབྱེ།  

རྒྱལ་བོ་སྲོང་བཙན་སྒམ་པོས་སྔ་རྟིང་དུ་བཞེས་པའི་བཙུན་མོ་ལྔ།

རུ་ཡོངས་བཟའ། བལ་བཟའ་ཁྲི་བཙུན། རྒྱ་བཟའ་འུན་ཤིང་ཀོང་ཇོ། ཞང་ཞུང་བཟའ་ལི་ཐིག་སྨན། མོང་བཟའ་ཁྲི་ལྕམ་བཅས་སོ། །

རིགས་དབྱེ།  

ཇོ་མོ་རྒྱལ་མོ་བརྩན།

འབྲོ་བཟའ་ཁྲི་རྒྱལ་མོ་བརྩན་ཏེ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཞིག་ཡིན་ཞིང་། འབྲོ་བཟའ་ཁྲི་རྒྱལ་མང་མགོ་བཙུན་ཞེས་ཀྱང་སྟེ་འདི་པས་དགེ་རྒྱས་ཀྱི་ལྷ་ཁང་བཞེངས་ནས་ཕ་མིང་ཐག་རིང་བ་དང་མོ་རང་ལ་སྲས་མེད་པས་ལྷ་ཁང་ཞིག་གསོས་དང་མཆོད་འབུལ་དཀའ་བར་བསམས་ནས། རྩིག་པ་སོ་ཕག་ལ་ཞ་ཉེའི་ཆུ་སྦྱར། ཟངས་ཀྱི་ཐོག་བཀབ། མཆོད་པར་རོལ་མོའི་ཅོང་བཏགས། མར་མེར་རིན་པོ་ཆེ་མརྒད་སྐུའི་དཔྲལ་པར་བཏབ་སྐད། རྗེས་སོར་རབ་ཏུ་བྱུང་བའི་མཚན་ལ་བྱང་ཆུབ་རྗེའམ་བྱང་ཆུབ་སྒྲོན་ཟེར།

རིགས་དབྱེ།  

ཀིམ་ཤིང་ཀོང་ཇོ།

ཐང་རྒྱལ་རབས་ཀྱི་སྐབས་བོད་ཀྱི་བཙན་པོའི་བཙུན་མོར་བླངས་པའི་རྒྱ་བཟའ་སྔ་རྗེས་གཉིས་བྱུང་བའི་ནང་གི་རྗེས་མ་སྟེ་ཅིན་ཁྲིན་ཀོང་ཇོ་ཞུ་བ་དེ་ཡིན་ཅིང་། མཚན་དེ་རྒྱ་སྐད་ནས་བོད་སྐད་དུ་བསྒྱུར་དུས་སྐབས་དེའི་རྒྱ་སྐད་ཀྱི་སྒྲ་ལ་ཅིན་ལ་ཀིམ་དང་ཀིང་། ཁྲིན་ལ་ཤིང་དང་། ཤིན། ཞིན། ཞིང་བཅས་འབོད་སྲོལ་ཡོད་པ་ལྟར་བྲིས་པ་ཡིན།

རིགས་དབྱེ།  

གྱིམ་ཤིང་ཀོང་ཇོ།

རྒྱ་རྗེ་ཐང་ཀྲུང་ཙུང་གི་ནུ་བོ་ཡང་དབང་གི་བུ་མོ། བོད་རྒྱལ་ཁྲི་ལྡེ་གཙུག་བརྟན་གྱི་བཙུན་མོ། འདི་བོད་ལྕགས་ཁྱི(སྤྱི་ལོ710)ལོར་ཀྲུང་ཙུང་སྐུ་དངོས་ཀྱིས་མཁར་ཆེན་པོ་ཞིང་ཕེང་ཧྱེན་གྱི་བར་དུ་སྐྱེལ་ཐུང་རྒྱ་ཆེར་མཛད།

རིགས་དབྱེ།  

རྒྱ་བཟའ་ཀོང་ཇོ།

ལྷ་གཅིག་ཀོང་ཇོའམ་ཝུན་ཤིང་ཀོང་ཇོ་ཡང་ཞུ། སྲོང་བཙན་གྱི་མཆོག་ཏུ་གྱུར་པའི་བཙུན་མོ་གསུམ་གྱི་ཡ་གྱལ། རྒྱ་རྗེ་ཐང་ཐེ་ཙུང་གི་སྲས་མོ། བོད་ལྕགས་གླང(སྤྱི་ལོ641)ལོར་ཐང་ཐེ་ཙུང་གིས་ཝུན་ཤིང་ཀོང་ཇོ་བོད་ཀྱི་རྒྱལ་པོའི་བག་མར་གནང་།

རིགས་དབྱེ།  

སྲུའི་གླེན་ཀོང་ཇོ།

འདི་རྒྱ་བཟའ་སྔོན་མ་ཝུན་ཁྲེན་ཀོང་ཇོའི་མིང་གཞན་ཞིག་ཡིན་ཞིང་གོང་གསལ་གྱི་རྒྱ་སྐད་དེ་བོད་སྐད་དུ་བསྒྱུར་ན་ཧྲུའི་ནི་ཆུ་དང་ལེན་ནི་ལེན་ཧཱ་ཞེས་པ་རྒྱ་སྐད་དུ་མེ་ཏོག་པདྨ་ཡིན།

རིགས་དབྱེ།