ཡོངས་འཛིན་རིག་མཛོད། >ལུས་རྩལ། >གངས་འཁྱག་ལུས་རྩལ།

ལཱ་སཱེ་ཨུར།

སུའུ་དབྱི་ཧྲི་མི་བཟོས་གཙང་པོ་ཕྱིར་བླངས་པ།

རིགས་དབྱེ།  

གངས་ཤུད།

གངས་ཤུད་ལུས་རྩལ་ནི་ལུས་རྩལ་པས་གངས་ཤུད་གློད་སྤྱད་དེ་ལྷམ་མཐིལ་དུ་སྤྲད་ནས་གངས་ནང་མགྱོགས་ཚད་དང་མཆོང་བ། ཐུར་ཤུད་བཅས་འགྲན་སྡུར་བྱེད་པའི་ལུས་རྩལ་ཞིག་ཡིན།

རིགས་དབྱེ།  

འཁྱགས་ཤུད།

འཁྱགས་ཤུད་ནི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་ཤིག་ཡིན་པ་དང་། དུས་རབས་བཅུ་པར་ཧོ་ལན་ནས་དར། འཁྱགས་ཤུད་ལུས་རྩལ་ལ་མྱུར་ཚད་འཁྱགས་ཤུད་དང་། རྒྱུག་ལམ་ཐུང་བའི་མྱུར་ཚད་འཁྱགས་ཤུད། གར་སྟབས་འཁྱགས་ཤུད་བཅས་འགྲན་སྡུར་རྣམ་གྲངས་གསུམ་ཡོད།

རིགས་དབྱེ།  

གར་སྟབས་འཁྱགས་ཤུད།

གར་སྟབས་འཁྱགས་ཤུད་ནི་རོལ་མོའི་རམ་འདེགས་འོག་དར་ངོས་ནས་རིས་དབྱིབས་སྣ་ཚོགས་དང་། སྟངས་སྟབས་སྣ་ཚོགས་བསྒྱུར་བའི་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།  

མྱུར་སྟབས་འཁྱགས་ཤུད།

མྱུར་སྟབས་འཁྱགས་ཤུད་ནི་འཁྱགས་ཤུད་ཀྱི་མགྱོགས་ཚད་འགྲན་པའི་ལུས་རྩལ་ཞིག་ཡིན་ཞིང་། མྱུར་སྟབས་འཁྱགས་ཤུད་ལུས་རྩལ་པས་དར་ངོས་སུ་འགུལ་སྐྱོད་བྱེད་དུས་ལྷམ་མཐིལ་དུ་ཕྲ་ལ་རིང་བའི་ལྕགས་ལེབ་ཀྱིས་ཤན་པའི་ལྷན་གྱོན་དགོས་པ་ཡིན།

རིགས་དབྱེ།  

གངས་གྲུའི་ལུས་རྩལ།

གངས་གྲུའི་ལུས་རྩལ་ནི་ཤིང་དང་ལྕགས་ལས་བྱས་པའི་གངས་འཁོར་རྐང་གཉིས་པ་དེ་གངས་ཐོག་ནས་གཏན་འཁེལ་གྱི་ལམ་ཐིག་བརྒྱུད་དེ་མགྱོགས་པོར་དཀྱོགས་པ་དང་ཤུད་པའི་ལུས་རྩལ་གྱི་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།  

དེང་རབས་དགུན་ཟླའི་རྣམ་གྲངས་གཉིས།

དེང་རབས་དགུན་ཟླའི་རྣམ་གྲངས་གཉིས་ནི་དཔོང་ཕྱིའི་གངས་ཤུད་དང་མེ་མདའ་འཕེན་པ་གཉིས་མཉམ་དུ་སྤེལ་བའི་གངས་ཐོག་གི་ལུས་རྩལ་ཞིག་ཡིན།

རིགས་དབྱེ།  

འཁྱགས་དེམ་ལུས་རྩལ།

འཁྱགས་དེམ་ལུས་རྩལ་ནི་འཇམ་སྙོམས་ཀྱི་དར་ངོས་སུ་འཁྱགས་དེམ་དང་འདྲ་བའི་དངོས་པོ་དེ་གཏན་འཁེལ་གྱི་གནས་སུ་གཡུག་རེས་བྱེད་པའི་ལུས་རྩལ་ཞིག་ཡིན་ཞིང་། དེ་ནི་འགྲན་ཞུགས་པའི་བཟོད་བསྲན་དང་བརྟན་བརླིང་ལ་ཚོད་བགམ་བྱེད་པ་ཞིག་ཡིན།

རིགས་དབྱེ།  

ཡོ་རོབ་བྱང་མའི་རྣམ་གྲངས་གཉིས།

ཡོ་རོབ་བྱང་མའི་རྣམ་གྲངས་གཉིས་ནི་བྱེས་བགྲོད་གངས་ཤུད་དང་མཆོང་སྟེགས་གངས་ཤུད་གཉིས་གཅིག་བསྡུས་ཀྱིས་འགྲན་སྡུར་བྱེད་པའི་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།  

པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་མཚོན་རྟགས།

པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་མཚོན་རྟགས་ནི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྣང་བརྙན་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། གཙོ་གཉེར་རྒྱལ་ཁབ་དང་གཙོ་གཉེར་གྲོང་ཁྱེར་གྱི་ཕུན་སུམ་ཚོགས་པའི་རིག་གནས་ནང་དོན་དང་རིག་གནས་ཀྱི་གདེང་ཚོད་གང་ལེགས་མངོན་ཡོད།

རིགས་དབྱེ།  

སྤྱི་ལོ2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གངས་གྲུ་འགྲན་བསྡུར།

སྤྱི་ལོ2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གངས་གྲུ་འགྲན་བསྡུར་དེ་ཡན་ཆིང་འགྲན་ཁུལ་གྱི་རྒྱལ་ཁབ་གངས་འཁོར་གངས་གྲུ་ལྟེ་གནས་སུ་གཉེར་བ་དང་ཁྱོན་གསེར་གྱི་རྟགས་མ4ཐོབ།

རིགས་དབྱེ།  

དགུན་དུས་རྣམ་གྲངས་གཉིས།

དགུན་དུས་རྣམ་གྲངས་གཉིས་ནི་གངས་ཐོག་ལུས་རྩལ་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ལ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་དངོས་ཀྱི་གྲས་ཤིག་ཀྱང་རེད། བྱེས་བགྲོད་གངས་ཤུད་དང་མདའ་འཕེན་པའི་ཁྱད་ཆོས་མི་འདྲ་བའི་འགྲན་བསྡུར་རྣམ་གྲངས་གཉིས་ཟུང་འབྲེལ་བྱས་ནས་སྤེལ་བའི་ལུས་རྩལ་ནི། ལུས་རྩལ་པར་འགུལ་རྣམ་ནས་འཇགས་རྣམ་དུ་བསྒྱུར་བའི་ནུས་པ་ལྡན་དགོས་ལ། འཇགས་རྣམ་ནས་འགུལ་རྣམ་དུ་བསྒྱུར་བའི་ནུས་པའང་ལྡན་དགོས། དགུན་དུས་རྣམ་གྲངས་གཉིས་ནི་ནོར་ཝེ་ནས་བྱུང་བ་དང་། མི་རྣམས་ཀྱིས་དགུན་དུས་རྔོན་རྒྱག་པའི་བྱེད་སྒོ་དང་འབྲེལ་བ་ཡོད་པས་གངས་ཤུད་དང་མདའ་འཕེན་པའི་འགྲན་བསྡུར་ཞིག་ཡིན། དགུན་དུས་རྣམ་གྲངས་གཉིས་སྤྱི་ལོ1924དང་། སྤྱི་ལོ1928ལོ། སྤྱི་ལོ1936ལོ། སྤྱི་ལོ1948ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འཁྲབ་སྟོན་རྣམ་གྲངས་ནང་བཅུག་པ་དང་། སྤྱི་ལོ1958ལོར་སྐབས་དང་པོའི་འཛམ་གླིང་གི་དེང་རབས་དགུན་དུས་ཀྱི་ལེགས་སྐྱེས་འགྲན་བསྡུར་གཉིས་གཉེར་བ་དང་། སྤྱི་ལོ1960ལོར་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་ནང་བཅུག་པ་མ་ཟད། དེང་རབས་ཀྱི་དགུན་དུས་རྣམ་གྲངས་གཉིས་ཞེས་མིང་བཏགས་ཡོད། སྐྱེས་མ་བདམས་ཐོན་པ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ནང་ཐེངས་དང་པོ་ཞུགས་པ་ནི་སྤྱི་ལོ1984ལོར་ཡིན་པ་དང་སྐྱེས་མ་ཀྱི་རྣམ་གྲངས་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པ་ནི་སྤྱི་ལོ1992ལོའི་ཨར་པེ་ཝེར་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པ་ཞིག་ཡིན། དེའི་ནང་སྐྱེས་པའི་སྤྱི་ལེ15ཡི་མཉམ་སྡེབ་རྡོག་ཐོན་འགྲན་བསྡུར་དང་སྤྱི་ལེ12.5ཡི་མཉམ་སྡེབ་རྡོག་ཐོན་འགྲན་བསྡུར་སྤྱི་ལོ2006ལོར་ཏུའུ་ལིང་ཨོ་རྩལ་འགྲན་ཚོགས་ཐོག་མར་བཏོན་པ་ཡིན།

རིགས་དབྱེ།  

སྣ་མང་དར་ཤུད།

སྣ་མང་དར་ཤུད་ནི་རོལ་མོའི་རམ་འདེགས་དང་བསྟུན་ཏེ་དར་ངོས་ནས་རིས་དབྱིབས་སྣ་ཚོགས་དང་། སྟངས་སྟབས་སྣ་ཚོགས་བསྒྱུར་བའི་སྒྱུ་རྩལ་དང་ལུས་རྩལ་ཟུང་སྡེབ་ཀྱི་རྣམ་གྲངས་ཤིག་ཡིན།

རིགས་དབྱེ།  

སྐྱེན་ཤུད།

སྐྱེན་ཤུད་ནི་དར་ཤུད་ཀྱི་མགྱོགས་ཚད་འགྲན་པའི་ལུས་རྩལ་ཞིག་ཡིན། སྐྱེན་ཤུད་ལུས་རྩལ་པས་དར་ངོས་སུ་འགུལ་སྐྱོད་བྱེད་དུས་ལྷམ་མཐིལ་དུ་ཕྲ་ལ་རིང་བའི་ལྕགས་ལེབ་ཀྱི་ཤན་པའི་ལྷམ་གྱོན་དགོས། འགྲན་བསྡུར་སྐབས་སུ་ལུས་རྩལ་པ་ཡིས་དུས་ཚོད་བརྩོན་ལེན་བྱེད་དགོས་པ་མ་ཟད། ད་དུང་དར་ཤུད་པ་གཞན་ལ་ཡང་འགྲན་བསྡུར་བྱེད་དགོས།

རིགས་དབྱེ།  

འཁྱགས་ལྟིར།

འཁྱགས་ལྟིར(Curling)ཞེས་པ་ལ་དར་འཁྱགས་ཐོག་གི་རྡོ་ཤུད་ཀྱང་ཟེར་ཞིང་། དེ་ནི་རུ་ཁག་རེ་སྡེ་ཚན་དུ་ཕྱེ་ནས་དར་ཐོག་གི་འཕེན་གཏོང་རང་བཞིན་གྱི་འགྲན་སྡུར་རྣམ་གྲངས་ཤིག་ཡིན་ལ། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཤིག་ཀྱང་ཡིན་པ་མ་ཟད། འཁྱགས་ལྟིར་གྱི་འཛམ་གླིང་ལེགས་སྐྱེས་འགྲན་སྡུར་ཡང་བཙུགས་ཡོད།

རིགས་དབྱེ།  

དར་ཤུད།

དར་ཤུད(skating)ཅེས་པར་དར་རྩེད་ཀྱང་ཟེར་ཞིང་། མི་མང་པོ་ཞིག་གིས་དར་ཤུད་ནི་ཕྱི་གླིང་ནས་དར་ཡོང་བའི་རྩེད་ཆས་ཤིག་ཏུ་འདོད་བཞིན་ཡོད་ལ། དོན་དངོས་ཐོག་གནའ་བོའི་སུང་རྒྱལ་རབས་སྐབས་སུ་རང་རྒྱལ་དུ་དར་ཤུད་རྩེད་སྲོལ་ཡོད་ཅིང་། སྐབས་དེར་དར་ཤུད་ཅེས་མི་འབོད་པར་དར་རྩེད་ཅེས་འབོད་ཀྱི་ཡོད་དོ། །

རིགས་དབྱེ།  

ལུས་རྩལ་གྱིས་ཞི་བདེར་སྐུལ་འདེད་གཏོང་བ།

དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤྱི་ལོ2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་འགྲེམས་སྤེལ་བྱས་པའི་བརྗོད་དོན་གཙོ་བོའི་སྦྲག་རྟགས་ཤིག་ཡིན་པ་དང་། རིན་ཐང་སོ་སོར་ཨ་སྒོར0.58དང་། ཨ་སྒོར1.30 སུའེ་ཙེར་གྱི་ཧྥ་ལང1.10 སུའེ་ཙེར་གྱི་ཧྥ་ལང2.00 ཡོ་སྒོར0.85དང་ཡོ་སྒོར1.80བཅས་ཡིན་པ་རེད།

རིགས་དབྱེ།  

སྤྱི་ལོ2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཡ་པང་གངས་ཤུད་འགྲན་བསྡུར།

སྤྱི་ལོ2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཡ་པང་གངས་ཤུད་འགྲན་བསྡུར་ནི་པེ་ཅིང་འགྲན་ཁུལ་གྱི་ཧྲོའུ་ཀང་གངས་ཤུད་མཆོང་སྟེགས་ཆེན་པོ་དང་ཀྲང་ཅ་ཁོའུ་འགྲན་ཁུལ་གྱི་ཡུན་ཏིང་གངས་ཤུད་སྤྱི་གླིང་དུ་གཉེར་བའི་ལུས་རྩལ་འགྲན་བསྡུར་ཞིག་ཡིན་པ་དང་། སྐྱེས་པ་དང་བུད་མེད་ཀྱིUདབྱིབས་ར་བའི་རྩེད་རྩལ་དང་གྱེན་འགག་སྒྲོལ་རྩལ་སོགས་རྣམ་གྲངས་བཙུགས་ཡོད།

རིགས་དབྱེ།  

ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་སྣ་མང་དར་ཤུད་འགྲན་བསྡུར།

ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་སྣ་མང་དར་ཤུད་འགྲན་བསྡུར་ནི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྟེང་སྤེལ་བའི་སྣ་མང་དར་ཤུད་འགྲན་བསྡུར་ལ་ཟེར། སྣ་མང་འཁྱགས་ཤུད་ནི་ལུས་རྩལ་པས་རིང་ཞིང་སྲབ་པའི་ལྕགས་རིགས་གྲི་ལེབ་ལྷམ་མཐིལ་དུ་སྤྲད་པའི་འཁྱགས་ལྷམ(ལྷམ་ཡུ་རིང)གྱོན་པར་མ་ཟད། རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འཁྱགས་ཐོག་ཏུ་འཁྱགས་ཤུད་བྱེད་པའི་ལུས་རྩལ་ཞིག་ཡིན། ཨོ་རྩལ་འགྲན་ཚོགས་ཀྱི་སྣ་མང་འཁྱགས་ཤུད་ལ་རྣམ་གྲངས་བཞི་ཡོད་དེ། སྐྱེས་པའི་རྐྱང་ཤུད་དང་སྐྱེས་མའི་རྐྱང་ཤུད། མི་གཉིས་ཀྱི་མཉམ་ཤུད། འཁྱགས་པའི་སྟེང་གི་ཞབས་བྲོ་བཅས་ཡིན་ལ་དེ་དག་ཚང་མ་ཁང་པའི་ནང་དུ་སྤེལ་བཞིན་ཡོད།

རིགས་དབྱེ།